སྣང་ཞིག་དོ་འཕགས་ཆེན་པོའི་གདུང་འཛིན་ཀུན་དགའ་རྒྱལ་མཚན་ནི། རྟོགས་པ་ཐེག་ཆེན་བླ་མེད་ཡང་རྩེ་ཐུགས་ལ་ས་ལེ་མཁྱེན་གཉིས་ཀྱི་སྤངས་རྟོགས་མཐར་ཐུག་ལ་མངའ་བརྙེས་ཤིང་གྲུབ་པའི་རང་དབང་ཐོབ་པའི་དངུལ་སྐུའི་རྟེན་དེ་ལ་བབ་པའི་མཚན་སྲིད་པ་གསུམ་དུ་ཁྱབ་སྟེ། དོ་འཕགས་ཆེན་པོའི་རིང་བསྲེལ་ཤ་རིའམ་བྱ་ལྕོ་ཀའི་སྒོ་ང་ཙམ་རྟེན་ནང་དུ་བཞུགས་པས། དངུལ་སྐུ་ཚང་གིས་འགྲོ་དོན་ཕྱོགས་མེད་དུ་མཛད་པ་ལ། ཉིན་ཞིག་རྨ་ཆུ་ཕ་རིའི་འགོ་བ་ཁྲི་ཆེན་ཚང་གི་མི་ཞིག་འཆི་བས་བླ་མ་དང་གྲྭ་བ་གཉིས་གདན་དྲངས་པའི་ལམ་ལ། ཆུ་ལ་རྐྱལ་ནས་རྟེན་མཆོག་ཆུ་ལ་ལྷུང་སོང་། ལོ་གསུམ་བར་དུ་ཀླུ་ཡུལ་དུ་འགྲོ་དོན་མཛད། ཉིན་ཞིག་ལ་རྨ་ཆུ་ཁ་ལ་འཇའ་གུར་ཕུབ་པ་ལ་འགོ་བ་ཚང་གིས་གཡོག་མོ་ཤིག་མངགས་ཏེ་བལྟས་ཚེ་དངུལ་སྐུ་ཆུ་ཡི་སྟེང་དུ་གསལ་ལེ་འདུག་གོ། རྟེན་མཆོགཁྱད་པར་ཅན་དེ་ལ་གསོལ་བ་བཏབ་ན་མི་ཕྱུགས་ཀུན་གྱི་ནད་ཡམས་དང་རྐྱེན་ངན་འཕྲལ་ཡུན་གྱི་མི་འདོད་པའི་ཉེར་འཚེའི་རིགས་ཀུན་ཡོངས་སུ་ཞི་བར་ཐེ་ཚོམ་མེད་དོ། །
- ཟིན་ཐོ་གོང་མ།སྨིན་དྲུག་གིས་༼གངས་ཏི་སེ་བོན་གཞུང་རིག་མཛོད༽ལ་ཕུལ་བའི་ཤིས་ཚིག
- ཟིན་ཐོ་འོག་མ།༡ འདམ་སྟོན་པའི་མགུར་མ་བཞུགས།