ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
{2}གདོན་དང་དེའི་ནང་ངོས་སྐོར་ལ་ཅུང་ཟད་དཔྱད་པ། | 2015/8/13 15:11:00

གཉིས་པ། གདོན་མི་མ་ཡིན་ལ་འཇུག་པའི་ཚུལ།

གདོན་ཞེས་པའི་ཐ་སྙད་འདི་མི་མ་ཡིན་གྱི་རིགས་ལ་འཇུག་ཚུལ་གཞུང་སོ་སོའི་བསྟན་སྟངས་ཇི་ཡོད་རིམ་པར་བཤད་འདོད།  སྔགས་མ་རྒྱུད་ནས་གདོན་ལྔ་བསྟན་སྐབས། (10)  ས་བོན་ཟས་སུ་ཟ་བ་སྲེད་ལེན་གྱི་གདོན།  དྲི་ཆེན་ཟས་སུ་ཟ་བ་སྲུལ་པོའི་གདོན། ཟླ་མཚན་ཟས་སུ་ཟ་བ་ཕུང་སྲི་རྟའམ་རྔ་མོང་གི་གདོན། དྲི་ཆུ་ཟས་སུ་ཟ་བ་ཡི་དྭགས་ཀྱི་གདོན། ཤ་ཆེན་ཟས་སུ་ཟ་བ་ཤ་ཟའི་གདོན་ཞེས་པ་འདིས་གདོན་རིགས་དེ་རྣམས་ཀྱིས་སོ་སོར་ཟས་སུ་ལོངས་གང་སྤྱོད་མིན་ཞིབ་པར་བསྟན་པ་དེ་ལས་ལོགས་སུ་གསལ་འགྲེལ་དགོས་པ་མ་མཐོང་། ཡང་རྗེ་ཡི་མཛོད་འགྲེལ་ལས་ཡུལ་གདོན་མིང་སྲིང་དགུ་བསྟན་སྐབས། (11)ཡུལ་གདོན་མི་སྲིང་དགུ་ནི། ཡུལ་གདོན་ནག་མོ། ཡུལ་འདྲེ་ཕུང་འགོང་། ཡུལ་བདག་བདུད་ལེན། ཡུལ་གདོན་ཕུད་ལེན། ཡུལ་གདོན་སྣ་དམར། ཡུལ་འདྲེ་མོ་སྣ་ལེན། ཡུལ་འདྲེ་མོ་ཀུན་ཏུ་རྒྱུག་པ། ཡུལ་འདྲེ་མོ་འགབ་གཅོད་མ། ཡུལ་འདྲེ་མོ་ཀུན་ཏུ་སྟོང་བྱེད་བཅས་ནང་གསེས་གདོན་རིགས་དགུ་ཙམ་བསྟན་པ་དང་། དེ་དག་གིས་བྱེད་ལས་གང་བརྩམས་མིན་རག་ཙམ་རྒྱུས་ལོན་ཐུབ། ཡང་གཟི་བརྗིད་ང་དུམ་ལས་པྲིང་རྒྱུད་ཡི་དྭགས་ཀྱི་སྐད་དྲུག་བསྟན་སྐབས།(12) པྲིང་ད་གདོན་གྱི་སྐད་ཅེས་འབྱུང་བས་དེ་འདྲའི་གདོན་དེ་ཡི་དྭགས་ཀྱི་ཁོངས་སུ་གཏོགས་པ་དང་། དེའི་སྐད་ལ་ཡི་དྭགས་ཀྱི་སྐད་ཅེས་ཐ་སྙད་སྦྱར་བར་མངོན། ཡང་གདོན་རིགས་བཅོ་བརྒྱད་བཤད་སྐབས།  (13)དུང་དཀར་ཚིག་མཛོད་ལས། ལྷ། ལྷ་མིན། དྲི་ཟ། ཞེས་པ་ནས་དྲང་སྲོང་། རྒན་པོ། གྲུབ་པ་ཞེས་གདོན་རིགས་བཅོ་བརྒྱད་ཅེས་གསལ་བས། མི་མ་ཡིན་གྱི་རིགས་དེ་དག་ལ་གདོན་རིགས་ཞེས་ཀྱང་ཐ་སྙད་བཏགས་ཡོད།

