ལི་ཤིའི་གུར་ཁང་།
                                རང་མོས་གླེང་སྟེགས།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཆོས་དབྱངས་སྐྱིད་ཀྱིས་འདུར་རྒྱུག་ཁྲོད་ཟངས་རྟགས་བླངས་རྗེས་ཀྱི་མྱོང་སྣང་ཕྲ་མོ།
[ 2012/8/16 1:36:00 | By: ལི་ཤི། ]
 
ཆོས་དབྱངས་སྐྱིད་ཀྱིས་འདུར་རྒྱུག་ཁྲོད་ཟངས་རྟགས་བླངས་རྗེས་ཀྱི་མྱོང་སྣང་ཕྲ་མོ།


ཆོས་དབྱངས་སྐྱིད། ཁ་བ་རི་བའི་མཐོ་སྒང་ནས་ཡོང་བའི་བོད་ཀྱི་བུད་མེད་འདི་ལ2012ལོའི་ལོན་ཏོན་ཨོ་ ལིན་ཕིག་རྩལ་འགྲན་སྟེང་སྤྱི་ལེ20ཡིནཔའི་འདུར་རྒྱུག་འགྲན་བསྡུར་ཁྲོད་ཟངས་ ཀྱི་རྟགས་མ་ཐོབ་པ་དང་། ཆུ་ཚོད1:25:16བཀོལ་ནས་ཨེ་ཤེ་ཡའི་ཟིན་ཐོ་ལས་བརྒལ་བ་རེད།
བོད་སྐད་ཀྱི་མིག་ཆུ་དང་དྲིན་ལན། 

         ཆོས་དབྱངས་སྐྱིད་ལགས་ལོན་ཏོན་ནས་རྒྱུག་པའི་དུས་སུ། མི་ཚོགས་ཁྲོད་ནས་ཤུགས་རྒྱོབ(ཧྲ་ལ་བྱོས)ཅེས་བོད་སྐད་བཤད་བཞིན་པ་ཐོས་ཙམ་ན། བུ་མོ་འདི་དུས་ཡུན་རིང་པོ་ཞིག་ལ་ཕ་ཡུལ་དུ་མ་ལོག་པའི་ཕྱིར། གནས་སྐབས་དེ་རུ་མིག་ཆུ་འགོག་དཀའ་བ་བྱུང་།
         ཁོ་མོས་བཤད་རྒྱུར། མི་ཞིག་གིས་བོད་སྐད་ཀྱི་ལམ་ནས་ང་ལ་ངར་ཤུགས་བརྒྱག་རོགས་བྱེད་པ་ཐོས་བྱུང་། དེ་མ་ཐག་ཁ་ཕྱིར་འཁོར་ནས་བལྟ་ཙམ་བྱས་ནའང་རྙེད་མ་བྱུང་། སེམས་ནས་དེ་ངའི་ཨ་ཁུ་ཨེ་ཡིན་ནམ་བསམ་བྱུང་། (མཆན། ང་ཚོ་ཚང་མ་ཁྱེད་ཀྱི་ཨ་ཁུ་ཡིན། ལོན་ཏོན་ནའང་མང་པོ་ཡོད་པ་རེད། )
         སྤྱི་ལེ15ཡི་རྗེས་ནས་བོད་ཀྱི་བུ་མོ་འདི་ལུག་ཝོང་ཞེས་པའི་སྔུན་ལ་བུད་པ་དང་། སྤྱི་ལེ16པའི་དུས་ཚོད་རྩིས་གནས་སུ་ཨང་གསུམ་པར་འཕར་ནས་ཟངས་རྟགས་ལེན་པར་ཁག་ ཐེག་བྱུང་།
         སྐོར་བ་ཆེས་མཐའ་མ་གཉིས་ནི་ཆོས་དབྱངས་སྐྱིད་ལགས་དགའ་འཛུམ་གྱིས་ཁེངས་ནས་ འགྲུབ་ཅིང་། འདི་ནི་ཁོ་མོར་རྒྱབ་སྐྱོར་གནང་མཁན་ལ་ཕུལ་བའི་དྲིན་ལན་ཆེས་བཟང་བ་ཡིན་པར་ངེས་ ཞེས་བཤད་བྱུང་།

ཆོས་དབྱངས་སྐྱིད་ལ་ཟངས་རྟགས་ཐོབ་རྗེས་ཀྱི་མྱོང་ཚོར།
ཆོས་དབྱངས་སྐྱིད་ལུན་ཏུང་ཨོ་རྩལ་འགྲན་ཚོགས་སུ་འདུར་རྒྱུག་བྱེད་པའི་རྣམ་པ།

ངས་ལུག་ཤ་དྲན། སྐམ་ཤ་དྲན། ཆང་དཀར་དྲན། 
 
         ཆོས་དབྱངས་སྐྱིད་ཀྱི་གཞི་ཁྱིམ་ནི་མཚོ་སྔོན་པོ་མདའ་བཞིའི་མཐོ་སྒང་རྨི2000ཡན་ ན་ཆགས་པ་དང་། ཨོ་ལིན་ཕིག་རྩལ་འགྲན་ལ་ཞུགས་ཆེད་ཕལ་ཆེར་ཡུལ་ལ་ལོག་ཐུབ་མེད་པས་སྦྱོང་བརྡར་ གྱི་སྐབས་སུ་ཕ་མ་གཉིས་ནམ་ཡང་ཁོ་མོར་ལྟ་རུ་ཡོང་བ་རེད།  ཆོས་དབྱངས་སྐྱིད་ཀྱིས་ལོ་གང་མང་ཞིག་ཏུ་ང་ཁྱིམ་ལ་ལོག་ནས་དུས་ཡུན་བཟང་བོ་ཞིག་ སྡོད་མ་ཐུབ་ཅིང་། ཁྱིམ་ནང་ལུག་དང་ནོར་ནག་ཅི་ཙམ་རེ་ཡོད་པའང་ཤེས་བཞིན་མེད་ཅེས་བཤད་པ་དང་། ཟངས་རྟགས་ལོན་རྗེས་ཕ་མར་ཆེས་ཞུ་འདོད་པ་ནི། ངས་ཁྱེད་ཅག་དྲན། ཁྱེད་ཅག་ལ་ཐུགས་རྗེ་ཞུ་ཞེས་པ་དེ་ཡིན། ཕ་མ་གཉིས་ལས་གཞན། བུ་མོ་འདིས་ལྷག་པར་དྲན་པ་ནི་ཁོ་མོར་ཤིན་ཏུ་གཅེས་པའི་ཨ་མྱེས་རེད། 
         ཨོ་ལིན་ཕུག་རྩལ་འགྲན་གྱི་ལམ་བུ་ཚར་རྗེས། ཆོས་དབྱངས་སྐྱིད་ནི་གཞི་ཁྱིམ་དུ་ལོག་པར་བྲེལ་ཡོད་དེ། ཨོ། ངས་ལུག་ཤ་ཟ་བར་འདོད། སྐམ་ཤ་ཟ་བར་འདོད། ཆང་དཀར་འཐུང་བར་འདོད། ཡུན་རིང་ཞིག་ལ་ཡུལ་དུ་ལོག་མེད་པ་དང་ལུག་ཤའང་ཟས་མེད་ཟེར།


ལུན་ཏུང་ཨོ་རྩལ་འགྲན་ཚོགས་ཀྱི་འདུར་རྒྱུག་ཁྲོད་ཟངས་རྟགས་
ཐོབ་མཁན་བོད་རིགས་བུ་མོ་ཆོས་དབྱངས་སྐྱིད།

