སྒོ་པའི་ཕོ་ཉ།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
སྟེང་ཆེན་དུ་སྨན་རྫས་རིགས་ཀྱི་ནུས་མིང་རྐྱང་བཤད། | 2014/3/17 21:57:00

༄༅།།སྟེང་ཆེན་རྫོང་གི་ཉེ་འགྲམ་དུ་ཡོད་པའི་སྨན་རྫས་རིགས་ཀྱི་ནུས་མིང་རྐྱང་བཤད་།

ཀཎྡ་ཀརིས་རླུང་གི་ཚ་བ་སེལ།

སྐེ་ཚེས་བགེགས་འདུལ་སྐྲངས་དང་ལྷོག་པ་སེལ། ཀྱི་ལྕེ་དཀར་པོས་སྣོད་ཚད་མཁྲིས་ཚད་སེལ།

ནག་པོས་སྐྲངས་འཇོམས་གག་པ་ཆུ་སེར་སྐེམ། སྐྱེར་པ་སེ་རྒོད་དུག་སྡུད་ཆུ་སེར་སེལ།

སྐྱེར་པའི་མེ་ཏོག་འབྲས་བུས་འཁྲུ་བ་གཅོད། ཀླུ་བདུད་རྡོ་རྗེས་གཟའ་ཀླུ་འབམ་གདོན་འཇོམས།

ཁུར་མོང་བད་སྨུག་ཚད་རྙིང་སེལ་བར་བྱེད། མཁན་པས་ཁྲག་གཅོད་ཡན་ལག་སྐྲངས་པ་འཇོམས།

ཁྲོན་བུས་མཁྲིས་སྦྱོང་གྲོ་མས་འཁྲུ་བ་གཅོད། ཁྱུང་སྡེར་དཀར་སྨུག་དུག་ཚད་སེལ་བར་བྱེད།

གང་གྰ་ཆུང་གིས་དུག་དང་ཚད་འཁྲུ་གཅོད། གནྡྷ་བྷ་དྲ་སྐྲན་དང་བད་ཀན་སེལ།

གངས་ཐིག་མཆིན་ཚད་ཆུ་འདྲེན་ཆག་པ་སྦྱོར། གོ་སྙོད་རླུང་ཚད་དུག་དང་མིག་ནད་སེལ།

གྲེས་མས་གེ་སར་སྲིན་གསོད་གླང་ཐབས་འཇོམས། གླང་སྣས་རྨ་འདྲུབ་ཆུ་འབྱིན་ཆུ་སེར་སྐེམ། གླ་སྒང་བད་གློ་གྱུར་པའི་སྐད་འགགས་སེལ། སྒ་ཚས་དྲོད་སྐྱེད་རུལ་གཅོད་ཆུ་སེར་འདྲེན། སྒོང་ཐོག་པ་ཡིས་ཤ་དུག་འཁྲུགས་ཚད་ སེལ། སྒ་སྐྱས་བད་རླུང་སེལ་ཞིང་ཁྲག་འཁྱགས་འཇུ། སྔོན་བུས་ཆུ་སེར་ནད་རྣམས་འཇམ་པོས་སྦྱོང་། ལྕ་བས་ཆུ་སེར་མཁལ་རྐེད་གྲང་བ་སེལ། ཁྱད་པར་ཆུ་སེར་ནད་རྣམས་འཇོམས་པར་བྱེད།

ལྕགས་ཀྱིས་མཆིན་དུག་མིག་ནད་སྐྱ་རྦབ་སེལ་། ལྕགས་ཏིག་དཀར་པོས་མཁྲིས་ཚད་རིམས་ཚད་སེལ། ལྕགས་ཀྱུས་གཉན་ནད་འདུལ་ཞིང་དུག་ཚད་སེལ།  ལྕེ་ཚ་དབྱི་མོང་དྲོད་བསྐྱེད་ཆུ་སེར་འདྲེན།      ལྕུམ་རྩས་དུག་ཚད་སྣོད་ཚད་བད་ཀན་སྦྱོང་། ཆུ་རྩས་གཉན་སྦྱོང་རྨ་ཡི་སྐམ་རྩི་བྱེད།            