གསུམ་པ། གདོན་རྣམ་རྟོག་བྱེ་བྲག་པ་ལ་འཇུག་ཚུལ།

སྤྱིར་རྣམ་རྟོག་ཅེས་པ་ཡུལ་དོན་གང་ཞིག་ལ་སྙམ་བློའི་ངོ་བོར་གྱུར་པ་ཞིག་ཡིན། དེ་ཡང་སྐབས་འདིའི་རྣམ་རྟོག་ནི་ཡིན་མིན་ཐག་མ་ཆོད་པར་རང་གར་ལུས་པའི་ཐེ་ཚོམ་དང་།  འགྲན་སེམས། རུ་ང་འཕྲག་དོག་སོགས་ལ་འཇུག་པར་འདོད།  དེ་ཡང་ བློ་རྩེ་གཉིས་པ་ནི་ཡུལ་དོན་ལ་ཐག་མ་ཆོད་པས་གདོན་ཟ་བའམ། གདོན་གྱི་ངོ་བོར་གྱུར་པ་གཉིས་ཀར་འདོད་ཆོག་སྙམ། གདོན་ཟ་བ་ལ་དགག་སྒྲ་སྦྱར་ན་གདོན་མི་ཟ་ཞེས་འབྱུང་བས། དེ་ནི་དོན་ལ་བློ་རྩེ་གཅིག་པའམ་ཡུལ་དོན་གང་ཞིག་ལ་ཐེ་མི་ཚོམ་པའི་དོན་ལ་འཇུག་པར་གྲགས། དཔེར་ན་དཀའ་ལས་རྒྱབ་ན་འབྲས་བུ་འབྱུང་བར་གདོན་མི་ཟ་ལྟ་བུ། རུ་ང་འགྲན་སེམས་སོགས་ལ་འཇུག་ཚུལ་ནི། སྔར་གྲི་གུམ་སྐབས་སུ་བོན་ནུབ་པའི་རྐྱེན་ནི། དར་སྒྲོན་ལས། (14)སངས་རྒྱས་བསྟན་པ་མིག་བརྗེ་བ་དང་། སེམས་ཅན་གྱི་བསོད་ནམས་མར་འགྲིབ་པ་དང་། རྒྱལ་པོའི་ཐུགས་ལ་གདོན་ཞུགས་པ་གསུམ། ཞེས་དང་། ཡང་གླེང་གཞི་བསྟན་པའི་འབྱུང་ཁུངས་ལས། ནུབ་ལུགས་དངོས་ནི།(15) དེར་རྒྱལ་པོའི་ཐུགས་སུ་གདོན་ཞུགས་ནས། རྫུན་དང་ཕྲ་མ་ལ་གསན་ཞེས་དང་། གླེང་གཞི་དེ་ཉིད་ལས།  རྒྱལ་པོ་ང་ནི་དབང་གི་དྲེགས་པ་དང་ལྡན། ཁྱེད་བོན་པོ་རྣམས་ནི་མཐུའི་དྲེགས་པ་ལྡན་པས། ཡུལ་འདིར་ངའི་རྒྱལ་སྲིད་དང་ཁྱོད་ཀྱི་བོན་སྲིད་གཉིས་མི་ཤོང་པས། ལྷ་བོན་སྒོ་བཞི་ཙམ་ལས་གཤེན་པོ་སླད་མ་རྣམས་བོད་རུ་བཞི་ལས་འདས་པར་གཤེགས་སམ། ཡང་ན་ངའི་མངའ་འོག་ཏུ་བོན་མི་སྤྱོད་པར་སྐྱ་བོར་སྡོད་དམ། ཡང་ན་ཆབ་གསོལ་ལམ། ཁྱེད་བོན་པོས་གདམ་ཤིག་གསུངས། སྐབས་འདིའི་རྒྱལ་པོ་དང་བློན་པོའི་དགོངས་ཕྱོགས་དང་།  རྒྱལ་པོའི་ཐུགས་ལ་གདོན་ཞུགས་ཞེས་པ་ཚིག་གི་ངོ་གདོང་ལ་བལྟས་ན། ཞུགས་རྒྱུའི་གདོན་ནི་འགྲན་སེམས་དང་ང་རྒྱལ་རུ་ཏྲ་བཅས་ལ་གོ་རྒྱུ་ལས་མི་མ་ཡིན་ཅིག་ཞུགས་ནས་དེས་རང་དབང་མེད་པར་རྒྱལ་པོའི་བློ་ཁ་བསྒྱུར་བ་ལ་སྐབས་འདིར་མི་གོ་སྙམ། ཅི་སྟེ་ཞེ་ན། སྲས་དབོན་རིང་ལ་རྒྱལ་སྲིད་བོན་གཤེན་གྱིས་འཁྱེར་བ་དོགས་པས་ཁོ་ཤི་ང་གསོན་གྱི་བརླག་སེམས་དེ་ཉིད། རྒྱལ་པོའི་ཐུགས་ལ་ཞུགས་པའི་གདོན་ངོ་མ་དེ་ཡིན། ཡང་ཅིག་བཤད་ན་རྒྱལ་པོ་འཁྲུལ་སོང་བ་དང་། སྨྱོ་བ་དང་གཟི་བ་འདྲེ་ཞུགས་ནས་རྒྱལ་སེམས་རྣལ་དུ་མ་ཕབ་པར་བོན་གཤེན་རྣམས་མཐའ་རུ་བཀར་བ་དང་། བོན་བསྟན་པ་བསྣུབས་སོགས་ཀྱིས་བྱ་བ་བརྩམས་པ་གཏན་ནས་མིན། ང་ཚོའི་ནམ་རྒྱུན་སྤྱི་ཚོགས་ཀྱི་འཚོ་བའི་ཁྲོད་དུ་མི་ག་གེ་མོ་ཞིག་གིས་བསམ་བློ་ཕྱིན་ཅི་ལོག་གི་མཇུག་འབྲས་ཞིག་བྱུང་ན་ཁོ་ལ་གདོན་ཞུགས་པའམ་འདྲེན་ཞུགས་པ་རེད་ཟེར་གྱི་ཡོད།  དོན་ངོ་མ་ཁོ་ལ་མི་མ་ཡིན་གྱི་འདྲེ་ཞིག་ཞུགས་པ་མིན་པར་མ་རུང་བའི་བསམ་མནོའམ་ཀུན་སློང་མ་དག་པ་སྐྱེས་སོང་བ་ཡིན་པ་གོར་མ་ཆགས།

