ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཧཱུྃ་ཆེན་འགྲོ་འདུལ་གླིང་བའི་གདམས་པ་ཞིག  | 2012/2/20 16:27:00

བོང་བུའི་སེང་སླག་གོན་འདྲའི་བླ་མ་ཚོ་ཉོན་དང་། །
འགྲོ་འདྲེན་ནུས་པའི་གདམས་ངག་ཟབ་པོ་ཞིག་མེད་ན། །
མི་ཚེ་དཀོར་ལ་བསྐྱལ་ཞིང་ཆོས་བརྒྱད་ཀྱི་སྣང་བས། །
བདག་གཞན་གཉིས་ཕུང་བྱེད་པའི་བླ་ངན་དེས་ཅི་བྱ། །
སོལ་བ་དར་བཏུམ་ལྟ་བུའི་གྲྭ་བ་ཚོ་ཉོན་དང་། །
སྡོམ་གསུམ་སྣེ་གཅིག་མི་བསྲུང་དཀོན་མཆོག་གི་དྲིན་ཟ། །
ལམ་འདྲེན་བླ་མར་མི་བསྟེན་ང་རྒྱལ་གྱི་རློམ་སེམས། །
འཁོར་འཁྱམས་སྐྱ་སེར་ནོར་བའི་གྲྭ་ངན་དེའི་ཅི་བྱ། །
དད་འདུན་གློ་བ་བཙོས་འདྲའི་འཁོར་བ་པ་ཉོན་དང་། །
དགྲ་དགའ་རང་སྡུག་རྒྱུ་བསོགས་མཆོད་སྦྱིན་ནི་མི་ཐོངས། །
དགེ་མེད་སྡིག་པ་བསོགས་ཤིང་རྣམ་སྨིན་ནི་ཇེ་ལྕི། །
བདེ་འདོད་སྡུག་བསྔལ་ཟིན་མེད་འཁོར་ངན་དེའི་ཅི་བྱ། །
སྤྱན་མིག་ཡར་ལྟོས་ཅན་གྱི་གྲོགས་པོ་རྣམས་གསོན་དང་། །
ཡ་རབས་སྤྱོད་ལམ་གོང་མའི་མཛད་སྲོལ་བཞིན་མ་གཏོགས། །
སྤྲང་སྨྱོན་བདག་འདྲའི་ལས་སྤྱོད་དེ་འདྲ་ནི་དགོས་མེད། །
ཐར་མེད་དམྱལ་བའི་གཏིང་རྡོ་རང་ཐོག་ཏུ་ལྷུང་འོང་། །
ཞེས་ཧཱུྃ་ཆེན་འགྲོ་འདུལ་གླིང་བས་གདམས་པ་དགེའོ། །
སྨྲས་པ། ལུས་རྩེད་མོ་མ་སྤྱོད་ཕྱག་བསྐོར་འབུངས། །
ངག་གཏམ་ལ་མ་ཡེངས་འདོན་བརྗོད་མཛོད། །
ཡིད་མི་ཚང་མ་དད་སྟོང་ཉིད་བསྒོམས། །
ལ་དུས་ཀུན་གཞན་སྐྱོན་མ་བཏགས་ནས། །
ཁ་ནང་བསྐོར་ཡོན་ཏན་ཅི་འདུག་ལྟོས། །
ཞེས་ཧཱུྃ་ཆེས་པས།

༢༠༡༡ལོའི་༼མུ་ཁྲི་བཙན་པོ༽ལས་བཤུས།

Re:ཧཱུྃ་ཆེན་འགྲོ་འདུལ་གླིང་བའི་གདམས་པ་ཞིག | 2012/2/25 23:10:16
སྐུ་མགྲོན་1h8Jbn(སྐུ་མགྲོན)གྲོགས་པོ་ལགས་ཞལ་གདམས་གནད་ཐོག་མཛུབ་བཙུག་སྤེལ་བ་བཀའ་དྲིན་ཆེ་ཞུ།གཙང་ཚས་སྤྲིན་གྱི་མཁར་ནང་ནས་ཕུལ།
རྩོམ་པ་པོ།:སྐུ་མགྲོན་1h8Jbn(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཧཱུྃ་ཆེན་འགྲོ་འདུལ་གླིང་བའི་གདམས་པ་ཞིག | 2012/2/23 15:22:34
སྐུ་མགྲོན་KOFr3V(སྐུ་མགྲོན)ངག་གཏམ་ལ་མ་ཡེངས་འདོན་བརྗོད་མཛོད། །
ལ་དུས་ཀུན་གཞན་སྐྱོན་མ་བཏགས་ནས། །
ཁ་ནང་བསྐོར་ཡོན་ཏན་ཅི་འདུག་ལྟོས། །
ཁྱོད་ཀྱང་དེར་ཐལ། དེའི་ཕྱིར་ཟེར་ན། འཁོར་གསུམ་ཟེར་ན་དེས་ལན་ཅི་འདེབས།
རྩོམ་པ་པོ།:སྐུ་མགྲོན་KOFr3V(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཧཱུྃ་ཆེན་འགྲོ་འདུལ་གླིང་བའི་གདམས་པ་ཞིག | 2012/2/20 21:29:15
སྐུ་མགྲོན་230Ner(སྐུ་མགྲོན)རིན་སྤུངས་ལགས། གནད་ལ་ཁེལ་བའི་ཤ་ཐོག་གི་མེ་རྩ་ལྟ་བུའི་གདམས་དོན་དོན་དེ་དག་རང་གཞན་སེར་གཟུགས་སྐྱ་སེར་ཚང་མའི་སྙིགས་དུས་སྐབས་འདིར་ཐུགས་ལ་འཛིན་དགོས་རྒྱུ་གལ་པོ་ཆེ་བ་ཡིན་ནོ།
རྩོམ་པ་པོ།:སྐུ་མགྲོན་230Ner(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.