ལི་ཤིའི་གུར་ཁང་།
                                རང་མོས་གླེང་སྟེགས།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
སྨོན་ལམ་ཚིག་མཛོད་Android མ་ལག་ནང་དངAndroid Samsung Mobileམ་ལག་ནང་ལེགས་འགྲུབ་བྱུང 
[ 2011/12/28 8:05:00 | By: ལི་ཤི། ]
 

སྨོན་ལམ་ཚིག་མཛོད་Android མ་ལག་ནང་དངAndroid Samsung Mobileམ་ལག་ནང་ལེགས་འགྲུབ་བྱུང་བ།


བློ་བཟང་སྨོན་ལམ་གྱིས་གུས་འདུད་བཅས།

བཀྲ་ཤིས་བདེ་ལེགས།
རྒྱ་ཆེ་བའི་བོད་ཀྱི་སྐད་ཡིག་ལ་དུང་བ་ཡོད་པའི་སྐྱེ་བོ་ཀུན་གྱི་སྙན་ལམ་དུ། སྤྱི་ལོ་ ༢༠༡༢ ཤར་ལ་ཉེ་བའི་མཚམས་འདིར་སྨོན་ལམ་ཚིག་མཛོད་Android ལག་འཁྱེར་ཁ་པར་མ་ལག་ནང་ལེགས་འགྲུབ་བྱུང་སྟེ་Android Market བརྒྱུད་ནས་རིན་མེད་དུ་ལེགས་སྐྱེས་ཤིག་གི་ཚབ་ཏུ་འགྲེམས་སྤེལ་ཞུས་ཡོད། ཚིག་མཛོད་འདི་ནི་དེ་སྔོན་Windows ནང་བཀྲམ་པའི་ཚིག་མཛོད་དང་གཅིག་མཚུངས་ཡིན་པ་མ་ཟད་Android ལག་འཁྱེར་ཁ་པར་མང་ཆེ་བར་བཀོལ་ཐུབ། ཁྱེད་ཀྱིས་Android Market རྒྱུད་ནས་ཕབ་ལེན་བྱ་ཐུབ།
༡ ཕབ་ལེན་བྱ་ཚུལ།
གཤམ་གསལ་ལྟར་མཉེན་ཆས་རིམ་པ་གསུམ་ཕབ་ལེན་བྱ་དགོས།
༡ དང་པོར་ཡིག་གཟུགས་ཕབ་ལེན། (ཡིག་གཟུགས་འདི་ནི་Samsung Mobile ཆེད་དུ་ཡིན།)
༢ གཉིས་པ་མཛུབ་གནོན་ཕབ་ལེན།
༣ གསུམ་པ་ཚིག་མཛོད་ཕབ་ལེན་བཅས་རིམ་བཞིན་ཕབ་ལེན་བྱ་དགོས།

དང་པོ། མཉེན་ཆས་ཕབ་ལེན་བྱེད་སྟངས་ཀྱི་དཔེ་རིས།


༢ སྒྲིག་འཇུག་བྱེད་ཚུལ།
༡ ཡིག་གཟུགས་སྒྲིག་འཇུག་བྱ་ཚུལ་ནི་གཤམ་གསལ་ལྟར་རིམ་བཞིན་སྒྲིག་དགོས།

༢ མཛུབ་གནོན་སྒྲིག་འཇུག་བྱ་ཚུལ།

གསལ་ལྟར་ལག་ལེན་གནང་ན་བེད་སྤྱོད་གཏོང་ཐུབ།
མཇུག་མཐར་ཞུར་རྒྱུར། བོད་ཀྱི་སྐད་ཡིག་རྒྱུན་འཛིན་དང་ཡར་རྒྱས་ཡོང་ཆེད་མཉེན་ཆས་འདི་ནི་རིན་མེད་ཐོག་བསྟན་རྡོར་ལགས་དང་ Nathan Freitas ལགས་རྣམ་གཉིས་ཀྱིས་རོགས་རམ་རྒྱ་ཆེར་གནང་སྟེ་ལེགས་འགྲུབ་བྱུང་བས་ཁོང་རྣམ་གཉིས་ལ་དམིགས་བསལ་གྱིས་ཐུགས་རྗེ་ཞུ།

 
 
  • ཤོག་བྱང་། ghgh 
  • Re:སྨོན་ལམ་ཚིག་མཛོད་Android མ་ལག་ནང་དངAndroid Samsung Mobileམ་ལག་ནང་ལེགས་འགྲུབ་བྱུང
    [ 2011/12/28 11:50:41 | By: སྐུ་མགྲོན་KOFr3V(སྐུ་མགྲོན) ]
     
    སྐུ་མགྲོན་KOFr3V(སྐུ་མགྲོན)སྐྱེས་མ་ཟིན་བྲིས་པ་ལི་ཤི་ལགས་ནས་འདི་འདྲའི་ཟིན་བྲིས་དོན་སྙིང་ཅན་སྤེལ་བར་ཐུགས་རྗེ་གནང་། ས་མཐའི་འཁྱམས་པོ་ཞིག་གིས།
     
     
    Re:སྨོན་ལམ་ཚིག་མཛོད་Android མ་ལག་ནང་དངAndroid Samsung Mobileམ་ལག་ནང་ལེགས་འགྲུབ་བྱུང
    [ 2011/12/28 13:27:57 | By: danzengyixi ]
     
    danzengyixiརྟེན་འབྲེལ་ཞུའོ། མི་རིང་བར་ཁ་པར་ནང་ཕབ་ལེན་བྱེད་ཐུབ་པར་རེ་སྒུག་བྱས་ཡོད། འདི་བཟོ་མཁན་ཁོང་ལ་ནད་མེད་ཚེ་རིང་མཛད་ཕྲིན་ཡར་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུའོ། །
    ལྷ་གཡག་དར་མས།
     
     
    Re:སྨོན་ལམ་ཚིག་མཛོད་Android མ་ལག་ནང་དངAndroid Samsung Mobileམ་ལག་ནང་ལེགས་འགྲུབ་བྱུང
    [ 2011/12/28 15:06:57 | By: yongzhou ]
     
    yongzhouསྙིང་ནས་དགའ་གུས་ཚད་མེད་ཞུ་བ་མ་ཟད། འདི་དང་འདི་འདྲ་བའི་ཆ་འཕྲིན་ཐད་ཀྱི་ཟིན་ཐོ་བསྟུད་མར་སྤེལ་གནང་བར་རེ་བ་ཆེ།
    ཡ་བྲང་གཡུ་འབྲུག་གིས།
     
     
    Re:སྨོན་ལམ་ཚིག་མཛོད་Android མ་ལག་ནང་དངAndroid Samsung Mobileམ་ལག་ནང་ལེགས་འགྲུབ་བྱུང
    [ 2012/1/2 23:24:26 | By: ganghua3795(སྐུ་མགྲོན) ]
     
    ganghua3795(སྐུ་མགྲོན)སྨོན་ལམ་ཁ་པར་བོད་ཡིག་དང་ཚིག་མཛོད་འདི་དག་དངོས་སུ་ཕབ་ལེན་བྱས་ཏེ་སུས་བེད་སྤྱོད་བཏང་ཡོད་ཨང་།
    བདག་གིས་ཞུ་རྒྱུར----གཞིས་ཀྱི་དྲ་ཚིགས་མང་པོ་ཞིག་༼དཔེར་ནgoogleཚང་གི་gmailདང་གློག་རྡུལ་ཚོང་ར་Android Marketལྟ་བུ་Samsung Mobile ཁ་པར་གང་མང་ནས་བེད་སྤྱོད་གཏོང་མི་ཐུབ།༽བཀག་རྒྱས་ཁ་འབྱེད་ཐུབ་ཀྱི་མེད་པས། རྒྱ་ནག་ཏུ་སྤྱོད་ཆེ་བའི་91ཁ་པར་ལས་རོགས་(91手机助手) དང་HiMarket(安卓市场)ལྟ་བུ་ཞིག་ནས་གོང་གི་མཉེན་ཆས་འདི་དག་ཕབ་ལེན་བྱེད་རྒྱུ་བྱུང་ན་ཅི་མ་རུང་། ཉེ་ལམ་གསར་འཕྲིན་དག་ན་ཕབ་ལེན་དང་ནང་འཇུག་སོགས་སུ་འཕྲད་པའི་གནས་ཚུལ་ཅི་ཡང་མ་མཐོང་མོད། བདག་ལ་མཚོན་ན་སྨོན་ལམ་ལགས་ཀྱི་རིན་མེད་མཉེན་ཆས་འདི་གསུམ་ཕབ་ལེན་བྱེད་མ་ཐུབ་པའི་དཀལ་ངལ་དང་པོར་བྱུང་། གལ་ཏེ་ཕབ་ལེན་ལེགས་གྲུབ་བྱུང་ན་ནི་མུ་མཐུད་དུ་ནང་འཇུག་དང་བེད་སྤྱོད་སོགས་གནས་ཚུལ་ཅི་རིགས་བོད་ཡིག་ཆ་འཕྲིན་དུས་རབས་ཀྱི་འཕེལ་རྒྱས་ལ་ཕན་ཅུང་ཙམ་རེ་ཐོག་པའི་ཀུན་སློང་གིས་སྤུན་ཟླ་རྣམ་པའི་སྤྱན་ལམ་དུ་འབུལ་འདོད་ཡོད། གངས་དཔལ་ནས།
     
     
    Re:སྨོན་ལམ་ཚིག་མཛོད་Android མ་ལག་ནང་དངAndroid Samsung Mobileམ་ལག་ནང་ལེགས་འགྲུབ་བྱུང
    [ 2016/11/20 21:06:27 | By: སྐུ་མགྲོན་1hx3Bo(སྐུ་མགྲོན) ]
     
    སྐུ་མགྲོན་1hx3Bo(སྐུ་མགྲོན)བཀའ་དྲིན་ཆེ
     
     
    དཔྱད་གཏམ་སྤེལ་བ།
    སྒྲིག་འཇུག...
    Powered by Oblog.