ཆུ་མ་རྩི་ཡིས་ ཆུ་སེར་དམུ་ཆུ་སྦྱོང་། འཇིབ་རྩིས་ཁ་སོ་མཆིན་པའི་ཚད་པ་སེལ། གཉན་འདུལ་བ་ཡིས་གཉན་གཟེར་ཚ་བ་འཇོམས། ཉེ་ཤིང་ཚེ་བསྲིང་སྙ་ལོས་སྣོད་ཚད་སེལ། ཏང་ཀུན་སྙིང་གི་ཚད་པ་སེལ་བར་བྱེད།  ཏི་མུ་ས་ཡིས་འཁྲུ་བ་གཅོད་པར་བྱེད། སྟག་ཤས་རྨ་འདྲུབ་གཉན་གསོད་དུག་ནད་སེལ།

ཁྱད་པར་ཁྲག་མཁྲིས་འཁྲུགས་པའི་མགོ་གཟེར་སེལ། རྟ་ལྤགས་ལྷ་བ་འཛིན་ཞིང་ཆུ་སེར་འདྲེན།

 རྟ་རྨིག་རྨ་གསོ་རུལ་གཅོད་རྩ་སྒོ་འགེགས། སྟར་བུ་གློ་བརྐོ་ཁྲག་འཇུ་བད་ཀན་གཅོད།

ཐ་རམ་ན་རམ་ལ་སོགས་འཁྲུ་བ་གཅོད། ཐང་ཁྲོམ་ལང་ཐང་རྩེ་ཡིས་སྲིན་ནད་སེལ། དྭ་བའི་རྩ་བས་སྲིན་གསོད་རུས་མཛེར་འགོགས། དུག་མོ་ཉུང་གིས་མཁྲིས་སེལ་ཚ་འཁྲུ་གཅོད། དེ་ཝས་རིམས་སེལ་རྩྭ་མཁྲིས་མཁྲིས་ནད་སེལ། དར་ཡ་ཀན་གྱིས་བྱང་ཁོག་ཆུ་སེར་སྐེམ། དུར་བྱིད་ཐར་ནུ་ཚ་གྲང་ནད་ཀུན་སྦྱོང་།

འདམ་བུ་ཀ་ རས་གློ་མཆིན་རྩ་ཚད་སེལ། ལྡུམ་ནག་དོམ་མཁྲིས་རྨ་གསོ་རྩ་ཁ་འཛིན།

རྡོ་ཀླད་ཀླད་པ་སྡོམ་ཞིང་ཤའུ་གསོ། ནད་མས་ཆག་སྦྱོར་རྨ་འདྲུབ་སྐྲངས་པ་གཞིལ། སྣེའུས་རྔུལ་འདྲེན་རྨ་གསོ་རུས་ཆག་སྦྱོར། པ་ཡག་རྩ་བས་གློ་གསོ་གློ་རྣག་འདྲེན། པར་པ་ཏ་ཡིས་རིམས་དང་དུག་ཚད་སེལ།

པྲི་ཡང་ཀུ་ཡིས་ཕོ་མཆིན་ཚ་བ་སེལ། སྤང་སྤོས་ཚད་རྙིང་དུག་ཚད་སེལ་བར་བྱེད། སྤང་རྒྱན་དཀར་པོས་ཕོ་མཆིན་ཚ་བ་སེལ། སྤང་རྩི་དོ་བོས་རིམས་དུག་རྙིང་ཚད་སེལ། སྤོར་གྱིས་རིམས་རྙིང་གཟེར་ནད་སྲིན་ནད་སེལ། སྤྱང་དུག་པ་ཡིས་དུག་རིགས་ནུས་པ་གསོད། སྤྱང་ཚེར་བད་ཀན་ནད་རྣམས་གྱེན་དུ་འདྲེན།

སྤྲ་ཐོག་པ་ཡིས་རིམས་དང་རྡོ་དུག་སེལ། སྤྲུ་མས་རིམས་ཆམ་བེ་གེ་མགོ་གཟེར་སེལ།

ཕ་ལྦང་སྒོ་ཏིས་གཉན་ཚད་སྲིན་ནད་སེལ། འབྲས་དང་མཛེ་ནད་འཇོམས་ཤིང་ཁྲག་ཤོར་གཅོད། འཕང་མའི་འབྲས་བུས་ སྙིང་ཚད་མོ་ནད་སེལ། ཕུར་མོང་སྲིན་གསོད་གཉན་ལྷོག་གདོན་ནད་སེལ། བ་ལུས་བད་ཀན་ཚ་གྲང་ འཐབ་པ་སེལ། བ་ཤ་ཀ་ཡིས་ཁྲག་ཚད་རོལ་དུ་གཅོད། བོང་ང་དཀར་པོས་རིམས་དུག་མཁྲིས་ཚད་སེལ། བོང་ང་དམར་སེར་ཤ་དུག་བཙན་དུག་སེལ། བྱ་རྒོད་སྤོས་ཀྱིས་གདོན་དུག་རིམས་ཚད་སེལ།  བྱི་རུག་རྨ་ཡིས་འབུ་སྲུང་སྲིན་ཕོལ་སེལ། བྱི་ཤང་དཀར་པོས་གློ་ཚད་ཕྱི་སྐྲན་སེལ།

བྱི་ཚེར་རིམས་དུག་མཁལ་མའི་ཚ་བ་སེལ། བྲག་སྤོས་རྨ་འདྲུབ་རྣག་སྐེམ་ལྷ་བ་འཛིན། འབྲི་ཏ་ས་འཛིན་རྣག་ཁྲག་གློ་ལུ་སེལ། བྲག་ལྕམ་པ་ཡིས་རྨ་རྣམས་འདྲུལ་བར་བྱེད། བྲག་སྐྱ་ཧ་བོ་དུག་སེལ་ཚད་འཁྲུ་གཅོད། 

འབམ་པོས་སྐྲངས་འཇོམས་ཁོང་འབྲས་བཤིག་པར་བྱེད། བྲེ་གས་གློ་དང་མཁལ་མའི་ཚ་བ་སེལ།

འབྲི་ཏ་ས་འཛིན་རྣག་ཁྲག་ཆུ་སེར་འདྲེན། བྱ་ཕོ་ཙི་ཙི་བུད་མེད་ཟླ་མཚན་གཅོད།

དབྱི་མོང་དྲོད་སྐྱེད་སྐྲན་བཤིག་གཅོད་འབིགས་འདྲེན། འབུ་སུ་ཧང་གིས་རྨ་འདྲུབ་གློ་ཚད་སེལ།

དབང་པོ་ལག་པས་ལུས་སྟོབས་ཁུ་བ་སྐྱེད། བྲག་ཞུན་ཚད་པའི་ནད་རྣམས་ཀུན་ལ་ཕན། ཁྱད་པར་ཕོ་མཆིན་མཁལ་ཚད་སེལ་བའི་མཆོག མེ་ཏོག་སེར་ཆེན་རྨ་འདྲུབ་རྩ་རུལ་གསོད། མར་ནག་གྲང་སེལ་རླུང་འཇོམས་ཁྲག་མཁྲིས་འཕེལ། མུ་ཟི་སེར་པོས་གདོན་འཇོམས་རྣག་ཁྲག་སྐེམ། མིང་ཅན་གཉན་ལྷོག་སྐྲངས་འཇོམས་གཟེར་སྨན་མཆོག། མེ་ཏོག་ལུག་མིག་དུག་དང་རིམས་ཚད་སེལ། སྨུག་པོ་སྦལ་རྒྱབ་ཕོ་སྦལ་མོ་སྦལ་གཉིས།   ཆུ་སེར་འཕུལ་འདྲེན་སྐེམ་ཞིང་ལྷ་བ་འཛིན། མཉྫི་ར་ཡིས་རུས་པའི་ཚད་པ་སེལ།

