ཧི་བོན་ཟིན་བྲིས།
མཁར་ནག་པའི་ཟིན་བྲིས།
སྤྱི་བསྒྲགས།

    མཁར་ནག་སྐལ་བཟང་རྒྱལ་མཚོ།

    མཁས་དབང་དུ་མའི་ཞབས་པད་འཁོར་ལོའི་རིས།།

    མཁས་འདོད་གང་གིས་ལེགས་པར་བསྟེན་ནུས་ན།།

    མཁས་གྲུབ་བྱེ་བའི་ལེགས་བཤད་བདུད་རྩིས་རྒྱུན།།

    མཁས་པར་འགྱུར་བའི་དུས་ནི་རིང་མ་ཡིན།།

     

ལི་ཐོ།
    <<  < 2021 - >  >>
    1234
    567891011
    12131415161718
    19202122232425
    2627282930
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
རྔ་ཡི་རྣམ་བཤད། | 2011/6/5 16:07:00

བོན་གཤེན་གྱི་ཕྱག་ཆ་རྨད་དུ་བྱུང་བ་སྒྲུབ་རྔའི་ངོ་སྤྲོད།

 

སྤྱིར་བོན་གཤེན་གྱི་ཕྱག་ཆ་སྒྲུབ་རྔ་འདི་དང་ཐོག དབལ་གཤེན་སྟག་ལ་མེ་འབར་གྱིས་དབལ་གྱི་བྲག་ཕུག་རོང་ཅན་དུ་སྒྲུབ་པ་མཛད་སྐབས། དབྱིངས་ནས་ཡུམ་ཆེན་མོ་ཐུགས་རྗེ་བྱམས་མས་ལུང་བསྟན་ནས་སྒྲུབ་རྔ་བཙལ་ཚུལ་སོགས་བཤད་ལ།  དེ་ལ་ཞི་རྒྱས་དབང་དྲག་ལས་བཞི་རྒྱུན་ལྔའི་རྔ་རྣམ་པ་ལྔ་ཡོད།  དེ་རེ་རེ་ལ་ཁ་དོག་དང་དབྱིབས།  རྒྱུ། གཡོག་གི་ཁྱད་པར་ཡོད་པས། ཞི་བའི་རྔ་ནི་མདོག་དཀར་པོ། དབྱིབས་ཟླུམ་པོ།  རྒྱུ་ཨ་ཀ་རུ།  གཡོག་བན་གླང་དཀར་པོའི་པགས་པ།    རྒྱས་པའི་རྔ་ནི་མདོག་སེར་པོ།  དབྱིབས་གྲུ་བཞི།  རྒྱུ་ཁ་ལེ་སྟོང་འབྱམས་ཏེ་ཤིང་སྟག་པ།  གཡོག་གྱི་ལིང་སེར་པོའི་པགས་པ།    དབང་གི་རྔ་ནི་མདོག་དམར་པོ།  དབྱིབས་ཟླ་གམ། རྒྱུ་སེང་ལྡེང་།  གཡོག་གཡུ་འབྲུག་སྔོན་པོའི་པགས་པ།    དྲག་པོའི་རྔ་ནི་མདོག་མཐིང་ནག  དབྱིབས་གྲུ་གསུམ།  རྒྱུ་སྐྱེར་ཚེར། གཡོག་ཆུ་གླང་སྔོན་པོའི་པགས་པ།    རྒྱུན་གྱི་རྔ་ནི་མདོག་གཞའ་རིས།  དབྱིབས་ཟུར་བཞི་ལོག་བརྒྱད།  རྒྱུ་ཙན་ཏན་དང་ཤུག་པ།  གཡོག་ནི་དབལ་ར་ཁམ་པའི་པགས་པ། དེ་དག་གི་ཆགས་ཚུལ་ནི། རྒྱ་རུ་ཅུ་ཙམ་ཡོད་པ་དེའི་བཞི་ཆ་ནི་རྔམ་ཡིན་ལ། དཔང་ཧ་ཅང་མཐོ་བ་འདྲ་ཡོད་ཀྱང་ལུང་གི་རྗེས་སུ་འབྲེང་དགོས་ཞེས་གསུངས།  དཔང་གི་བཞི་ཆའི་གཉིས་ནི་དཀྱིལ་གྱི་འབུར་ཚད་ཡིན་ལ།  གཡས་གཡོན་གྱི་ཆ་རེ་རེ་ཆ་བཞིར་བགོས་པའི་ཆ་གཅིག་ཏེ་གཞུ་རྒྱུ་ལ།  ཆ་གསུམ་གཡོགས་ཀྱི་ཞིང་ས་ཡིན།  ཡང་དེ་ལ་སྒྲུབ་རྔ་གདེང་འགེལ་མ་དང་མཆོད་རྔ་ལྡིང་ཁང་མ།  ལས་སྦྱོར་ལག་འཆིང་མ་བཅས་རིགས་གསུམ་ཡོད། བརྡུང་ཚུལ་ནི་སྲུང་རྐང་རྣམས་ལ་ཚུར་བརྡུང་དང་ཟློག་བསད་རྣམས་ལ་ཕར་བརྡུང་ཞེས་ཁྱད་པར་ཡོད་དོ།

 

 

རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:རྔ་ཡི་རྣམ་བཤད། | 2011/6/5 20:15:02
danzengyixiབཀླགས་ཟིན། དེ་རིང་འདི་ནས་རྔའི་ངོ་རགས་བསྡུས་ཤིག་ཤེས་སོང་།
བཀའ་དྲིན་ཆེའོ། །
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.