འོལ་མོ་གླིང་།
སྤྱི་བསྒྲགས།
QQ 1978325002
ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
གྲྭ་རྐྱང་། | 2015/8/13 15:21:00
0
གྲྭ་རྐྱང་།
དཀར་གཙང་གི་དར་ཡུག་རིང་མོ་ཞིག་ལ་འཇུས་ནས་ཡོད་ཚད་བློས་བཏང་།
ངན་རྔོན་གྱི་འཚོ་བས་སྲོག་རྒྱུན་ནར་མོ་དེ་ཡུན་ནས་ཡུན་དུ་འཚོ།
ད་དུང་།ལྷ་ཡུལ་ནས་ལྷ་ཡུལ།
མྱང་འདས་ནས་མྱང་འདས།
ཕ་རོལ་ནས་ཕ་རོལ་བསྐྱོད་རྒྱུའི་དམིགས་ཡུལ་དང་དགོད་སྒྲས་ཁེངས།
རེད་ཡ།རེ་སྨོན་ནི་རྣམ་ཤེས་མ་ཞུགས་པའི་འདྲ་སྐུ་བཞིན་དུ་བརྟན་དགོས་ལ།
མདུན་དུ་རྒྱུགས་པ་ནི་འཇིག་རྟེན་གྱི་འཁྲུལ་སྣང་འབའ་ཞིག
ད་དུང་།འཇིག་རྟེན་གྱི་སྤྲོ་སྣང་།མངར་སྐྱུར་གྱི་འཚོ་བ།ལང་ཚོའི་ཉམས་སྒེག་ཡོད་ཚད་གཟན་ཤམ་གྱི་ཐུ་འོག་ནས་མི་མངོན་པར་བྱས།
ལ་ལས་ཁྱེད་ལ་དག་ཞིང་བསྐྱོད་པའི་རུ་དཔོན་ཟེར་ལ།
འགའ་རེས་སྙིང་པོ་མེད་པའི་བྱ་བ་ཁ་དོག་མེད་པའི་འཚོ་བ་ཞེས་བརྗོད།
རེས་འགས་སྐྱོ་སྣང་བྲལ་ཞིང་མི་རིགས་ཀྱི་ལོ་རྒྱུས་ལ་གསོན་ཤུགས་སྦྱིན་པའི་ལྷང་ངེར་འགྱིང་བའི་རྡོ་རིང་ཞིག་ཏུ་སྨོན།ནམ་ཡང་བརྟན།ནམ་ཡང་འཚོ།།
རྩོམ་པ་པོ།:lodgerab | བལྟ་ཀློག(351) | ལན་སློག(0) |གནད་དོན་ཡར་ཞུ | འདྲེན་བཀོལ་སྤྱི་བསྒྲགས(0) | རྩོམ་སྒྲིག