རུས་པ་ཆག་པ་སྦྱོར་ ཞིང་ཀླད་པ་སྡོམ། ཙི་ཙི་ས་འཛིན་བྱང་ཁོག་རྣག་ཁྲག་སྐེམ། རྩྭ་མཁྲིས་བ་མོ་ཁ་ཡིས་མཁྲིས་ནད་སེལ།   རྩད་དང་རྒུ་ཐུབ་ལྡུམ་སྟག་དུག་ནད་སེལ། ཚར་བོང་གྲེ་བའི་ཚད་པ་གློ་ནད་སེལ།

ཚར་འབྲུམ་ཡན་ ལག་ཆུ་སེར་བྱེར་བ་སྡུད། ཚེར་སྔོན་རུས་ཆག་གསོ་ཞིང་ལྷ་བ་འདེགས། མཚེ་ལྡུམ་རྩ་ཡིས་ཁྲག་གཅོད་ མཆིན་ཚད་སེལ། མཛོ་མོས་ཁྲག་འཁྱག་འཇུ་ཞིང་ཁྲག་ཚད་སེལ། འཛིན་པ་ཟླ་བྲལ་རུས་ཚིགས་གཟེར་རིགས་འཇོམས། ཁྱད་པར་གྲུམ་བུ་གཉན་ལྷོག་གག་སོགས་སེལ། ཞིམ་ཐིག་ལེ་ཡིས་མིག་གི་ལིང་ཐོག་ལེན། ཟྭ་འབྲུམ་དྲོད་སྐྱེད་རླུང་ལྡན་ཚད་རྙིང་སེལ། ཟར་མས་རླུང་སེལ་འཇམ་པའི་བད་མཁྲིས་སྐྱེད། ཟངས་རྩི་པ་ཡིས་མཁྲིས་ནད་མིག་སེར་སེལ། ཟངས་ཀྱིས་རྣག་སྐེམ་གློ་མཆིན་ཚ་བ་སེལ། ཟངས་ཏིག་ལྕག་ཏིག་མཁྲིས་པའི་ཚ་བ་སེལ། ཟི་ར་སེར་པོས་མཆིན་པའི་གྲང་བ་སེལ།

ཟིན་ཏིག་གཉན་ལྷོག་གཟའ་ནད་སྲིན་ལ་ཕན། འོལ་མེ་སེ་ཡིས་རྩ་ནད་མངལ་སྐྱོན་སེལ།

འོམ་བུས་དུག་ཚད་ རྙིང་ཞེན་བྱེར་བསྡུ་གསོད། གཡུ་ཡིས་དུག་དང་མཆིན་པའི་ཚ་བ་སེལ། གཡའ་ཀྱི་མ་ཡིས་མཁྲིས་པ་ཞི་ སྦྱོང་བྱེད། ཡུ་གུ་ཤིང་གིས་རྨ་སྦྱོར་དུག་ཚད་སེལ། ཡུ་མོ་མདེའུ་འབྱིན་བུ་རོ་ཟུག་རྔུ་འབྱིན།  གཡེར་ཤིང་པ་ཡིས་འབྲུམ་པའི་ཚ་བ་སེལ། ཡོ་འབོག་ཚད་པ་ཀུན་སེལ་རྨ་ལ་ཕན།

ར་མཉེ་ཉེ་ཤིང་ཚེ་ བསྲིང་ཆུ་སེར་སེལ། རི་ཤོ་མཁྲིས་གྱུར་ནད་ཀུན་གྱེན་ལ་འདྲེན། རེ་ལྕག་པ་ཡིས་འབྲས་འདུལ་གཉན་ནད་སྦྱོང་། རེ་སྐོན་ཁྲག་སྐེམ་སྨུག་པོ་རྩ་ཚད་སེལ། རོག་པོ་འཇོམས་སྐྱེས་གློ་ནད་མགོ་རུས་འཚོ།

