༧མཁས་པའི་དབང་བོ་བོན་བརྒྱ་རིན་པོ་ཆེ་ཞལ་མཇལ་སྐབས།
དགེ༵་ཚོགས་མ་ལུས་འབྱུང་གནས་དཔྱིད་ཀྱི་དཔལ།།
ལེ༵གས་བཤད་ངག་གི་ཟློས་གར་བསྒྱུར་མཛད་པའི། །
ལྷུ༵ན་གྲུ༵བ་ཀ་དག་རིག་མདངས་མངོན་ཤར་བ། །
རྒྱ༵་ཆེ་བསྟན་པའི་མཚོ༵་ལ་གསོལ་བ་འདེབས། །
བསྟན་པའི་སྙིང་བོ་ལུང་རྟོགས་བོན་གྱི་མཛོད། །
ཡང་སྙིང་བླ་མེད་ཐེག་པའི་བང་རིམ་རྩེར། །
ཡོངས་སུ་འཛིན་པའི་དགེ་ལེགས་དཔལ་ཕྱུག་པའི། །
ལྷུན་གྲུབ་རྒྱ་མཚོ་མཆོག་ལ་གུ་དུན་ཧྲུན། །
ཕྱི་ཡི་ཕར་ཕྱིན་ཐེག་པའི་གཞི་ཡི་བརྟན། །
ནང་གི་གསང་སྔགས་བསྒྱུར་བའི་ལམ་ཡངས་པོ། །
གསང་བའི་ཡང་རྩེ་བླ་མེད་ལྟ་བའི་གདེང་། །
ཡང་གསང་སེམས་ཉིད་འོད་གསལ་ལྷུན་གྲུབ་འཛིན། །
གངས་རིའི་མུ་ཏིག་ཡོངས་བསྐོར་ཁ་བའི་ཞིང་། །
གངས་དཀར་རང་མདངས་འཛིན་པའི་དྲུང་མུ་གྱེར། །
གངས་རིའི་འོད་ཀྱིས་འཁྱུད་པའི་འཛམ་གླིང་ན། །
གངས་སེང་ངར་སྐད་སྒྲོག་པ་ཁྱེད་ལ་འདུད། །
བོན་བན་གྲུབ་མཐའ་འཐབ་རྩོད་མི་འཐད་ཀྱང་། །
བོན་ལ་སྡང་བའི་ཕྱོགས་འཛིན་སྡེ་འགའ་ཡིས། །
བོན་བསྟན་ཁུངས་མེད་སྒྲུབ་པའི་ལོག་རྟོག་ཀུན། །
བོན་དབྱངས་ལུང་རིགས་བྱེ་བས་ཚར་ཐག་བཅད། །
རིས་མེད་བསྟན་པའི་རྒྱལ་མཚན་ཏོག་གི་རྒྱན། །
རིང་ནས་ཐུགས་བསྐྱེད་ལྷག་བསམ་གཞི་བརྟན་པའི། །
གང་གི་ཐུགས་བསྐྱེད་ལེགས་ལམ་ཡོང་བཞིན་དུ། །
ཞབས་པད་ཇི་སྲིད་བསྐལ་བརྒྱར་བརྟན་པར་ཤོག །
ཞེས་མཁས་པའི་དབང་བོ་བོན་བརྒྱ་རིན་པོ་ཆེ་མཇའ་བའི་སྐལ་བ་བྱུང་བའི་རྟེན་དོད་དུ་རིན་སྤུངས་ཚུལ་བསྟན་ནམ་པཎ་ཙ་ཚུལ་ཁྲིམས་བསྟན་འཛིན་ནས་གུས་པས་ཕུལ་དགེའོ།
- ཟིན་ཐོ་གོང་མ།སེམས་ཀྱི་རྨ་ཁ།
- ཟིན་ཐོ་འོག་མ།ཉྭ་ནག་པ་བ་རེས་ཀྱི་སྙན་ངག ༡ ཤེས་རིག་འོད་ཀྱི་འབྱུང་ཁུངས།