ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༧སྣང་སྟོན་ཟླ་བ་རྒྱལ་མཚན་མཆོག་གི་མཛད་རྣམ་ཟུར་ཙམ་གླེང་བ།།  | 2011/8/20 22:22:00

༧སྣང་སྟོན་ཟླ་བ་རྒྱལ་མཚན་མཆོག་གི་མཛད་རྣམ་ཟུར་ཙམ་གླེང་བ།།

 

ཀུན་བཏུས་ལུང་བསྟན་ཆེན་མོ་ལས།ཚད་མེད་ཐུགས་ཀྱི་སྤྲུལ་བ་ལས།བླ་མ་ཟླ་བའི་མཚན་ཅན་འབྱུང་།བཀའ་རྟགས་དཔའ་བོ་འབྲུ་ལྔ་དང་།བཀྲ་ཤིས་རྟགས་བརྒྱད་ཚང་བའོ།གདུལ་བྱ་བསྟན་པ་གཙང་དུ་དར།ཞེས་ལུང་ཟིན་ལྟར་དགེ་མཚན་ལང་ཚོ་ར་བའི་མདོ་སྨད་ཤར་ཁོག་གི་ནང་ཚན་ཁྲི་མིན་གྲོང་ཚོ་ཞེས་བྱ་བ་ཡབ་སྣང་ཞིག་ནོར་བུ་དང་ཡུམ་རིན་ཆེན་མཚོ་མོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་མེ་འབྲུག་༼སྤྱི་ལོ་༡༧༩༦༽ལོར་སྐུ་ཉིད་མཚན་དཔེ་མངོན་པར་བཞད་དོ།

ཆུང་ནས་དམ་པའི་ཚུལ་གཟུང་ཚུལ་ནི།།

སྔོན་ལས་ས་བོན་བཟང་པོའི་མཐུས་ཐུགས་ཡོངས་ཤིང་རབ་བས་བཞན་གཅེས་ཀྱི་སེམས་རབ་ཏུ་ཕྱུགས་པས་དགུང་གྲངས་གསུམ་བཞི་ནས་སྔོན་བྱོན་གྱི་གྲུབ་ཐོབ་རིན་འཛིན་བཞིན་ཐུན་མིན་གྲུབ་རྟགས་དང་གདུལ་བྱ་ཐུན་མོངས་གི་སྣང་ངོར་ཁྱད་པར་འཕགས་པའི་མཛད་པར་བསྟན་ནོ།

སྡོན་པ་དང་དབང་ལུང་བཞེས་པའི་ཚུལ་ནི།།

མཆོག་ཉིད་དགུང་ལོ་བཅུ་གསུམ་ས་སྦྲུལ༼སྤྱི་ལོ༡༨༠༩༽ལོ་ནས་བླ་མ་རིན་ཆེན་རྒྱལ་མཚན་མདུན་ནས་དྲན་པ་ཚེ་སྒྲུབ་དང་རྣམ་རྒྱལ་སྒྲུབ་སྐོར་དང་ཚེ་དབང་མཆོག་འདུས་བཅས་གདམས་ངག་མང་པོ་མནོས།མ་ཟད།གཏན་ཁྲིམས་དགེ་བརྙེན་གྱི་སྡོམ་པ་ཞུས་པས་མཚན་དུ་གཡུང་དྲུང་བསྟན་འཛིན་ཞེས་གསོལ་ལོ།

ངོ་མཚར་རྟེན་འབྲེལ་ཤར་ཚུལ་ནི།།

དམ་པ་ཉིད་དགུང་གྲངས་བཅོ་བརྒྱད་སོན་ཐོན་དུ་མ་མཁའ་འགྲོ་ཡིས་ལུང་བསྟན་དང་རྨ་རྒྱལ་པོམ་རས་སྡོང་གྲོགས་མཛད་ནས་དབུས་གཙང་ཕྱོགས་སུ་ཕེབས་ཞིང་བྱིན་གྱིས་རློབས་པའི་གདན་ས་བཀྲ་ཤིས་སྨན་རིའི་དགོན་དུ་ཕེབས་པའི་སང་སྔ་མོ་མཁན་ཆེན་བསོད་ནམས་བློ་གྲོས་གསེར་ཞལ་མཇལ་བ་དང་རྟ་བདུན་དབང་པོ་རི་རྩེ་ལ་ཤར་བ་དུས་མཉམ་ཡོང་བའི་བཀྲ་ཤིས་པའི་རྟེན་འབྲེལ་ལེགས་པར་བྱུང་ངོ་།

རྗེས་བཞག་དང་དགོངས་པ་བོན་ཉིད་ཀློངས་ཐིམ་ཚུལ་ནི།།

མཁའ་འགྲོའི་ཞལ་ལུང་ལས།རྟ་ལ་འབྲུག་གི་གཡུང་དྲུང་ཁྲི།འབྲུག་གཉིས་གྲགས་པའི་སྟོང་གསུམ་ཁྱབ་ཞེས་ལུང་བསྟན་ལྟར་དམ་པ་དེ་ཉིད་དགུང་ལོ་སོ་བདུན་ཐོག་དུ་ར་ལག་གཡུང་དྲུང་གླིང་དུ་འདུལ་ཁང་གསར་དུ་བཞེས་རྗེས་མཁན་ཆེན་ཤེས་རབ་དགོངས་རྒྱལ་དང་སྐྱབས་མགོན་ཟླ་བ་རྒྱལ་མཚན་མཆོག་རྣམ་གཉིས་དབུར་བཞུགས་ཐོག་རབ་གནས་རྒྱ་ཆེ་པོར་མཛད་དོ།ཕྱིས་སུ་རང་ཉིད་དགུང་ལོ་རེ་བདུན་ཆུ་ཕག་༼སྤྱི་ལོ༡༨༦༣༽ལོའི་ཟླ་ཚེས་ཉིན་དགོངས་པ་བོན་ཉིད་ཀློང་དུ་གྲོལ་ལོ།

 

 

Re:༧སྣང་སྟོན་ཟླ་བ་རྒྱལ་མཚན་མཆོག་གི་མཛད་རྣམ་ཟུར་ཙམ་གླེང་བ།། | 2011/8/23 19:48:34
sherabལྷ་གཡག་དར་མ་ལགས་ཀྱིས་ལེགས་བདམས་གནང་བར་ཐུགས་རྗེ་ཆེ།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.