སྒོ་པའི་ཕོ་ཉ།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
༾བོད་ཀྱི་གསོ་བ་རིག་པའི་གནས་བབས་གསོན་པོར་བརྗོད་པ་ན་གཞོན་ཚེ་རིག་པའི་གོམ་སྒྲ།། | 2013/12/11 17:05:00

༄བོད་ཀྱི་གསོ་བ་རིག་པའི་གནས་བབས་གསོན་པོར་བརྗོད་པ་ན་གཞོན་ཚེ་

རིག་པའི་གོམ་སྒྲ།

བླ་མེད་ཐུགས་རྗེ་སྨན་ལྷ་མཆེད་བརྒྱད་འཕྲིན།       གསོ་རིག་ལ་ཞུགས་སྔ་ཕྱི་རིམ་བྱོན་དང

དཔྱད་བུ་ཁྲི་ཤེས་གཡུ་ཐོག་བྱང་ཟུར་སོགས།            བྱོན་དང་འབྱོན་འགྱུར་རྣམས་ལ་ཕྱག་འཚལ་ལོ།

 

རིང་རྒྱུ་མ་རྟོགས་ཉོན་མོངས་དུག་ལྔའི་ལས།      ཉེ་འབྲས་ཉེས་པ་གསུམ་པོ་ལྷན་སྐྱེས་པའི།

བཞི་བརྒྱ་རྩ་བཞི་ནད་ཀྱིས་གདུངས་པ་དེས       འགྲོ་ཀུན་ཁམས་ཀྱི་བདེ་བ་འཕྲོག་པར་གྱུར།

 

ནད་འཇོམས་གཉེན་པོ་སྟོང་དང་རྩ་གཉིས་ཀྱང་།      གཉེན་པོ་བཞི་ལྡན་གསོ་ཚུལ་དྲང་སྲོང་ལུགས།

གཅེས་སུ་འཛིན་པ་ཉིན་སྐར་བཞིན་དཀོན་ཕྱིར།      བག་ཟིན་ཐོབ་དམིགས་དྲན་སྣང་གཤམ་དུ་འགོད

 

སྤྱིར་ཕྱི་གདོས་སྣོད་ཁམས་འབྱུང་བཞི་ལ་རྟེན་གྲུབ་པའི་ཕྱི་སྣོད་འཇིག་རྟེན་འདིར་བྱུང་བ་ནས་བཟུང་ང་བཅུད་ཀྱི་སྙིང་པོ་སེམས་ཅན་གྲངས་མེད་ཅིག་མ་རིག་ཆགས་སྣང་དབང་གིས་འབྱུང་རྡུལ་ཉིང་པོ་སྙོམས་ཕུང་འདི་ལྷན་སྐྱེས་སུ་གྲུབ་ཅིང་གནས་པ་དེར་ལུས་དང་ལུས་དེ་ཉིད་ཀྱང་ཕྱི་ནང་གི་རྐྱེན་གང་རུང་ཞིག་གི་དབང་གིས་ལུས་ཁམས་ཀྱི་འབྱུང་ཁམས་འཕེལ་ཟད་འཁྲུགས་

གསུམ་གྱི་རྐྱེན་དབང་དུ་ཤོར་ནས་རྟེན་རྣམ་ཤེས་ཚོགས་དྲུག་རྒྱུ་སའི་དབང་པོ་སྒོ་ཀུན་ནས་མི་བདེ་བའི་རྟགས་འཆར་བ་དེར་ནད་ ཅེས་གྲགས་།

