ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རྣམ་ཤེས་ཁེར་རྐྱང་གི་སྙན་ངག | 2011/11/1 22:07:00

རྣམ་ཤེས་ཁེར་རྐྱང་གི་སྙན་ངག

 

ཨ་རག་གི་ནུས་པས་ང་ལ་དགའ་མྱོང་ལ།

སྡུག་བསྔལ་ཀྱང་སྤྲོད་མྱོང་།

 

ཨ་རག་གི་ནུས་པས་ང་ལ་རོགས་པ་ཡང་བྱས་མྱོང་ལ།

ངན་ཡང་བྱས་མྱོང་།

 

ཨ་རག་ནུས་པས་ང་ལ་དཔའ་སྤྲོད་མྱོང་ལ།

སྲོག་ལ་ཉན་ཁ་ཡང་བྱས་མྱོང་།

 

ཨ་རག་ནུས་པས་ང་ལ་བདེ་སྐྱིད་ཀྱི་འཚོ་བ་ཀྱང་སྤྲོད་མྱོང་ལ།

སེམས་པ་ཡང་སྐྱོབ་མྱོང་།

 

ཨ་རག་གི་ནུས་པས་ང་ལ་ཤེས་ཡོན་ཀྱང་སྤྲོད་མྱོང་ལ།

བློ་ཕམ་པ་ཡང་བྱས་མྱོང་།

 

ཨ་རག་གི་ནུས་པས་ཡ་རབས་བའི་ཁྱིམ་ཚང་དཀྲུག་མྱོང་ལ།

བོད་ཀྱི་དཔའ་བོ་ཚོ་ལ་བདག་སྐྱེད་ཡང་བྱས་མྱོང་།

 

ཨ་རག་གི་ནུས་པས་ངའི་རྒྱལ་ཁ་ལོངས་མྱོང་ལ།

བོད་ཀྱི་རྩ་དོན་ཀྱང་བརླགས་མྱོང་།

 

ཨ་རག་ནི་དགའ་རོགས་དང་འགྲོ་རོགས་ཀྱང་ཡིན་ལ།

ཨ་རག་ནི་མ་དག་པའི་ལས་བསགས་བྱེད་ཀྱི་རྒྱུ་ཡང་ཡིན།

 

ཨ་རག་ནི་སྐྱིད་རོགས་དང་སྡུག་རོགས་ཀྱང་ཡིན་ལ།

ཨ་རག་ནི་རང་ལ་བདག་རྐྱེན་བྱེད་མཁན་གཙོ་བོ་ཅིག་ཡིན།

གྲོགས་པོ་ཚོ།

ཨ་རག་ལ་གཟིགས་དང་དྲི་བསུང་ཞིམ་པོ་ཅིག་འདུག

མ་ཟད།

ཨ་རག་གི་ནུས་པ་ནི་ཤིན་ཏུ་སྟོབས་ཆེའི་ཁྱོད་ལ་ལམ་སྟོན་ཡག་པོ་བྱེད་སྲིད།

ཨ་རག་གི་ནུས་པ་ནི་ཤིན་ཏུ་སྟོབས་ཆེ་བའི་འཛམ་གླིང་རྒྱལ་པོ་འགྱུར་སྲིད།

 

Re:རྣམ་ཤེས་ཁེར་རྐྱང་གི་སྙན་ངག | 2011/11/6 21:56:21
སྐུ་མགྲོན་JNEq27(སྐུ་མགྲོན)འཐུང་ཤེས་ན་བཟང་གི་དཀྱིལ་འཁོར་འགྲུབ།། འཐུང་མ་ཤེས་མུན་པའི་དོང་ལ་འདྲུད།། འཐུང་ཤེས་ན་གནམ་ལྕགས་ཤེས་རིག་སྩོལ།། འཐུང་མ་ཤེས་དམུན་པོའི་ཆོ་ལོ་གནང་།། འཐུང་ཤེས་ན་རྒྱུ་འབྲས་རྒྱ་མིག་གསལ།། འཐུང་མ་ཤེས་རྒྱུ་འབྲས་ལྟ་ལོག་སྤེལ།། འཐུང་ཤེས་ན་གཏམ་གྱི་བཞད་གད་མཆེད།། འཐུང་མ་ཤེས་ལྕེ་རྩེ་མདུད་ལོག་རྒྱག། འཐུང་ཤེས་ན་དགྲ་བོ་དྲུང་གིས་འདུལ།། འཐུང་མ་ཤེས་རང་མགོ་འཁྱག་ལ་འབྱར།། འཐུང་ཤེས་ན་རྩེད་རོགས་དགོད་གྲོགས་ཡིན།། འཐུང་མ་ཤེས་འཕྱ་རོགས་བརྙས་གྲོགས་ཡིན།།འཐུང་ཤེས་ན་དཔའ་བོའི་མཚོན་ཆ་ཡིན།། འཐུང་མ་ཤེས་རང་སྐེ་ལེན་བྱེད་ཡིན།། འཐུང་ཤེས་ན་གྱོད་བཤད་གཟུ་བ་ཡིན།། འཐུང་མ་ཤེས་གྱོད་མཆུའི་ལག་རོགས་ཡིན།། ཀུ་རེ་བཤད་ན་དེ་འདྲ་རེད།
རྩོམ་པ་པོ།:སྐུ་མགྲོན་JNEq27(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རྣམ་ཤེས་ཁེར་རྐྱང་གི་སྙན་ངག | 2011/11/2 13:37:19
triyungblogགྲོགས་པོ་ལགས།
ཤུགས་རྒྱོབས།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.