ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དུས་དེབ་《རྨུ་ཐག་》སྟེང་གི་༼ཧི་མ་ལ་ཡའི་བོན་དྲ་ཚིགས།༽ | 2011/11/17 16:18:00

12-5.jpg
12-5.jpg
12-5.jpg

འོ་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། དེ་ཡང་《རྨུ་ཐག་དུས་དེབ་ནི་ལོ་རེ་ལ་འདོན་ཐེངས་གཉིས་རེ་བཏོན་པའི་དུས་དེབ་ཞིག་ཡིན་ལ།  དེ་ནི་པེ་ཅིང་གི་ཀྲུང་དབྱངས་མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག་དང་། ཚན་རྩལ་སློབ་གླིང་གི་བོད་རིགས་ཀྱི་དགེ་སློབ་དག་གིས་མཉམ་སྒྲུབ་བྱས་པའི་རྒྱལ་ནང་དུ་ཡོད་པའི་དུས་དེབ་སྐད་གྲགས་ཅན་ཞིག་ཡིན། ད་བར་དུ་དེབ་ཕྲེང་བཅུ་ཡན་པར་བསྐྲུན་བྱས་པ་དང་། ཀློག་པ་པོ་མང་བོས་དགའ་བསུ་བྱེད་བཞིན་པའི་སློབ་གླིང་གི་དུས་དེབ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད་དོ། །

དུས་དེབ་དེའི་དེབ་བརྒྱད་པའི་ནང་ལ་ང་ཚོ་ཐུན་མོངས་ལ་དབང་བའི་གཡུང་དྲུང་བོན་དང་འབྲེལ་བའི་དྲ་ཚིགས་༼ཧི་མ་ལ་ཡའི་བོན༽འདི་ཉིད་མཚམས་སྦྱོར་བྱས་ཡོད་པ་དང་། ད་ལོའི་དེབ་ལ་ཡང་གཡུང་དྲུང་བོན་དང་འབྲེལ་བའི་བོད་ཡིག་ཟིན་བྲིས་ཐོག་མ༼ཧི་བོན་ཟིན་བྲིས༽འདི་ཉིད་མཚམས་སྦྱོར་སོགས་བྱེད་རྩིས་འདུག་པས།

གནས་ཚུལ་འདི་ལ་བལྟས་ན་ཡང་ང་ཚོའི་གཡུང་དྲུང་བོན་གྱི་བསྟན་པའི་རིག་གཞུང་འདི་ལ་ཡང་སྤྱི་ཚོགས་ཀྱི་སློབ་གཉེར་བ་དང་། ཞིབ་འཇུག་པ། སློབ་ཆེན་པ་དང་། དགེ་རྒན། བོད་ཀྱི་རིག་གཞུང་ཚན་ཁག་དང་། ཞིབ་འཇུག་ཚོགས་པ་སོགས་ཀྱིས་དོ་སྣང་དང་ཞིབ་འཇུག་བྱེད་པའི་གནས་ཡུལ་དུ་གྱུར་བ་མཚོན་འདུག་པར་ངོས་འཛིན་བྱས་ན་ཡང་མི་འགྲིག་པ་མེད་སྙམ།

དེ་ལྟར་ཕྱོགས་དང་རིས་སུ་མ་ཆད་པའི་རྨུ་ཐག་དང་རྨུ་ཐག་ལྟ་བུའི་དུས་དེབ་དང་ཚགས་པར་སོགས་ཀྱིས་ཀྱང་ང་ཚོའི་གཞུང་ལུགས་དང་གྲུབ་མཐའ་སོགས་ལ་ཞབས་ཞུ་འདེགས་པ་ལ་ཡང་བཀའ་དྲིན་དང་བསྟོད་བསྔགས་ཀྱང་བྱེད་བཞིན་ཡོད།

ཞེས་རྨུ་ཐག་རྩོམ་སྒྲིག་པས་༼ཧི་བོན་ཟིན་བྲིས༽རྨུ་ཐགསྟེང་ལ་མཚམས་སྦྱོར་བྱེད་དགོས་ཞེས་པའི་བརྡ་འབྱོར་བ་དང་བྲིས་པའོ། །

Re:དུས་དེབ་《རྨུ་ཐག་》སྟེང་གི་༼ཧི་མ་ལ་ཡའི་བོན་དྲ་ཚིགས།༽ | 2011/11/18 19:11:26
སྐུ་མགྲོན་2k0Meq(སྐུ་མགྲོན)搬︽涤邦︽伴罢搬办︽伴戳罢︽办邦伴︽︽
རྩོམ་པ་པོ།:སྐུ་མགྲོན་2k0Meq(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.