སྐབས་བབས་གསོ་བྱར་གཙོ་བོ་གྱུར་པ་ནད་ཅན་དེའང་འགྲོ་བ་མི་རྣམས་རིམ་བཞིན་ལོ་ངོ་ཁྲི་ཕྲག་རིང་གི་འཚོ་བའི་མྱོང་གོམས་ཀྱི་ཁྲོད་ནས་བདེ་རྩ་འབྱུང་བཞི་སྙོམས་བསྒྲིགས་བྱེད་པའི་ཐབས་ཤེས་ཀྱང་རྙེད་པ་དཔེར་ན་དུག་ཡོད་ན་དེ་འཇོམས་བྱེད་སྨན་དང་ཁྲག་ཤོར་བ་ལ་ཚན་མར་གྱིས་བཀག་ནུས་པའི་རིག་པ་ཡོད་པ། དེ་བཞིན་རྐྱེན་བརྡབ་ཆགས་དབང་གིས་སྐྲངས་པ་ སོགས་ལའང་དེ་གཞོམ་བྱེད་ཐབས་སྦང་མ་བྱུག་པ་སོགས་འཚོ་བ་དངོས་ཀྱི་ཁྲོད་ནས་ཡར་ངོའི་ཟླ་ལྟར་གྱི་ཐབས་ཤེས་རིམ་བརྩེགས་ཀྱི་རིག་པ་བགྲང་ཡས་པ་བྱུང་ཡོད་ལནད་རིགས་དེ་རྣམས་འཇོམས་བྱེད་ཀྱི་ཐབས་གཉེན་པོ་བཞི་ལྡན་གྱིས་བཅོས་དགོས་ཚུལ་ ཙམ་དུ་མ་ཟད་མི་ན་བ་ཡུན་རིང་གནས་ཐབས་དང་ན་བ་ཉིད་སྔོན་འགོགས་བྱ་ཐབས་ཀྱི་རིག་པའང་མ་མཐར་ལོ་ངོ་སྟོང་ཕྲག་དུ་ མའི་གོང་གི་ལོ་རྒྱུས་ཡོད་པ་ད་ལྟའི་བར་རྙེད་པའི་གནའ་རྫས་ཡིག་རྙིང་སོགས་ནས་ར་ཡོངས་སུ་སྤྲོད་ནུས།

ང་ཚོར་གསོ་རིག་གི་གཞུང་ཆེན་མང་པོ་ཡོད་ཀྱང་དེ་དག་ཀུན་གྱི་ནང་ནས་རིག་གཞུང་གི་མ་ལག་ཆ་ཚང་ཤོས་དང་ནད་ ཐོག་ལག་ལེན་གྱི་མྱོང་བ་ཕུན་སུམ་ཚོགས་ཤོས་ནི་བོད་ལུགས་གསོ་རིག་ལ་འཇུག་མཁན་རྣམས་ཀྱི་ལག་ཏུ་འཛིན་བཞིན་

པའི་གཞུང་ཆེན་འབུམརྒྱུད་བཞི་འདི་ཉིད་ལས་ལྷག་པ་ནི་སུ་གང་ལའང་མེད་ཀྱང་     དེར་འཇུག་བདག་འདྲའི་འཚོ་བྱེད་པ་

ཚོས་ནད་ཐོག་ལག་ལེན་གྱི་གོམས་པ་དང་གཞུང་དོན་སྙིང་པོ་དག་དེ་ཙམ་གྱི་གཅེས་སུ་མི་འཛིན་ཞིང་ཡིག་ཚད་ལོན་ཙམ་གྱི་ཆེད་དུ་རིག་པ་དཔེ་ཐོག་ཏུ་ལུས་པའི་མིང་སྨན་པའམ་དོན་དུ་ཕན་པ་རང་ཉིད་ཀྱི་ལྟོ་རྒྱབ་ཙམ་ལས་མི་འདུག་པའི་རིག་པ་འདི་ཚོ་ འཛིན་མཁན་ནི་སྨན་པའི་རྒྱུ་དྲུག་མ་ཚོགས་པ་སྟེ་དཔེར་ན་ཞིང་པས་སོ་ནམ་དུས་བཞི་བཙའ་ཤེས་ཀྱང་ས་གཤིས་ངན་ན་ འབྲས་བུ་བཟང་པོ་ཞིག་སྐྱེ་མི་སྲིད་པ་ལྟར་སེམས་ཅན་གཞན་ལ་ཕན་ཐོག་ཆུང་ཞིང་ནད་པའི་སྲོག་ལའང་འཚེ་ཆེ་བའི་གནད་ ཡིན་པའི་ཕྱིར་བདག་གི་བལྟས་ན་ང་ཚོ་སྨན་པ་ཞེས་པའི་མིང་ཙམ་ལ་ཆགས་པ་ཁོ་ན་མ་ཡིན་པ་དོན་ལ་གཅེས་སུ་བཟུངས་ནས་བདག་གཞན་གཉིས་བདེའི་དོན་དུ་དམིགས་ནས་ཕན་པ་བསྒྲུབ་ཅིང་གཞི་སྙིང་རྗེ་བྱང་ཆུབ་སེམས་ཀྱིས་བསྐྱེད་ཅིང་དངོས་བྱམས་པ་ཉམས་ཐག་ནད་པ་རྣམས་ལ་རང་གིས་བུ་དང་ཚ་བོ་ལྟར་དུ་བསྐྱོང་ནས་ཁ་ཞེ་གཉིས་མེད་ཀྱི་ནད་པའི་དོན་དུ་འབད་དགོས།།

