སྒོ་པའི་ཕོ་ཉ།
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
མཐོང་ཐོས་ཀྱི་གཏམ། | 2013/12/11 16:52:00

མཐོང་ཐོས་ཀྱི་གཏམ།

དགེ་བཤེས་ཤེས་རབ་ཀུན་གྲགས།

སྔ་རབས་གོམས་གཤིས་འཇིག་གཏོར་བྱེད་པའི་སྙིང་ཁམ་པོ།།   ད་ལྟའི་སྤྱི་འཚོགས་ཕུང་དཀྲུག་སྟངས་བའི་འཇོན་ཐང་ཅན།།

བཟང་པོ་གསུམ་འཛོམས་ལ་རྒྱ་ལྡན་པའི་པའི་ཕ་བཟང་བུ།།     འདི་ལྟའི་རིགས་ནི་དེང་གི་དུས་ཀྱི་མཛེས་རྒྱན་དངོས།།

གོང་མ་རྣམས་ལ་འདེང་ཐང་འཇོག་པའི་བསམ་ཤེས་བྲལ།།    སྐལ་མཉམ་ཚོ་ལ་མཐུན་ལམ་འབྲེལ་བའི་ཕན་སེམས་དབེན།།

འོག་མ་ཀུན་ལ་བྱམས་སྐྱོང་དྲན་པའི་ཐབས་ཇུས་ཆུང་།།       ང་རྒྱལ་དྲེགས་པའི་ལུས་སེམས་སྦོས་པ་ཤ་ཚའི་གནས།།

ཕྱི་ཡི་འཁོར་ཡུག་རྩ་གསུམ་ལྷ་ཡི་རྣམ་པ་འདྲ་།།            ནང་གི་རྡོག་པོ་གནམ་ཐོས་སྲས་ཀྱི་བང་མཛོད་བཞིན།།

བར་གྱི་ལོངས་སྤྱོད་དགོས་འདོད་འབྱུང་བའི་ཡིད་བཞིན་ནོར།།     ཐམས་ཅད་ཕུན་ཚོགས་ས་ཐོག་འདི་ཡི་འབྱོར་ལྡན་པ།།

མི་རིགས་ནང་གི་ཤེས་རིག་མ་ཤེས་རྗེས་ལུས་པ།།              སྐྱེ་བ་འདི་ལ་ཡོ་བྱེད་མ་གསོག་འབྱོར་མེད་པ།།

མི་རིགས་ནང་ནས་མཉམ་དུ་མ་འདྲེས་ཁེ་རྐྱང་བ།།             ཐམས་ཅད་ཀུན་ནས་ཟུར་དུ་བུད་པ་འཁྱམ་པོ་བ།།

བཙན་པོ་རྣམས་ཀྱི་ལོ་རབས་བཀླག་པའི་ཁུག་སྣེ་ནས།།          ཕོ་རྒོད་ཚོ་ཡི་དཔའ་རྩལ་བསྟན་པའི་སྡིག་གཏམ་མམ།།

དེ་མིན་དོག་ཟོན་ཁོང་ནས་ཤར་བའི་འཆལ་གཏམ་འམ།།       གཞན་པ་དོན་མེད་ཚིགས་འཆལ་གཏོང་བའི་དགོས་པ་ཅི།།

ཁྱེད་ཀྱི་རྗེས་ལ་མཁས་པའི་བཅུ་ཕྲག་ཡོན་ཏན་ངམ།།          ཁྱེད་ཀྱི་རྗེས་ལ་དཔའ་བོའི་འཁོར་གསུམ་ལུས་ལ་འཆང་།།

ཁྱེད་ཀྱི་རྗེས་ལ་མཛེས་མའི་ཞལ་རས་འཛུམ་མདངས་ངམ།།          ཁྱེད་ཀྱི་རྗེས་ལ་ཕྱུག་པོའི་ནོར་གྱི་སྟོན་མོ་བཤམ།།

བདེན་པར་སྨྲ་བའི་ཆུ་ཚད་ལྡན་ན་དྲངས་པོ་བཤད།།         ཡིན་པར་བཀྲལ་བའི་གནས་ཚད་སློབ་ན་ཇི་བཞིན་བརྗོད།།

གོ་ཚད་མཐོང་ཚད་ལག་ཏུ་བླངས་ན་ཕུང་བའི་རྒྱུ།།                 མི་ཤེས་ཤེས་འདོག་བུ་ལ་བྱེད་ན་ཁྲེལ་བའི་རྒྱུ།།

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.