ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༼གུར་གུམ་ཆུན་པོ༽ལ་ཕུལ་བའི་ལྷ་དར། | 2011/5/19 23:15:00

དེ་ཡང་ང་ཚོ་བོད་གངས་ཅན་པ་ལ་མཚོན་ན་དུས་དེབ་བམ་ལོ་དེབ། ཚགས་པར་སོགས་དར་ཚུལ་ལ་མི་རིགས་གཞན་དག་ལ་ལྟོས་ན་ཆེས་དུས་ཚོད་ཐུང་བ་ཞིག་ཡིན་པ་ལ། ང་ཚོའི་གཞུང་སྒེར་གྱིས་གཉེར་བའི་དུས་ནི། ཡར་སྔོན་གྱི་ལོ་བཅུ་ཕྲག་འགའ་ནས་ཁྱབ་སྤེལ་དུ་ཕྱིན་པའམ་གསར་དུ་བསྐྲུན་པའམ་གསར་གཏོད་བྱས་པ་ཞིག་ཡིན། ང་ཚོ་ལོ་དེབ་དང་དུས་དེབ་གང་མང་ཞིག་ནི་ད་དུང་ནར་མ་སོན་པའི་བྱིས་པ་ཞིག་དང་གཅིག་མཚུངས་སུ་གྱུར་ཡོད། དེ་ལ་ང་ཚོའི་གཞུང་དང་སྒེར་ནས་གཙོ་གཉེར་བྱས་པའི་ཚགས་དེབ་སོགས་ནི་ད་བར་དུ་མཚོན་ན་ལོ་ངོ་ཉི་ཤུ་དང་སུམ་བཅུ་ཡས་མས་ལས་སོང་མེད་ལ། དེ་ལ་འདིར་གླེང་བ་བྱ་བ་ལ་སྒེར་གཉེར་གྱི་ལོ་དེབ་སྐོར་ཡིན་པས། ང་ཚོ་སྒེར་གཉེར་གྱི་དུས་དེབ་བམ་ལོ་དེབ་ནི་གཞུང་གཉེར་གྱི་དུས་དེབ་དག་་ལས་ཀྱང་ཆེས་དུས་ཚོད་ཐུང་ངུ་ཞིག་ལས་སོང་མེད་པ་རེད། དེ་ལས་ང་ཚོའི་སྒེར་གཉེར་ཚགས་དེབ་དག་ལས་ཆེས་འབུར་དུ་ཐོན་པ་སྟེ། ང་ཚོ་རྒྱལ་ཕྱི་ནང་ཀུན་ཏུ་བཞུགས་པའི་བོད་རིགས་སྤུན་ཟླ་དག་གིས་དགའ་བསུ་དང་གདེང་འཇོག་ཆེན་པོ་ཐོབ་པའི་ལོ་དེབ་ཐོག་མ་སྟེ་༼གུར་གུམ་ཆུན་པོ༽ནི་དང་ཐོག་ང་ཚོ་དགེ་འདུན་པའི་འདུས་སྡེ་ནས་མཚར་ལོངས་བྱུང་ཞིང་། དེང་གི་སྐབས་སུ་ཕྱི་ནང་གི་རིག་པའི་གནས་ཀུན་ལ་སྤྱན་དཀྱུས་རིང་བའི་དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་དང་། དེ་བཞིན་སྙན་ངག་པ་ཆེན་མོ་ཨར་མའི་དགའ་བ་རྒྱ་མཚོ་མཆོག་གཉིས་གཙོས་པའི་དགེ་འདུན་པ་རེ་གཉིས་ཀྱིས་གཙོ་གཉེར་གནང་བ་ཞིག་ཡིན། ཁོང་ཚོ་དཀའ་བའི་འཕྲང་རོང་དུ་མར་བརྒྱུད་དེ་ང་ཚོ་གངས་ཅན་པའི་མི་རབས་དག་ལ་འཇོག་པའི་ལེགས་སྐྱེས་ལེགས་ཤོས་ཤིག་རེད། སྤྱིར་དུས་དེབ་བམ་ལོ་དེབ་སོགས་སྒྲིག་པ་ལ་སྤྱིར་བཅུ་ཕྲག་རིག་པའི་གནས་སྤྱིར་དང་ཁྱད་པར་དུ་དུས་རབས་དང་མཐུན་པའི་རིག་གནས་དང་ལྡན་དགོས་པ་མ་ཟད། ཡང་ཁྱད་དུས་དེབ་ཀྱི་ཁ་ཕྱོགས་ཀྱི་རིག་གནས་ལ་མཁྱེན་རྒྱ་དང་སྤྱན་དཀྱུས་རིང་དགོས་པ་ནི་སྨྲོས་མ་དགོས་པ་ཞིག་རེད། ད་དུང་པར་བསྐྲུན་གྱི་ཆ་རྐྱེན་གཙོ་བོ་སྟེ། འགྲོ་སོང་ཐད་ལའང་ཕྱོགས་གང་ཐད་ནས་དཀའ་ཁག་གི་ལམ་བུར་དུ་མར་བརྒལ་ནས་ཡོང་བ་ཡིན་པ་ནི་ང་ཚོ་ཚང་མས་ཤེས་ས་ལྟར་རེད། སྒེར་གཉེར་ལོ་དེབ་འདི་ཉིད་ལ་ཡང་དེ་འདྲའི་དཀའ་ལམ་རིང་མོ་མྱོང་བ་ནི་དེ་ལས་ཀྱང་སྨྲོས་མེད་ཞིག་ཡིན་པར་སེམས། དེང་གི་སྐབས་སུ་མཚོན་ན་བོད་མདོ་དབུས་ཁམས་གསུམ་སོགས་ག་ས་ག་ནས་སྒེར་གཉེར་གྱི་དུས་དེབ་སྤང་ལ་ཤ་མོང་རྡོལ་བ་བཞིན་གཅིག་རྗེས་སུ་གཅིག་བརྡོལ་བཞིན་ཡོད་མོད། དེ་དག་གིས་ང་ཚོ་བོད་གངས་ཅན་པའི་སྒེར་གཉེར་ལོ་དེབ་ཐོག་མ༼གུར་གུམ་ཆུན་པོ༽ལྟ་བུ་ཞིག་ཕྱོགས་གང་ཐད་ནས་ལྟོས་ན་མཐུས་སྒོ་ཚང་བ་ཞིག་སླེབས་ཁག་པོ་རེད་ལ་ད་ལྟ་བར་དུ་དེ་འདྲ་ཞིག་མེད་པ་ལྟ་བུར་གྱུར་ཡོད། སྤྱིར་དེང་གི་ལོ་དེབ་བམ་དུས་དེབ་ཁ་ཤས་ལ་ནང་དོན་དང་ཁ་ཕྱོགས་དཔེ་ཡག་པོར་གྱུར་བ་ཡོད་མོད་ཀྱང་། འོན་ཀྱང་དེ་དག་ནི་ཕྱོགས་རེ་བ་ཞིག་ཏུ་གྱུར་ཡོད་ལ་༼གུར་གུམ་ཆུན་པོ༽ཇི་བཞིན་ཕྱོགས་ཀྱི་འཐུས་སྒོ་ཚང་བ་ཞིག་ད་དུང་སླེབས་མེད། སྒེར་གཉེར་ལོ་དེབ་ཐོག་མ༼གུར་གུམ་ཆུན་པོ༽ནི་དམངས་སྲོལ་རིག་གནས་ཀྱི་རྩ་བ་བརྟན་པོའི་ངང་ནས། དུས་རབས་ཀྱི་འཕེལ་ཁའི་རྩེ་མོ་རྒྱས་པ། ཡར་ཐོན་གྱི་གཤིས་ལུགས་ལ་ཕན་པ། སློབ་གསོའི་འཕེལ་རྒྱས་ཀྱི་ཐད་ལ་བསྐུལ་འདེབས་གཏོང་བ། རྩོམ་རིག་རིག་གནས་ཀྱི་དྲི་བསུང་ཐུལ་བ། དགག་སྒྲུབ་ཀྱི་ལུང་རིགས་ཀྱི་ཚན་ཁ་རྡོལ་བ། གསར་སྐྱེས་གཞོན་རབས་ཀྱི་ཞིང་ས་གཤིན་པོ་གྱུར་བ། ཆོས་ལུགས་རིག་གནས་ཀྱི་བྱིན་རླབས་ཆེ་བ་སོགས་ཀྱིས་མཐར་རྒྱན་ཅིང་། ཕྱོགས་དང་རིས་སུ་མ་ཆད་པའི་རྩོམ་པ་པོའི་དཔུང་ཁག་སྐྱེད་བསྲིང་གནང་བ་སོགས་ཀྱིས་རྐྱེན་པས། ང་ཚོ་གདོང་དམར་གངས་ཅན་པ་ལ་མཚོན་ན་ཆེས་བཀའ་དྲིན་ཆེ་བ་དང་བྱས་རྗེས་རླབས་པོ་ཆེ་འཇོག་མཁན་གྱི་ལོ་དེབ་ཞིག་ཡིན།  