མཁས་ཚང་བུ།
སྤྱི་བསྒྲགས།
མཁས་ཚང་ཤེས་རབ་དབང་རྒྱལ།
སྒེའུ་ཁུང་287355327
ཁ་པར་00918894224666
གློག་རྡུལ་ཡིག་སྒམ
norbuwangyal@ymail.com
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
དད་པའི་གསོལ་འདེབས་རོལ་དབྱངས། | 2011/5/22 13:25:00
0
དད་པའི་གསོལ་འདེབས་རོལ་དབྱངས།
ལུང་རྟོགས་གཉིས་ཀྱི་ཡོན་ཏན་ཟད་མེད་མཁའ་དབྱིངས་སུ།།
བསྟན་པའི་འཕྲིན་ལས་སྐྱ་རེངས་དགྱེས་པའི་འཛུམ་རླབས་ཀྱིས།།
ཉི་མའི་ལང་ཚོ་དྲངས་ཤིང་འགྲོ་ཁམས་མུན་སེལ་མགོན།།
འཁྲུལ་མེད་གསང་གསུམ་བསྐལ་པ་རྒྱ་མཚོར་གནས་གྱུར་ཅིག།།
རླབས་ཆེན་སྤངས་རྟོགས་རྫོགས་པའི་རྒྱལ་བའི་རྣམ་རོལ་སྐུ།།
ཚངས་དབྱངས་བརྙེས་པའི་ཚངས་སྲས་མགུལ་ལས་དྲངས་བའི་གསུང་།།
སྐུ་གསུམ་མཉམ་པ་ཉིད་ལ་འགྲན་པའི་ཀ་དག་ཐུགས།།
མཚུངས་མེད་བླ་མར་སྒོ་གསུམ་གུས་པས་གསོལ་བ་འདེབས།།
སྨན་རིའི་བསྟན་པའི་བདག་པོ་རྗེ་བཙུན་ཁྱུ་མཆོག་ཉིད།།
གཞལ་མེད་མཛད་འཕྲིན་སྐུ་ཚེ་ཕྱྭ་གཡང་ཡུན་བརྟན་ཕྱིར།།
སྨན་རིའི་གྲལ་མཐར་འཛིན་པའི་ཤེས་རབ་དབང་རྒྱལ་གྱིས།།
སྒོ་གསུམ་བཅོས་མེད་ངང་ནས་གསོལ་འདེབས་ལན་བརྒྱར་འདེབས།།
རྩོམ་པ་པོ།:མཁས་ཚང་བུ། | བལྟ་ཀློག(196) | ལན་སློག(0) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག