ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དགུ་ཐུག | 2012/2/21 12:51:00

   བོད་ཟླ་བཅུ་གཉིས་པའི་ཚེས་ཉི་ཤུ་དགུ་ཉིན་གྱི་དགོང་མོ་བོད་ཁུལ་མང་ཆེ་བར་ཁྱིམ་ཚང་ཚང་མར་ནང་མི་མཉམ་འཛོམས་ཀྱིས་དགུ་ཐུག་འཐུང་ཞིང་།  དེ་ནི་ལོ་གསར་གྱི་འགོ་ཚུགས་ལྟ་བུ་ཡིན།  ལོ་གསར་པའི་ནང་ཁྱིམ་ཚང་དུ་རྐྱེན་ངན་བར་ཆད་མི་འབྱུང་ཆེད་གཟན་ལ་མི་གཟུགས་ཀྱི་གླུད་བཟོས་ཏེ་རྫ་སྣོད་ཆག་དུམ་ནང་བཞག་དེ་ལ་ཆང་བུ་དང་།  ཇ་རོ།  སྦང་མ་སོགས་གླུད་རྫས།  སོག་མའི་ཀུ་རུ་ཁ་༼རྒྱ་གྲམ༽དགུ་བཅོས།  ཐུག་པ་བསྐོལ་སྐབས་གྲོ་ནས་སྲན་བཙོས་སོགས་བཟས་སྣ་དགུ་བཏབ་༼དགུ་རྫས་ཟེར༽གྲོ་ཞིབ་ལ་ཉི་ཟླ་དང་།  ཆོས་པོ་ཏི།  ཟེ་མ་ར་མགོ་སོགས་ཀྱི་དབྱིབས་བཅོས་པ།  ཟན་གྱི་ནང་སོལ་བ་དང་།  དཀར་ཡོལ། སི་པན་སོགས་བཏུམས་ནས་ཐུག་པ་འཐུང་སྐབས་དེ་དག་གང་ཞིག་དོན་པ་དེར་བསྟོད་སྨད་བྱེད་པ་དེ་ནི་མི་དེའི་རྣམ་ཀུན་གྱི་སྤྱོད་པ་མཚོན་པ་རེད་ཟེར།  མུན་རུབ་སྐབས་ནང་མི་ཞིག་གིས་སོག་མ་ཆག་པ་རིང་པོ་ཞིག་ལ་མེ་སྤར་ཏེ་མར་དོན་ཤོག  མར་དོན་ཤོག་ཅེས་འབོད་བཞིན་ཁང་མིག་ཚང་མའི་སྒོ་འཛུལ་ཙམ་བྱས་རྗེས་རྫ་ཆག་ནང་བཞག་པའི་གླུད་དེ་འཁྱེར་ནས་ཤོག་སྦག་སྤར་བཞིན་ལམ་གསུམ་མདོར་སྐྱེལ་གྱི་ཡོད།

རྩོམ་པ་པོ།༼ མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས།

Re:དགུ་ཐུག | 2012/2/21 19:24:17
jiuxieཅུང་ཙམ་ཉུང་འདུག་སྙམ། མགོ་ལོག་པས།
རྩོམ་པ་པོ།:jiuxie | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:དགུ་ཐུག | 2012/2/21 13:05:23
སྐུ་མགྲོན་H4Co26(སྐུ་མགྲོན)གྲོགས་པོ་ལགས་བདེ་མོ་ཡིན་ནམ། རྐྱེན་གང་མང་ཞིག་གི་ད་བར་འབྲེལ་གཏུགས་བྱེད་མ་ཐུབ་ཐལ། བློ་མིག་གིས།
རྩོམ་པ་པོ།:སྐུ་མགྲོན་H4Co26(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.