ལུག་ཆུང་རིམས་དུག་སྨུག་པོ་རྩ་ཚད་སེལ། ལུག་མུར་དུག་སེལ་ཡན་ལག་སྐྲངས་པ་འཇོམས།

ལུག་རུ་སྨུག་ པོས་དུག་སྡུད་ཤ་དུག་སེལ། ལུག་རུ་སེར་པོས་ཆུ་རུག་ཆུ་འཐུང་སེལ།

ལོ་བཙན་པ་ཡིས་དམར་བཤལ་གཅོད་པར་བྱེད། ལུག་ཤོ་རྨ་ཡིས་ཚད་པ་སེལ་བར་བྱེད། ཤ་མང་པ་ཡིས་དུག་དང་རྨ་ལ་ཕན། ཤང་ཚེས་ལྷོག་འདུལ་ཤོ་མང་རྨ་ཚད་སེལ། ཤང་དྲིལ་དཀར་པོས་འཁྲུགས་སྟོངས་རིམས་ཚད་སེལ། སེར་པོས་ཚད་འཁྲུ་གཅོད་ཅིང་བྱིས་ལ་བསྔགས། ཤུག་པ་ཚེར་ཅན་མཁལ་ཚད་ལྷོག་པ་སེལ།

ཤོ་མང་ རྨ་ཡིས་ཚ་བ་སེལ་བར་བྱེད། གློ་ཚད་སྙིང་ཚད་སེལ་ལ་རླུང་ལ་ཕན།

གསེར་གྱིས་ཚེ་རིང་རྒས་སྲ་ དབྱིག་དུག་སེལ། སརྫི་ཀ་ཡིས་ཕོ་བའི་མེ་དྲོད་སྐྱེད། སེ་བའི་མེ་ཏོག་མཁྲིས་སེལ་རླུང་ཁ་གནོན།

སུག་ པ་དག་བྱེད་རྣ་བ་འགགས་པར་ཕན། སེང་གེ་འཇིགས་མེད་མགོ་ཆག་རུས་རྨ་གསོ།

སུམ་ཅུ་ཏིག་གིས་མཆིན་མཁྲིས་ཚ་བ་སེལ། སོག་ཀ་པ་ཡིས་སྐྱུགས་པ་གཅོད་པར་བྱེད། སྲད་མས་འོར་དང་སྐྱ་རྦབ་དམུ་ཆུ་འདྲེན། སྲོ་ལོ་དཀར་པོས་གློ་ཡི་ཚད་པ་སེལ། སྲོལ་གོང་པ་ཡིས་མགོ་ཆག་དུག་ཚད་སེལ།

སྲུབ་ཀས་རུལ་གཅོད་དྲོད་སྐྱེད་ཆུ་སེར་འདྲེན། ཧོང་ལེན་ཁྲག་སྐེམ་འཁྲུགས་ཚད་དོན་ཚད་སེལ།

ཨ་བི་ཥ་ཡིས་མགོ་ཆག་དུག་ཚད་སེལ།  ཨ་ཤྭ་གནྡྷ་སྨད་གྲང་ཆུ་སེར་སེལ། 

 ཨ་ཝ་བྱང་ཁོག་རྨ་དང་མིག་ལ་ཕན།

་བྱག་མགོ་ཆག་གསོ་ཞིང་ཆུ་སེར་སྐེམ།

ཨུག་ཆོས་རྣ་བའི་ནད་སེལ་སྦོས་པ་སྦྱོང་།

ཨ་ཀྲོང་གློ་ཡི་ཚ་བ་སེལ་བར་བྱེད།                 

སྒོ་པའི་ཕོ་ཉ་ནས།  སྤྱི་ལོ་༢༠༡ལོའི་ཟླ་ཚེས་འབྱུང་འཕྲོད་དུས་བཟང་ཉིན་བསྒྲིགས

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.