སྒོ་པའི་ཕོ་ཉ།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཚངས་པ་སྤོས་སྦྱོར་ | 2013/7/11 22:09:00

༄༅ཉེ་ཆར་སྟེང་ཆེན་རྫོང་སློབ་འབྲིང་དུ་ཁམས་གསུམ་སྣང་གསལ་ཞེས་པའི་སྤོས་ཤིག་ལེགས་གྲུབ་བྱུང་བ་ཉིད་ཤར་རྫའི་བཀའ་འབུམ་དང་ཀོང་སྤྲུལ་ཟིན་ཏིག་དེ་བཞིན་གསོ་རིག་གཅེས་བཏུས་སོགས་ལས་དྲངས་ཏེ་ཚངས་པ་སྤོས་སྦྱོར་ནང་འཁོད་པའི་སྨན་སྦྱོར་གྱི་གཙོར་བྱས་པ་དང་སྔོན་བྱོན་མཁས་པའི་ལུང་རྒྱུད་དང་བདག་གི་སློབ་དཔོན་དགེ་སློང་གཡུང་དྲུང་ཉི་མ་མཆོག་གིས་ལོ་མང་རིང་སྨན་སྦྱོར་བཟོ་རྩལ་གྱིས་མྱོང་བས་རྒྱན་ཞིང་སྦྱོར་ནས་བཟོས་པའི་སྤོས་ཉིད་རྫོང་སློབ་འབྲིང་དུ་གཟའ་སྐར་

འཕྲོད་བཟང་ཐོག་གཞོན་དར་མིང་བཀྲ་ལེགས་ཤིང་གསོ་རིག་ལས་ལ་འཇུག་པའི་ལས་མི་དང་པོ་བ་ཉེར་གཅིག་གིས་བདུན་ཕྲག་གསུམ་གྱི་རིང་དཀོན་མཆོག་གསུམ་ལ་འབུལ་བར་དམིགས་བྱས་ནས་དགའ་དད་མོས་པའི་སྒོ་ནས་འཇུག་ཅིང་ལྷག་ཏུ་སློབ་དཔོན་དངོས་ཀྱིས་ལག་ལེན་ཁག་ང་ཚོར་ཐོབ་དམིགས་ཀྱི་ཀུན་སློང་ཐོག་སློབ་སྟོན་

མཛད་ནས་བཟོས་པའི་སྤོས་འདི་ཙན་དན་དཀར་དམར་དང་ནྰ་གི། གླ་རྩི། ཁ་ཆེ་ གུར་གུམ། ཨ་གར་སོགས་སྨན་སྣ་༥༧ཙམ་འདུས་ཡོད་ལ་།སྨན་སྣ་སོ་སོ་ནས་ ཀྱང་རྒྱུད་ནང་བསྟན་པ་ཇི་བཞིན་སྦྱོར་བཟོ་ཚད་ལྡན་བྱས་ཡོད་པ་དཔེར་ན།ནྰ་གི་གཅིག་ཉིད་ཀྱང་ཉིན་༡༣རིང་སྐམ་འདུལ་བྱས་པ།དེ་བཞིན་སྨན་རྐྱང་གཞན་རྣམས་ ཀྱང་སྐམ་རློན་འདུལ་ཚུལ་སློབ་དཔོན་གྱིས་མཛུབ་སྟོན་ཇི་བཞིན་ལག་ལེན་བྱས་ནས་བཟོས་པའི་ཚངས་པ་སྤོས་ཀྱི་སྦྱོར་བ་འདིས་ནུས་པ་ནི་ཤར་རྫའི་གསུངས་འབུམ་ལས།   ཕྱི་ནང་གི་དཀྱིལ་འཁོར་གང་ལའང་དུད་པ་ཕྱུངས་ལ་དྲིའི་མཆོད་པ་འབུལ་བའི་ཕན་ཡོན་ནི། གདོན་བགེགས་བསྐྲད་དེ་ནད་རིམས་འཇོམས།  མི་དང་མི་མིན་དབང་དུ་འདུས།   བདེ་གཤེགས་རྒྱ་མཚོའི་ཐུགས་མཆོག་མཉེས།   དམ་ཙན་རྒྱ་མཚོའི་ཐུགས་དམ་བསྐང་།  གཙང་རིགས་རྣམས་ཀྱིས་སྡོང་གྲོགས་བྱེད་།  སྡོམ་པ་དམ་ཚིག་ཆག་ཉམས་སོབ།     འགྲོ་དོན་དགེ་བ་སྨིན་པར་འགྱུར།  ཞེས་གསུངས་སོ།།
Re:ཚངས་པ་སྤོས་སྦྱོར་ | 2013/7/12 13:33:41
སྐུ་མགྲོན་s84Yq1(སྐུ་མགྲོན)བཀྲ་ཤིས་བདེ་ལེགས་ཞུ།

རྩོམ་པ་པོ།:སྐུ་མགྲོན་s84Yq1(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཚངས་པ་སྤོས་སྦྱོར་ | 2013/7/11 22:37:52
སྐུ་མགྲོན་wCRe7I(སྐུ་མགྲོན)བཀའ་དྲིན་ཆེ་སྤོས་དེ་ཉིད་ཚོང་འབྲེལ་བྱེད་སའི་གནས་གང་དང་གང་ལ་ཡོད་ན་གཅིག་གསུང་རོགས་གནང་།
རྩོམ་པ་པོ།:སྐུ་མགྲོན་wCRe7I(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.