མཐར་ང་ཚོ་གངས་ཅན་པའི་རིག་གནས་ཀྱི་སྤེལ་ཁ་རྒྱས་ཤིང་། དུས་རབས་དང་མཐུན་པའི་ཁ་ཕྱོགས་ལྡན་པའི་དུས་དེབ་དང་ལོ་དེབ་གང་མང་ཞིག་བོད་ཀྱི་སྒེར་གཉེར་ལོ་དེབ་ཐོག་མ་༼གུར་གུམ་ཆུན་པོ༽ཇི་བཞིན་རྒྱས་པར་སྨོན་ཞིང་། ལྷག་པར་དུ་རྩོམ་སྒྲིག་པ་རྣམ་གཉིས་ཀྱི་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པའི་བཀྲ་ལ་ཤིས་པའི་རྟེན་འབྲེལ་གྱི་ཁ་གཡང་དང་བཅས་ཏེ་རིན་སྤུངས་ཚུལ་བསྟན་གྱིས་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་ནས་༢༠༡༠ལོའི་ཟླ༡༡ཚེས་༢༤ཉིན་ལ་བྲིས་པ་དགེའོ། །

Re:༼གུར་གུམ་ཆུན་པོ༽ལ་ཕུལ་བའི་ལྷ་དར། | 2011/5/21 19:14:41
tibetmonkགོང་གི་གྲོགས་པོ་རྣམ་གཉིས་ཕེབས་པར་དགའ་བསུ་ཞུ།
གུར་གུམ་ཆུན་པོའི་དྲ་ཚིགས་དེང་སྐབས་དམིགས་བསལ་མཐོང་མ་བྱུང་བས་དགོངས་དག་ཞུ་ཞུ།
རྩོམ་པ་པོ།:tibetmonk | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༼གུར་གུམ་ཆུན་པོ༽ལ་ཕུལ་བའི་ལྷ་དར། | 2011/5/20 11:51:11
སྐུ་མགྲོན་1Ja4DP(སྐུ་མགྲོན)ལོ་དེབ་འདི་བོན་དང་འབྲེལ་བའི་ལོ་དེབ་ཡིན་ན་ཧ་ཅང་བཟང་མོད།
རྩོམ་པ་པོ།:སྐུ་མགྲོན་1Ja4DP(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:༼གུར་གུམ་ཆུན་པོ༽ལ་ཕུལ་བའི་ལྷ་དར། | 2011/5/20 0:27:47
palzom2011(སྐུ་མགྲོན)གུར་གུམ་ཆུན་པོ་ཞེས་པའི་སྒེར་གཉེར་ལོ་དེབ་དེ་ངས་ནི་རྩ་བ་ནས་མཐོང་མ་མྱོང་། ཡིན་ནའང་ཁྱེད་ཀྱིས་གསུངས་པ་ལྟར་ན་ཡག་པོ་ཞིག་ཡོད་བཟོ་རེད། གལ་སྲིད་གུར་གུམ་ཆུན་པོའི་དྲ་ཚིགས་འདྲ་འདུག་ན་གཅིག་གནང་རོགས་གྱིས། ཉིད་ཀྱི་དགོངས་ལམ་པ་དེས།
རྩོམ་པ་པོ།:palzom2011(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.