ཉིན་ལྔའི་རྗེས་གོ་ལའི་མི་འབོར་ཐེར་འབུམ་༧ ཆགས་རྒྱུ།
དེ་
རིང་ནས་ཉིན་ལྔའི་རྗེས་གོ་ལོའི་མི་འབོར་ཐེར་འབུམ་༧ ཆགས་རྒྱུ་ཡིན་པ་དང་།
མི་འབོར་འཕེལ་རྒྱས་ནི་འགྲོ་བ་མིའི་ནུས་ཤུགས་ཡིན་པས་གོ་སྐབས་དེ་བཟུང་ནས།
ན་གཞོན་རྣམས་ཀྱི་གཟུགས་པོའི་འཕྲོད་བསྟེན་དང་ནང་བསམ་བློའི་ཤེས་ཡོན་གཉིས་གོང་
མཐོར་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱེད་དགོས་ཞེས་འཛམ་གླིང་མཉམ་འབྲེལ་རྒྱལ་
ཚོགས་ནས་སྤེལ་འདུག
དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་འབོར་ཐེབས་རྩའི་སྤྱི་ཁྱབ་འགན་འཛིན་བྷ་
བྷ་ཏུན་ཨོསོ་ཏི་མ་ཧེན་གྱིས་བརྗོད་དོན།
“ང་ཚོས་མི་འབོར་འཕེལ་རྒྱས་ཀྱི་གོ་སྐབས་དེ་ངེས་པར་དུ་བཟུང་ནས།
ན་གཞོན་རྣམས་ཀྱི་ཤེས་ཡོན་དང་འཕྲོད་བསྟེན་གཉིས་ཀྱི་ཐོག་རང་གི་ནུས་ཤུགས་ཡོད་
རྒྱུ་འདོན་ཐུབ་ཚེ།
ན་གཞོན་རང་ཉིད་ཀྱི་ཁེ་ཕན་ཙམ་དུ་མ་ཟད་གོ་ལོའི་འབྱུང་འགྱུར་གྱི་དཔལ་འབྱོར་
འཛུགས་སྐྲུན་གྱི་ཁེ་ཕན་ཡང་ཁོང་ཚོས་ལོངས་སུ་སྤྱོད་ཐུབ་ངེས་ཤིག་ཀྱང་ཡིན་”ཞེས་
བརྗོད་ཡོད་པ་རེད།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་འབོར་ཐེབས་རྩའི་བཏོན་པའི་༢༠༡༡
གོ་ལོའི་མི་འབོར་གྱི་གནས་བབས་ཞེས་པའི་ཟིན་ཐོའི་ནང་“སྤྱིར་མི་འབོར་འཕེལ་
རྒྱས་དེ་འགྲོ་བ་མིའི་མི་ཚེ་རིང་དུ་སོང་ཡོད་པ་དང་།
ཕྲུ་གུ་འཚོ་གནས་ཀྱི་གནས་སྟངས་སོགས་སྔར་ལས་ལེགས་པར་ཕྱིན་པའི་མངོན་རྟགས་བཟང་
པོ་ཞིག་ཡིན་མོད།
ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་ནང་ད་དུང་ཡང་སྐྱེས་ཕོ་མོ་གཉིས་ཀྱི་བར་
རང་དབང་འདྲ་མཉམ་དང་འགན་དབང་མཉམ་འཁུར་གྱི་བར་ཐག་ལ་འཕོ་འགྱུར་དེ་ཙམ་སོང་
མེད་”ཅེས་འཁོད་འདུག
འཛམ་གླིང་རྒྱལ་ཁབ་སྐྱོ་ཤོས་ཁག་ཅིག་གི་ནང་བྱིས་པའི་སྐྱེས་འབོར་གྱི་གྲང་
ཚད་མཐོན་པོ་ཡིན་པས།
རྒྱལ་ཁབ་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་གཉིས་ལ་འགོག་རྐྱེན་ཆེན་པོ་བཟོ་
ཡི་ཡོད་པ་དང་།
ཡང་འབྱོར་ལྡན་རྒྱལ་ཁབ་ཁག་ཅིག་གི་ནང་བྱིས་པ་སྐྱེས་འབོར་གྱི་གྲང་ཚད་ཧ་ཅང་དམའ་
བས་དཔལ་འབྱོར་འཛུགས་སྐྲུན་དེ་རྒྱུན་བསྲིང་ཐུབ་མིན་ཐེ་ཚེམ་གྱི་གནས་སྟངས་
སོགས་རང་བཞིན་གྱིས་སླེབས་པ་རེད་ཅེས་ཀྱང་ཟིན་བྲིས་ནང་གསལ་འདུག
ཐེར་འབུམ་བདུན་ཙམ་གྱི་མི་འབོར་གྱི་ནང་ནས་བྱིས་པ་ལོ་༡༠ ནས་དར་མ་ལོ་༢༤
གྱི་གྲང་ཚད་དེ་ཐེར་འབུམ་༡.༨ ཆགས་ཀྱི་ཡོད་པས།
ང་ཚོས་ངེས་པར་དུ་ཕྲུ་གུ་ཚོར་ལུས་འབྲེལ་གྱི་ཤེས་ཡོན་སློབ་གསོ་དང་སྲིན་འབུ་
ནད་རིགས་ཀྱི་སློབ་གསོ།
དེ་བཞིན་སྐྱེས་སྒོོ་འགོག་ཐབས་སོགས་ཀྱི་ཤེས་ཡོན་སློབ་གསོ་སྤེལ་རྒྱུ་ལ་དོ་
སྣང་སྔར་ལྷག་སྤེལ་དགོས་ཞེས་འཁོད་འདུག །