ཧི་བོན་ཟིན་བྲིས།
རིན་སྤུངས་པའི་གདན་ས།
སྤྱི་བསྒྲགས།
    ཧི་མ་ལ་ཡའི་བོན་དྲ་བའི་ཡན་ལག་ཧི་བོན་ཟིན་བྲིས་ལ་གནས་ཚུལ་གང་ཡོད་འབྲེལ་བ་བྱོས། ཚང་མར་བཀྲ་ཤིས་བདེ་ལེགས།
ལི་ཐོ།
    <<  < 2021 - >  >>
    1234
    567891011
    12131415161718
    19202122232425
    2627282930
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
རྗེས་དྲན་འོད་སྣང༌། | 2011/6/17 23:29:00

ཀ་ཡེ་ཁ་བ་རི་པའི་འདྲེན་པ་མཆོག

ག་ཡང་ང་ཚོས་བརྗེ་ཐབས་དང་བྲལ་ཞིང༌།

ཅ་དག་ཆ་མེད་མི་ཡི་གདོང་ལྔ་བ།

ཇ་ཚད་ཉ་གང་ཟླར་འགྲན་རིན་པོ་ཆེ།

ཏ་ལེར་ཐ་དད་གདུལ་བྱའི་མོས་སྣང་བཞིན།

ད་ཙམ་ན་ཡང་གང་ལ་གང་འདུལ་བ།

པ་སངས་ཕ་ལམ་ཇི་བཞིན་རང་མདངས་ཀྱིས།

བ་སོགས་མ་ལུས་སེམས་ཅན་བདེ་གནས་བཀོད།

ཙ་རེ་ཚ་ཟེར་ཅན་ལྟར་འོད་སྟོང་གིས།

ཛ་ལང་ཝ་ལེར་ངན་སྤྱོད་རབ་བདོའི་དུས།

ཞྭ་སེར་ཟ་ཧོར་མཁན་པོའི་བསྟན་སྙིང་སོགས།

འ་ཅག་ཡ་རབས་བསྟན་མཆོག་ཕྱོགས་ཀུན་སྤེལ།

ར་ལུག་ལ་སོགས་ཉམ་ཐག་འགྲོ་བ་ཀུན།

ཤ་ཚ་ས་གསེར་ལྟ་བའི་བྱང་སེམས་ཀྱིས།

ཧ་ཅང་ཨ་འཐས་གདུལ་བྱ་དེ་དག་ཀུན།

ཧ་ལམ་ཨ་ལགས་གོ་འཕང་མངོན་གྱུར་མཛད།

བློ་བཟང་རྒྱལ་བའི་བསྟན་དང་གངས་ལྗོངས་དོན།

འཕྲིན་ལས་མཁར་ཁྱབ་སེམས་ཅན་བདེ་བཀོད་དུ།

ལྷུན་གྱིས་གྲུབ་པའི་བློ་གྲོས་འོད་སྟོང་གིས།

རྒྱལ་མཚན་བཞིན་དུ་ནམ་ཡང་ནུབ་མེད་ཤོག

Re:རྗེས་དྲན་འོད་སྣང༌། | 2011/6/18 18:14:27
tibetmonkཁམས་བཟང་། བཀྲ་ཤིས་བདེ་ལེགས་ཞུ།
ཐོ་འགོད་ཀྱི་ཆ་རྐྱེན་འབྱོར་མ་བྱུང་ལགས།
ཡང་བསྐྱར་བསྐུར་རོགས་གནང་།
Re:རྗེས་དྲན་འོད་སྣང༌། | 2011/6/17 23:45:34
danzengyixiཤིན་ཏུ་ནས་ལེགས་པོ་ཞིག་སྤེལ་འདུག
རྒན་ལགས་ཁྱེད་ཀྱི་ཡིག་སྒམ་དུ་ཧི་བོན་ཟིན་བྲིས་སུ་ཞུགས་ཆོག་པའི་ཆ་ རྐྱེན་ཞིག་སྐུར་ཡོད། དེ་འབྱོར་འདུག་གམ་གཅིག་གཟིགས་རོགས་གནང་། བུ་དེ་ངེད་གཉིས་ཕ་ཡུལ་གཅིག་པ་རེད།
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.