བཞི་པ།  གདོན་འབྱིན་འཇུག་གི་དུག་རླུང་ལ་འཇུག་ཚུལ།

 

ཡང་གདོན་ཞེས་པའི་ཐ་སྙད་འདི་ཡང་རླུང་རོའམ་རླུང་དུག་ལ་འཇུག་ཚུལ་ནི(16)། གདོན་ཕོ་གདོན་སོགས་ཁ་དོག་སྔོན་དམར་དེ་ཡེ་ཤེས་རླུང་གིས་རྩ་སྒོ་གཡོན་ནས་དེད་དེ་གཡས་སུ་འབུད་པ་ལན་གསུམ། གདོན་མོ་གདོན་ལ་སོགས་ཁ་དོག་དམར་སེར་དེ་ཡེ་ཤེས་རླུང་གིས་གཡས་ནས་དེད་ཅིང་གཡོན་ནས་འབུད་པ་ལན་གསུམ། གདོན་ཀླུ་གདོན་ལ་སོགས་ཁ་དོག་དམར་ནག་དེ་ཡེ་ཤེས་རླུང་གི་རྩ་སྒོ་གཉིས་ནས་དེད་ཅིང་དབུ་མ་ནས་འབུད་པ་ལན་གསུམ་ཞེས་གསུངས་པར་བརྟགས་ན། སྐབས་འདིར་བཤད་པའི་གདོན་ནི་རླུང་དུག་གམ་རླུང་རོ་ལ་འཇུག་ནས་སྣ་ཁུང་གཡས་གཡོན་དང་གཉིས་ཀར་བཅས་ནས་འབུད་པར་བྱས་པས་སོ། །

དེ་དང་ཕྱོགས་མཚུངས་སྙན་རྒྱུད་རྩ་རླུང་འཕྲུལ་འཁོར་རྒྱག་པའི་ཕན་ཡོན་ནི་ ལུས་ཀྱི་འབྱུང་བཞི་ཁོད་སྙོམ་པ་དང་འབྲེལ། རྩ་བུག་ནང་གི་རླུང་སྙིགས་མར་འདོན་པ་དང་།  དེ་བཞིན་རླུང་ཁྲག་དྭངས་སྙིགས་ཁོད་སྙོམས་པ། ཁྲག་རླུང་འཁོར་རྒྱུགས་ཕན་ཐབས་སུ་འཕྲུལ་འཁོར་གྱིས་གདོན་སེལ་ཚུལ་གསལ་བས་སྐབས་དེའི་གདོན་ནི་རླུང་དུག་ལ་གོ་བར་སྙམ།

གཞན་ཡང་གདོན་ནི་ཚིག་གྲོགས་གཞན་དང་སྡེབས་ནས་དོན་བསྟན་ཚུལ་ནི། གཟའ་གདོན་དང་། ལྷ་གདོན། གདོན་འདྲེ། གྲིབ་གདོན། གྲིབ་ནད་བྱུང་བར་ཟེར།   ཕོ་གདོན། མོ་གདོན། ཀླུ་གདོན། གདོན་ཁ།ནད་པ་དེ་དགོང་མོར་ནད་སྡུག་དུ་འགྲོ་བ་དང་ཡང་ན་མགྲོན་པོ་འདྲ་མིན་སླེབས་སྐབས་ནད་ཐུ་རུ་སོང་བ་ལ་གདོན་ཁ་དང་། འགྲུལ་སྣ་ཡང་ཟེར།  གདོན་བདུག རྩི་ཤིང་ལས་གྲུབ་པའི་ལྡུམ་བདུག་དང་གཏོར་མ་སོགས་སྦྱིན་སྲེག་བྱས་པའི་ཐལ་བ་རྣམས་སྣུམ་ཉུང་ཤས་དང་ལྷན་དུ་བསྲེས་པའི་ལྡུམ་བདུག་ལ་་སྲུང་སྔགས་བགྲང་ནས་ཕུ་གཏབས་རྗེས་གཞི་ནས་གདོན་བདུག་དུ་གྲུབ་པ་བཤད།  གདོན་བྱ། གནོད་པ་འཁོར་སའི་རྙིང་རྫས་དང་ཅ་ལག་སོགས།  གདོན་ཕྱྭ། གདོན་འདྲེ། རྒྱལ་པོ་ཐུགས་ལ་གདོན་ཞུགས། གདོན་དན་སོགས་མང་པོ་སྣང་།

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.