ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མི་ཧྲིང་གི་ཕ་མ། | 2011/11/8 19:00:00

མི་ཧྲིང་གི་ཕ་མ།

 

རང་ཉིད་ནང་ལ་ཡོད་དུས།།

བརྩེ་བའི་ཕ་མ་གཉིས་དང་།།

ལྷན་དུ་བསྡད་པའི་དུས་ལ།།

སྐྱིད་ལས་རང་གིས་མ་ཤེས།།

 

སྔོན་མའི་ལས་ཀྱིས་བསགས་པའི།།

ད་ལྟ་མི་ལུས་ཐོབ་ཀྱང་།།

བརྩེ་བའི་ཕ་མ་གཉིས་དང་།།

བྲལ་བསམ་ཡིད་ལ་མ་ཤར།།

 

ཚེས་པ་བཅོ་ལྔའི་ཟླ་བ།།

གངས་རིའི་རྩེ་ནས་ཤར་དུས།།

མི་ཧྲེང་བུ་ཆུང་ང་ཡིས།།

བརྩེ་བའི་མ་ལོ་དྲན་བྱུང་།།

 

ང་དང་ཁུ་བྱུག་གཉིས་ཀ།།

གངས་རིའི་འདབས་ནས་སྐྱེས་ཀྱང་།།

སྔོན་མའི་ལས་ཀྱི་དབང་གིས།།

གངས་རིའི་རྒྱབ་ལ་ལྷུང་སོང་།།

 

ཕ་ཡུལ་ཕྱོགས་ན་ཡོད་པའི།།

བསིལ་ལྗོངས་གངས་རི་དཀར་པོ།།

བདག་གི་ཕ་མ་གཉིས་ནི།།

སྐྱོད་པོ་བདེ་མོ་ཨེ་རེད།།

 

མི་ཡུལ་ས་མཐའ་འདི་ནས།།

བོན་དང་ཆབ་སྲིད་འདི་དག།

ཉམས་སུ་ལེན་དགོས་དྲན་སོང་།།

ཨུ་ཚུགས་རང་ལ་མི་འདུག།

 

རྒྱལ་བ་སྨན་རིའི་ཁྲི་འཛིན།།

ལུང་རྟོགས་བསྟན་པའི་ཉི་མ།།

བདག་གི་ཕ་མ་གཉིས་ལ།།

འཚེ་བའི་བར་ཆད་སེལ་རོགས།།

 

བརྩེ་བའི་དྲིན་ཅན་མ་ལོ།།

མཛེས་པའི་སྤང་རྒྱས་ལྟ་བུ།།

གཞན་གྱི་མ་རྒན་མཐོང་དུས།།

དྲིན་ཅན་མ་ལོ་དྲན་བྱུང་།།

 

ཐག་རིང་ས་མཐའ་སོང་དུས།།

བརྩེ་བའི་མ་ལོ་དྲན་བྱུང་།།

ལག་རྩེས་སྨྱུ་གུ་འཛིན་དུས།།

གང་མགྱོགས་མིག་ཆུ་ཤོར་སོང་།།

 

 

Re:མི་ཧྲེང་གི་ཕ་མ། | 2011/12/10 14:06:45
སྐུ་མགྲོན་N63Umy(སྐུ་མགྲོན)ཧེ་གྲོགས་པོ་དེ་འདྲས་སྐྱོ་གདུང་གི་མ་མནན་རོགས།
རྩོམ་པ་པོ།:སྐུ་མགྲོན་N63Umy(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:མི་ཧྲིང་གི་ཕ་མ། | 2011/11/11 2:02:36
triyungblogཨ་རོགས་མི་ཧྲེང་གི་སེམས་པ།།
དེ་འདྲ་གཉོམ་ཅུང་ཞིག་ཡིན་ན།།
སེམས་པ་སྐྱོ་གདུང་གིས་མ་བཟི།།
དབུ་ལོ་བར་སྣང་ལ་དགྱེ་དང་།།
ཁྲི་གཡུང་བས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.