ལོནཏོན་གྱི་ཚོར་བ་དང་རེ་བཞག

         ཨོ་ལིན་ཕིག་རྩལ་འགྲན་གྱི་ཁོར་ཡུག་དེ་ངའི་དྲན་ཚུལ་དང་གཏན་ནས་འདྲ་བ་མི་འདུག འདི་རུ་སྤྲོ་བསུ་ཆེན་པོ་ཡོད་འདུག  གང་དུ་ཐོན་ནའང་ཁྱོད་ལ་ངར་ཤུགས་སྟེར་མཁན་ཡོད་པ་རེད། རང་གིས་བཏང་ལྷོད་གཏོང་འདོད་ཀྱང་ལྷོད་མི་ཐུབ་པ་འདྲ་འདུག  ང་རང་ནི་ལྟད་མོ་བའི་ཀི་སྒྲ་ལ་བརྟེན་ནས་ཤུགས་བསྐྱེད་ཐུབ་པ་བྱུང་བ་རེད།
         བོད་ཅིག་ཡིན་པའི་ཆ་ནས། ཨོ་ལིན་ཕུག་རྩལ་འགྲན་ལ་ཞུགས་ཐུབ་པ་འདི་གཟི་བརྗིད་ཆེན་པོ་ཞིག་ལ་ཚོར་ཡོད། ང་རང་རྒྱལ་བ་འདི་བརྒྱུད་ནས་བོད་པ་དེ་ལས་མང་བས་ལུས་རྩལ་སྦྱོངས་ཐུབ་པ་དང་། བོད་པ་དེ་ལས་མང་བ་ཨོ་ལིན་ཕུག་རྩལ་འགྲན་ནང་ཞུགས་ཐུབ་པར་རེ་བ་བཅིངས་ཡོད།

 
 
Re:ཆོས་དབྱངས་སྐྱིད་ཀྱིས་འདུར་རྒྱུག་ཁྲོད་ཟངས་རྟགས་བླངས་རྗེས་ཀྱི་མྱོང་སྣང་ཕྲ་མོ།
[ 2012/8/16 11:30:29 | By: སྐུ་མགྲོན་8DSf73(སྐུ་མགྲོན) ]
 
སྐུ་མགྲོན་8DSf73(སྐུ་མགྲོན)མི་རིགས་ལར་ཞེན་ཅན་བོད་ཀྱི་བུ་མོ་ཆོས་དབྱངས་སྐྱིད་ལ་བཀའ་དྲིན་ལེགས་གསོལ་ཞུ་བ་དང་། སླད་མར་ཡང་ཁྱོད་ལ་འདི་ལྟའི་སྙན་གྲགས་ཀྱིས་བོད་མི་ཡོངས་ལ་ཧུར་བརྩོན་དང་སྤོབས་པ་སྐྱེ་རུ་འཇུག་པའི་རྒྱལ་ཁ་ཆེས་མང་པོར་འཐོབ་པའི་སྨོན་འདུན་དང་རེ་བ་ཡོད།
 
 
Re:ཆོས་དབྱངས་སྐྱིད་ཀྱིས་འདུར་རྒྱུག་ཁྲོད་ཟངས་རྟགས་བླངས་རྗེས་ཀྱི་མྱོང་སྣང་ཕྲ་མོ།
[ 2012/8/16 13:09:29 | By: danzengyixi ]
 
danzengyixi


དྲྭ་གྲོགས་ལགས་སྤེལ་བ་བཟང་གི
ལྷ་གཡག་དར་མས།
 
 
Re:ཆོས་དབྱངས་སྐྱིད་ཀྱིས་འདུར་རྒྱུག་ཁྲོད་ཟངས་རྟགས་བླངས་རྗེས་ཀྱི་མྱོང་སྣང་ཕྲ་མོ།
[ 2012/8/16 14:18:38 | By: Yangyal(སྐུ་མགྲོན) ]
 
Yangyal(སྐུ་མགྲོན)སྲིང་ཆུང་མ་ཕུ་བོ་ང་ནམ་ཡང་ཁྱོད་ཀྱི་རྒྱབ་ན་ཡོད།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.