ཧི་བོན་ཟིན་བྲིས།
མཁས་ཚང་བུ།
སྤྱི་བསྒྲགས།

     

    མཁས་ཚང་ཤེས་རབ་དབང་རྒྱལ།
    སྒེའུ་ཁུང་287355327
    ཁ་པར་00918894224666
    གློག་རྡུལ་ཡིག་སྒམ
    norbuwangyal@ymail.com

ལི་ཐོ།
    <<  < 2021 - 11 >  >>
    12345
    6789101112
    13141516171819
    20212223242526
    27282930
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
ས་མཐའི་མིག་ཆུ། | 2011/11/1 21:58:00

ས་མཐའི་མིག་ཆུ།

 

ཨ་སྔོན་ནམ་མཁའ་ཡི་དབྱིངས་ནས།།

དཀར་གསལ་ཟླ་བ་ནི་ཤར་སོང་།།

རྒྱང་རིང་ཟླ་བོ་ཡི་གསུང་སྐད།།

ད་དུང་གོ་རྒྱུ་ཡང་མི་འདུག།།

 

དབྱར་གསུམ་ནམ་ཟླ་ཡི་དཀྱིལ་ནས།།

ནམ་མཁའི་སྤྲིན་པ་རུ་འཁྲིགས་སོང་།

རྒྱང་རིང་ཁུ་བྱུག་ཡི་གསུང་སྐད།།

ད་དུང་གོ་རྒྱུ་ཡང་མི་འདུག།།

 

རྒྱལ་ཁབ་དུ་མ་རུ་བསྐོར་ནས།།

ལྷོ་ཕྱོགས་འཕགས་ཡུལ་དུ་སླེབས་སོང་།།

རྒྱང་རིང་ཕ་མ་ཡི་གསུང་སྐད།།

ད་དུང་གོ་རྒྱུ་ཡང་མི་འདུག།།

 

དཔལ་ལྡན་སྨན་དགོན་དུ་འབྱོར་ནས།།

མཁན་སློབ་ཉི་ཟླ་ཡི་མདུན་ནས།།

འདུལ་བའི་སྡོམ་པ་རུ་ཞུ་དུས།།

དད་པ་དབང་མེད་དུ་ཤོར་སོང་།།

 

འབྲས་སྐྱ་ལྡ་ལི་རུ་མཐུང་དུས།།

ཕ་ཡུལ་རྩམ་པ་རུ་དྲན་བྱུང་།།

བསམ་བློ་ཡང་ཡང་གི་གཏོང་དུས།།

མིག་ཆུ་དབང་མེད་དུ་ཤོར་སོང་།།

 

གཏི་མུག་ཁང་ཆུང་གི་ནང་ནས།།

དྲི་མེད་ཤོག་དཀར་གྱི་སྟེང་ལ།།

བུ་སྨྱོན་ཤེར་དབང་གི་ལག་ནས།།

དོན་མེད་ཚིག་གསུམ་དུ་ཕབས་ཡོད།།

 

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ས་མཐའི་མིག་ཆུ། | 2011/11/1 22:04:28
tibetmonkསྙན་ངག་ཡག་པོ་ཞིག་འདུག མུ་མཐུད་ནས་དགའ་བསུ་ཡོད།
རིན་སྤུངས་ནས་
རྩོམ་པ་པོ།:tibetmonk | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.