སྒོ་པའི་ཕོ་ཉ།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
གནད་བསྡུས་དུམ་གཅིག། | 2013/12/11 16:59:00

གནད་བསྡུས་དུམ་གཅིག།

དགེ་བཤེས་ཤེས་རབ་ཀུན་གྲགས།

དྲན་འཁྲུལ་སེམས་ཀྱི་འཕྲུལ་འཁོར་འདི།།  འུ་ཅག་མི་ནོར་གཉིས་ལ་བསྐོར།།   ཕོ་རྒྱུད་ཤོར་བའི་བྱ་བཞག་ལས།།

ལག་ལེན་སྣ་གཅིག་མོ་གཤམ་བུ།།  ཕ་གཤིས་བུ་ཡི་གཤིས་བཟང་ལས།།   བུ་གཤིས་ཕ་ཡིས་གཤིས་བཟང་མིན།།

འདི་འདྲའི་འདྲ་མཚུངས་ལུགས་སྲོལ་ཚོ།།  རང་སྐྱོན་འདོན་པའི་ཁྱད་ནོར་མིན།།  ཕ་མས་གཅེས་པའི་ལས་ཚོགས་དེ།།

ཕ་བཟང་བུ་ཡིས་གཏོར་ན་ཅི།།  ཕ་མའི་བཞེངས་པའི་དགེ་ཚོགས་ཚོ།།   ཨ་ཕྲུག་རྣམས་ཀྱིས་བཤིགས་ན་གང་།།

དཔའ་རྩལ་ལྡན་པའི་བུ་བཟང་ལ།།  དྲན་འཕྲུལ་བསྐོར་བའི་དོ་བཟླ་ནམ།།  མཐོ་དགའ་འདོད་སྲེད་ཆེ་རིགས་ལ།།

འདི་ཚེའི་བེད་སྤྱོད་གལ་དུས་ཐོབ།།  ཁ་རྩེ་སྣ་རྩེ་ཐལ་དྲག་ན།།   ཁ་ལེན་སྣ་ལེན་ཡོད་པར་འདུག།

མི་ཁ་ངན་པའི་དྲི་ཡོད་ན།།  ཁ་འདིའི་དྲི་མ་འཐོར་ཉེན་ཆེ།།  ཁ་འབར་ཁོག་སྟོངས་ཁག་མེད་རིགས།།

ཁ་ལོ་སྣ་བཅོས་བྱེད་ལ་རེམ།།  ཁ་ཞེ་གཉིས་མེད་ཁ་ལུགས་ལ།།  ཁ་ཚ་དགོས་གཏུགས་སྤྲད་ན་བསམ།།

ཨ་ཁའི་བསམ་དཀར་ཟ་ཆུ་འདི།།  འཚོ་བ་སྤྱོད་ལུགས་གང་འདྲ་བཟོ།།   ཞ་གོས་རྒྱན་གྱི་ལེགས་ཆ་འདི།།

བེད་སྤྱོད་ཐབས་ཤེས་ག་དུས་བྱེད།།  རིགས་བཟང་ཀླད་རྙིང་ཤེ་འཇོན་ཚོས།།   གསར་འགྲོགས་ཀླད་ཆུང་ཆུ་ལ་བསྒྱུར།།

ཤ་སྐྲ་བརྗེ་བའི་མི་རིགས་ལ།།   ཤ་ལོ་བཟང་ངན་ཅི་ལ་སྨྲ།།

Re:གནད་བསྡུས་དུམ་གཅིག། | 2013/12/24 14:10:44
སྐུ་མགྲོན་M62Tk8(སྐུ་མགྲོན)དགེ་བཤེས་ཤེས་རབ་ཀུན་གྲགས་ལགས། ཁྱེད་ཀྱི་རྩོམ་དེ་ཡག་པོ་བྲིས་
འདུག། ཡིན་ན་ཡང་ཁྱེད་ཀྱི་དུས་རྒྱུན་དུ་སྨྱོ་གཏམ་དེ་མང་པོ་བཤད་ན་
ཡག་པོ་མི་འདུག། གང་ཡིན་ཟེར་ན་མི་སྡེའི་ཁྱེད་ལ་དགེ་བཤེས་སྨྱོན་
པ་ཞེས་རྗོད་ཀྱི་འདུག།
རྩོམ་པ་པོ།:སྐུ་མགྲོན་M62Tk8(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.