མཁས་ཚང་བུ།
སྤྱི་བསྒྲགས།
མཁས་ཚང་ཤེས་རབ་དབང་རྒྱལ།
སྒེའུ་ཁུང་287355327
ཁ་པར་00918894224666
གློག་རྡུལ་ཡིག་སྒམ
norbuwangyal@ymail.com
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
དྲིན་ཅན། | 2012/7/15 0:46:00
3
དྲིན་ཅན།
ཡིད་འོངས་འཇིག་རྟེན་འདི་བའི་ནང་།།
འགྲན་གྱི་དོ་ཟླ་བྲལ་བ་ཡི།།
བདག་ལ་བྱམས་སྐྱོང་གནང་མཁན་ནི།།
དྲིན་ཅན་ང་ཡི་ཨ་མ་ལགས།།
དཀའ་ངལ་ཇི་འདྲ་འཕྲད་ན་ཡང་།།
སེམས་ལ་ངལ་གསོ་གནང་མཁན་དང་།།
ཡིད་ལ་སིམ་པ་སྟེར་མཁན་ནི།།
དྲིན་ཅན་ང་ཡི་ཨ་མ་ལགས།།
ཆུང་དུས་ཨ་མའི་བསློབ་བྱ་རྣམས།།
ད་ལྟའང་ཡིད་ལ་འཁོར་བཞིན་ཡོད།།
བྱམས་བརྩེས་བཀླུབས་པའི་ཨ་མ་ལགས།།
རྟག་དུ་ཡིད་ལ་འཁོར་བཞིན་ཡོད།།
བདག་གི་སྲོག་འདི་འཚོ་བའི་བར།།
སེམས་ནས་བྲལ་ཐབས་མེད་པ་དང་།།
བཀའ་དྲིན་བརྗེད་ཐབས་མེད་པ་ནི།།
དྲིན་ཅན་ང་ཡི་ཨ་མ་ལགས།།
རྩོམ་པ་པོ།:མཁས་ཚང་བུ། | བལྟ་ཀློག(250) | ལན་སློག(0) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག
- ཟིན་ཐོ་གོང་མ།རྗེས་དྲན།
- ཟིན་ཐོ་འོག་མ།སྲིད་པའི་མཛོད་ཕུགས་ཀྱི་ཞུ་འཁོར་སྡུད་འཁོར་ཉན་འཁོར་གསུམ།