ལི་ཤིའི་གུར་ཁང་།
                                རང་མོས་གླེང་སྟེགས།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རིག་གསར་གྱི་ཐོག་ནས་འགྲོ་བ་མིའི​་བྱུང་རབས་མདོར་བསྡུས།
[ 2011/11/9 12:29:00 | By: ལི་ཤི། ]
 

རིག་གསར་གྱི་ཐོག་ནས་འགྲོ་བ་མིའི་བྱུང་རབས་མདོར་བསྡུས།

ལམ་བྲག་སྐལ་དགའ་དྲ་བ་ལས་དྲངས།

དཔེ་མཚན་ཞིག་གི་ཐོག་ནས་ཞུ་ན་རྒྱ་གར་གྱི་འདབ་ལང་ཀ་༼འདི་ནི་རྒྱལ་ཁབ་ཞིག་གི་མིང་སྟེ་ལང་ཀ་གཤེགས་པའི་མདོ་ཞེས་པའི་ལང་ཀ་དེ་ཡིན་༽ལ་ཐུག་གི་བར་ནས་མགོ་་ལ་དྭགས་བར་རིང་ཐུང་གི་ཚད་ནི་ང་ཚོའི་གླིང་འདི་བྱུང་བའི་ལོ་གྲངས་དང་། མཐའ་མའི་མ་ལེ་ཕྱེད་ཙམ་མི་བྱུང་བའི་ལོ་གྲངས་གྱི་དཔེ་མཚོན་བྱེད་ཀྱི་་ཡོད། འགྲོ་བ་མི་བྱུང་བར་མགོ་བཙུགས་པ་དང་མཉམ་དུ་འགྲོ་བ་རིགས་གཞན་གྱིས་མ་འཇོན་པའི་དགོས་མཁོ་གྱི་རང་བཞིན་ལྡན་པའི་གསར་བཏོད་དག་བྱུང་བ་རེད་། ལོ་ངོ་ས་ཡ་སྟོང་ཕྲག་གཉིས་2,000,000,000གྱི་གསུམ་ཆ་གཉིས་ཙམ་ལ་སེམས་ལྡན་གྱི་སྲོག་ཆགས་བྱུང་མེད་པ་དང་། དེ་ནས་ལོ་ངོ་700,000,000ས་ཡ་བདུན་བརྒྱ་ཙམ་གྱི་རྗེས་ལ་སྐྱེས་ལྡན་གྱི་སྔོ་རིགས་ཕྲ་མོ་དག་འདམ་རྫབ་དང་ཚ་གྲང་མཉམ་པའི་ཆུའི་་ཁུང་བུ་དག་ནས་ཐོན་པ་རེད། རིགས་གསར་པ་དག་གིས་གསུང་དོན་ལ།སྐྱེས་ལྡན་གྱི་སྔོ་རིགས་འདི་དག་ཐོག་མའི་་བྱུང་རབས་དང་བྱུང་དགོས་པའི་རྒྱུ་མཚན་སོགས་ནི་སུ་གང་ལའང་ད་ལྟ་འགྲེལ་བཤད་ཡིད་དབང་འཕྲོག་པ་ཞིག་མེད་པ་དང་། རིགས་གསར་ཚན་རིགས་པ་དག་གིས་་ད་དུང་ཡང་སེམས་ལྡན་མིན་པའི་སྐྱེས་ལྡན་ཀྱི་དངོས་པོ་ཞིག་ལས་སེམས་ལྡན་གྱི་སྲོགས་ཆགས་ཞིག་་སྐྲུན་ཐུབ་མེད་དང་་།།གནད་འདི་ནི་ད་དུང་ཡང་སེལ་ཐུབ་མེད་པས་མིའི་བསམ་བློ་ནང་གི་ཡ་མཚན་ཆེས་ཤོས་ཞིག་ཡིན་ཟེར་། སྐྱེས་ལྡན་གྱི་སྔོ་རིགས་བྱུང་ནས་ལོ་གྲངས་ས་ཡ་ལྔ་བརྒྱ་500,000,000ཙམ་གྱི་རྗེས་ལ་མཚོའི་ནང་དུ་ཐོག་མའི་སྲོག་ཆགས་ཕྲ་འབུ་ཆུང་ཆུང་ཞིག་་བྱུང་སྟེ་མིང་ལ་་ཨེ་མོ་བྷ་Amoeba