རིན་སྤུངས་པའི་གདན་ས།
སྤྱི་བསྒྲགས།
ཧི་མ་ལ་ཡའི་བོན་དྲ་བའི་ཡན་ལག་ཧི་བོན་ཟིན་བྲིས་ལ་གནས་ཚུལ་གང་ཡོད་འབྲེལ་བ་བྱོས། ཚང་མར་བཀྲ་ཤིས་བདེ་ལེགས།
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
གཤེན་རིན་པོ་ཆེའི་གསོལ་འདེབས། | 2011/10/19 11:10:00
5
༄༅། ། ཨེ་མ་ཧོ། མཁའ་སྤྱོད་གྲུབ་བརྒྱའི་ཐུགས་དགོངས་གཅིག་བསྡུས་ཆེ། །
བསྟན་འགྲོའི་དཔལ་ཤར་གཤེན་སྲས་དབང་རྒྱལ་མཚན། །
གངས་ཅན་མུན་པའི་གསལ་སྒྲོན་གུས་གསོལ་འདེབས། །
ཞབས་པད་གེགས་མེད་བསྐལ་བརྒྱར་རྟག་བརྟན་ཤོག །
ཅེས་དམུ་རྒྱལ་བསྟན་གཙོའི་མགོན་པོའི་གདུང་སྲས་རིན་པོ་ཆེའི་གསོལ་འདེབས་འདི་ནི། གཡུང་དྲུང་བདེ་ཆེན་གླིང་གི་འདུས་གྲྭ་དྲི་མེད་གཡུང་དྲུང་མིང་དེས་སོར་བཅུ་སྤྱི་བོར་སྦྱར་ཏེ་སྒོ་གསུམ་ཆིག་སྒྲིལ་ངང་ཕུལ་བས་གཤེན་བསྟན་ཕྱོགས་བཅུར་རྒྱས་པའི་རྒྱུར་གྱུར་ཅིག།
རྩོམ་པ་པོ།:རིན་སྤུངས། | བལྟ་ཀློག(669) | ལན་སློག(3) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།སེམས་པ་ལྷོངས་སུ་གྱུར་བའི་རྟོག་སྣང་ཞིག
- ཟིན་ཐོ་འོག་མ།ཟིན་ཐོའི་དཔྱད་གཏམ་བཞི་བཅུ་ཡན་གཟིགས་སྟངས།
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།


རྒྱ་ཡིག་ཐོག་བོན་ལ་འགྲེལ་བཤད་བྱས།བན་བོན་བར་ལ་དོན་མེད་དཀྲུག ལོག་བཤད་ལངས་ཤོར་ལ་མཁར་ནག་པས་ལུང་རིགས་ཚད་མའི་རྔ་སྒྲས་རྒོལ་ལན་ཕུལ།ཧི་མ་ལ་ཡའི་དྲ་བར་བཀོད་།ད་དུང་ཁོང་གཉིས་ནས་ཁྱེད་ཀྱི་བསྒྱུར་བཅོས་དང་གཏམ་ལེན་ལ་སྒུགས་ཡོད་སྐད་འདུག།ད་ནི་ཁོང་དང་ཁོང་འདྲ་བའི་བླ་དཔོན་རྣམས་པ་ལགས།ཆོས་སྲིད་འགྲེས་པའི་ལམ་ལུགས་སམ་དམིགས་ཡུལ་རྒྱང་དུ་དོར་ནས་ཁ་ཙམ་མ་ཡིན་པའི་མཐུན་སྒྲིལ་གཞན་ཕན་ཐབས་ལམ་གྱི་མགོ་འདྲེན་བྱེད་ནུས་ན་རབ་མ་བྱུང་ནའང་དམ་པ་གོང་མའི་ཆོས་ཀྱི་བརྒྱུད་འཛིན་གཤའ་མ་ཞིག་བྱས་ན་མི་ལེགས་སམ།མ་ཟད་ཆོས་སྲིད་ཉ་ཉུག་མཉམ་བསྲེ་བྱས་ན་ཆོས་སྡིག་ལ་འགྲེས་ན་དམ་ཚིག་ཉམས།སྲིད་ཆོས་ལ་འགྲེས་པས་རྗེས་ལུས་གྱུར་བའི་ལོ་རྒྱུས་འབའ་ཞིག་འདུག ཡང་གཞན་ཡུལ་དུ་འགྲོ་དོན་ཆེ་བའི་སྤྲུལ་སྐུ་རྣམས་ལ་ཞུ་རྒྱུར།ང་ཚོ་བོད་ཀྱི་ཆོས་བརྒྱུད་ཐམས་ཅད་ཀྱི་དམིགས་ཡུལ་ངོ་མ་ནི་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་བྲལ་སྟེ་མཐར་ཐུགས་བདེ་བ་ཐོབ་པའི་ཐབས་ལམ་ཡིན་པ།དེ་ནང་བཞིན་ཐོག་མར་སོ་སོའི་གཞུང་ལུགས་ལ་ཐོས་བསམ་སྒོམ་གསུམ་ཉམས་ལེན་མཐར་ཕྱིན་པ་གནང་རྗེས་སྔོན་འགྲོ་དང་དངོས་གཞི་༼དཔེར་ན་ཚེ་མི་རྟག་ལས་རྒྱུ་འབྲས་དགེ་སྒྲུབ་སྡིག་དཔང་སྐྱབས་འགྲོ་སེམས་བསྐྱེད་ཕྱག་བཤགས་མཆོད་འབུལ་གསོལ་འདེབས་འཕོ་བ་ལྟ་སྒོམ་ཉམས་