ང་ཚོ་ནད་ཐོག་ལག་ལེན་དངོས་ལ་འཇུག་སྐབས་གོམས་པ་བཅུ་དང་ལྟར་སྣང་ལྔ་ཕྲུགས་ཀྱི་ཐབས་ལ་བརྟེན་ནས་ནད་རིགས་ རྣམས་འཁྲུལ་མེད་ངོས་འཛིན་ཐུབ་པ་དགོས་པ་ལས་རྩ་ལ་བལྟ་ཙམ་དང་ཆུ་ལ་དཀྲུགས་ཙམ་བྱས་ན་ནམ་ཡང་ནད་ངོས་ཟིན་པ་ དཀའ་བ་དང་ནད་སྟོབས་ཆེ་ཆུང་དང་ཟུངས་བཟང་ངན་ལ་དཔྱད་ནས་གསོ་ཚུལ་དགུ་པོའི་ཐབས་ལ་བརྟེན་ཏེ་གཉེན་པོ་བཞི་ཚོགས་ཀྱི་སྒོ་ནས་བཅོས་པར་བྱ་དགོས་ལ་ལྷག་ཏུ་རྒྱུད་ཀྱི་ལེའུ་སོ་སོའི་གོ་རིམ་བཞིན་བསྟན་དོན་སྙིང་པོ་ངེས་ཅན་ཡོད་ཕྱིར་ལག་ལེན་ དངོས་ནང་ངེས་པར་སྤྱོད་ཐུབ་པ་བྱ་དགོས་པ་ནི་ང་ཚོའི་གྲོག་དང་།དེ་མིན་རང་འདོད་གང་དྲན་གྱིས་ནད་པར་སྨན་བཅོས་བྱས་ན་ནམ་ཞིག་རང་གཞན་གཉིས་ཕུངས་ཀྱི་རྐྱེན་དུ་འགྱུར་ངེས་པ་དཔེར་ན་གསོ་བྱ་ནད་པ་ཞིག་ལ་རྐྱེན་གང་རུང་ཞིག་གིས་ཐོག་མར་མ་ སྨིན་ཚད་པའི་རྟགས་ཐོན་པ་དེར་ནད་གཞི་ཚ་བར་འཛིན་ཞིང་བསིལ་སྨན་ག་བུར་སོགས་ཀྱིས་བཅོས་བྱས་ན་མ་སྨིན་ཚ་་ཉིད་སྨིན་དུ་མི་འདོད་པ་སྨིན་བསྡུ་ལོག་ནས་ལུས་ཀུན་ལ་འཐོར་ཅིང་བྱེར་ལ་ཕྱིས་སུ་སྨན་བཅོས་ཇི་ལྟར་བྱ་རུང་ཚ་བ་ཉིད་གཏིང་ འདོན་དཀའ་བའི་གསོ་དཀའི་ནད་དུ་འགྱུར་ཉེན་ཆེ་བ་སོགས་ལ་གཞིགས་ན་རྒྱུད་ནང་ཞི་བྱེད་ཀུན་གྱི་ཐོག་མར་ཐང་བསྟེན་དགོས་ པར་གསུངས་པ་ནི་ནད་གཞི་ཕལ་མོ་ཆེརཐོག་མར་སྨིན་བསྡུ་འབྱེད་བྱེད་ཀྱིས་ཐང་བསྟེན་ན་ཚད་པ་འཐོར་ཉེན་སྲུང་ཞིངགཞི་ནས་གནས་ངེས་པ་ཅན་དེར་དངོས་གཞི་གསོད་སྦྱོང་བྱས་ན་གཅིག་ནས་ནད་གཉའ་གཅོག་པ་དང་གཞན་དུ་ཡང་ནད་རོ་འདོན་ནུས་པའི་ དགེ་མཚན་ལྡན།།ནད་ཐོག་ལག་ལེན་བྱ་རིང་གཞུང་ལ་ཚད་མར་མི་འཛིན་ཅིང་སྟབས་ཅི་བདེ་རུ་ནད་པར་སྨན་སྤྲད་པ་དང་རང་ ཉིད་ནས་གོམས་པ་མེད་བཞིན་དུ་ནད་པར་སྲོག་ཉེན་ཆེ་བའི་སྨན་རིགས་སྤྲད་པ་དང་ལྟོ་ངོ་རྒྱབ་ངོ་ཆེ་ཆུང་གིས་ནད་པར་རྫས་ངོ་ཆེ་ཆུང་བྱེད་པ། ནད་པར་ཟས་སྤྱོད་ཀྱི་སྤང་བླང་གསལ་པོ་མི་བསླབ་པ།   སྨན་རིགས་འཐུ་བསྒྲུབ་སྦྱོར་བཟོ་དུག་འདོན་གྱི་ལག་ལེན་

མི་ནུས་པ་སོགས་ཀྱི་དབང་དུ་ཤོར་ན་མུན་ཁང་འབེན་ལ་བརྡེག་པ་དང་ཁྱད་པར་ཅི།     

གོང་གསལ་དེ་ལྟར་དུ་འགྱུར་ཉེན་ཆེ་བས་ང་ཚོས་དུས་རྟག་ཏུ་སྨན་པའི་ཀུན་སྤྱོད་དག་རང་ཉིད་ཀྱི་མིག་ཟུང་ལྟར་གཅེས་སུ་འཛིན་ཅིང་དུས་དང་རྣམ་པ་ཀུན་དུའང་འགྲོ་བ་ཉམས་ཐག་ནད་པའི་ལུས་སེམས་གཉིས་ཀྱི་སྡུག་བསྔལ་སྐད་ཅིག་ཙམ་ཡང་སེལ་ཐབས་ཀྱི་ཀུན་སློང་ཡང་དག་སྒོ་ནས་གསོ་བར་འཇུག་དགོས།       

རྒྱུད་ལས།  མཐར་ཐུག་འབྲས་བུ་གཡོ་སྒྱུ་འདོད་པ་རྣམས།

སྤང་ནས་ནད་པ་གསོ་བ་ལ་འཇུག་པ།

བླ་མེད་སངས་རྒྱས་ས་ལ་བགྲོད་གྱུར་ཅེས།   

                           འཚོ་བྱེད་སྨན་པའི་རྒྱལ་པོས་བཤད་པ་ཡིན

ཞེས་གསུངས་པ་ལྟར་སླད་མར་ཡང་གསོ་བ་རིག་པ་འཛིན་པ་ཀུན་ཚིག་དུམ་འདི་ཉིད་ཀྱིས་ནད་ཐོག་སྨན་འཁེལ་དང་བཀྲེས་ དུས་ཟས་འཁེལ་ལྟར་དུ་མ་གྱུར་ཀྱང་དོན་གནད་མ་གྲོས་རང་མཐུན་གྱི་དམིགས་ཡུལ་ཉམས་ཐག་ནད་པའི་སྡུག་བསྔལ་སེལ་ཆེད་ ཡིན་པའི་ཕྱིར་དཔྱོད་ལྡན་རྣམས་ཀྱི་དཔྱད་ཅིང་བསྒྲུབ་ན་འགྲོ་བ་ཉམས་ཐག་ནད་པ་ཟུག་རྔུ་ནད་ལས་གྲོལ་ནས་ཁམས་དྭངས་ བདེ་ལེགས་སུ་འགྱུར་བར་གདོན་མི་ཟའོ།།                    སྟེང་ཆེན་རྫོང་སློབ་འབྲིང་ལས་སློབ་འཛིན་གྲྭའི་དགེ་མིང་ཙམ་འཛིན་པ་བསམ་གཏན་ནོར་བུ་ནས༎

སྤྱི་ལོ་༢༠༡༣ལོའི་ཟླ་ཚེས་འབྱུང་འཕྲོད་དུས་བཟང་ཉིན་བྲིས་
Re:༾བོད་ཀྱི་གསོ་བ་རིག་པའི་གནས་བབས་གསོན་པོར་བརྗོད་པ་ན་གཞོན་ཚེ་རིག་པའི་གོམ་སྒྲ།། | 2013/12/13 17:35:50
སྐུ་མགྲོན་1Jy4DP(སྐུ་མགྲོན)མ་འོངའ་ཟིན་ཐོ་སྤེལ་ན་ཡིག་འབྲུ་འདི་ལས་ཆེ་ཙམ་མཛད་ན་ལེགས། ཨ་ཙེ་ཀུ་རེ་ཞུས།
རྩོམ་པ་པོ།:སྐུ་མགྲོན་1Jy4DP(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.