ཟེར་ཞིང་།།་འདིའི་་དབྱིབས་ནི་འགྱུར་ཆོག་ཆོག་ཞིག་ཡིན་པས་དབྱིབས་ལ་ངོས་བཟུང་ཞིག་མེད་པ་དང་། འོན་ཀྱང་ཕྲ་འབུ་འདིས་ནི་ཁ་ཟས་སྤྱོད་པ་དང་མཚར་ལོངས་དང་བུ་ཕྲུག་སྐྱེས་འཕེལ་གྱི་ནུས་པ་དང་ལྡན་གྱི་ཡོད་། དེ་ནས་ལོ་གྲངས་ས་ཡ་ཁ་ཤས་རྗེས་ལ་སྲོག་ཆགས་ཀྱི་རིགས་གསར་པ་ཉའི་རིགས་འདི་དག་བྱུང་ཞིང་། དེ་ནས་་རིམ་བཞིན་སྦལ་པ་།  དེ་ནས་རྩངས་པ་དང་དེ་རྗེས་སུ་བྱའི་འདི་དག་བྱུང་ཞིང་།།མཐའ་མའི་སྲོག་ཆགས་བྱུང་བ་ནི་ནུ་ལྡན་གྱི་སྲོག་ཆགས་དག་ཡིན་ཟེར།  སྲོག་ཆགས་ཀྱི་བྱུང་རིམ་འདིར་ཁོང་དག་གིས་་འགྲེལ་བཤད་ཡིད་དབང་འཕྲོག་པ་ཞིག་རྒྱབ་བཞིན་ཡོད། ཐོག་མར་འཕྲ་འབུ་ཨེ་མོ་བྷ་དེ་དག་་་མཚོ་ནང་དུ་སྐྱེས་ལྡན་གྱི་སྔོ་རིགས་དེ་དག་ལསབྱུང་ཞིང་།། དེ་ནས་རིམ་བཞིན་འཕྲ་འབུ་དེ་འཚོ་གནས་ཀྱི་ཤུགས་རྐྱེན་དབང་གིས་ཉ་རུ་གྱུར་པ་དང་། དེ་ནས་ཉ་རིགས་དེ་དག་མཚོ་རླབས་ཀྱིས་མཚོ་འགྲམ་རྐམ་སར་མཁྱེར་ཡོང་བ་དང་ཡང་བསྐྱར་ཕྱིར་འཁྱེར་བས་་་བྱུང་རིམ་འདི་དག་ལས་རྐམ་རློན་གཉིས་ཀར་འཚོ་གནས་ཐུབ་པའི་ཉ་རིགས་ཁ་ཤས་སྦ་བ་རུ་གྱུར་བ་རེད་།། དེ་དག་ལས་རྐམ་ཐོག་ཁོ་ནར་བགྲོད་ནུས་པའི་རྩངས་པ་དག་བྱུང་།  གོ་ལའི་རྐམ་ཐོག་ནི་ཤིན་ཏུ་རྒྱ་ཆེ་ཞིང་རྐང་པའི་འགུལ་སྐྱོད་ཁོ་ནས་ས་ཆེན་བགྲོད་མི་ནུས་པས་འཕུལ་འདོད་ཀྱི་འདུན་པ་ཤུགས་ཆེས་དྲངས་པའི་དབང་གིས་རྩངས་པ་ལ་གཤོག་པ་ཐོག་སྟེ་གནམ་ལ་འཕུར་བའི་བྱ་རིགས་དག་རིམ་བཞིན་བྱུང་བ་རེད།  གོང་གི་རྩངས་པ་ཁ་ཤས་ནི་ནུ་ལྡན་གྱི་རིགས་སུ་གྱུར་ནས་རི་དྭགས་རིགས་འདི་ཚོ་བྱུང་བ་རེད། དུས་རབས་འདི་ནས་ལོ་ངོ་སྟོང་ལྔ་བརྒྱ་500,000ཙམ་གྱི་སྔོན་ལ་དུད་འགྲོ་ནུ་ལྡན་རིགས་སྤྲེའུ་བྱུང་སྟེ། དེ་ལས་འགྲོ་བ་མིའི་རིགས་འདི་དག་བྱུང་བ་རེད་ཟེར་། མིའི་གསར་བཏོད་ཀྱི་ཐོག་མ་ནི་མེ་ཡིན་ཟེར་བས་དཔྱད་གཞི་འགེངས་ཆེན་དུ་ཆེའོ།།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.