དཔའ་མོའི་མཁར་རྙིང་།
ཟླ་༡༠བའི་ཚེས་༢༥ཉིན།
རི་རྒྱལ་འདབས་ནས་ཐོན་རྗེས་ས་ཤན་པ་གླིང་སྒྲུང་ལ་ཉན་འདུག་པའི་འབྲོག་ཁྱིམ་
ཞིག་གི་སྒོར་རྩ་ནས་བབས་ཏེ་ང་ཚོ་དང་ཁ་གྱེས། ང་ཚོ་མུ་མཐུད་ནས་ནུབ་ཕྱོགས་སུ་བསྐྱོད།
ས་རུབ་དུས་ཁྲོན་ཁ་ཞིག་གི་འགྲམ་ནས་ཇ་བསྐོལ། ཇ་དེའང་མི་ཚེ་འདིར་འཐུང་བའི་བ་ཚྭའི་
ཇ་ཐོག་མ་ཡིན། ཇ་མདོག་དཀར་ལ་རོ་མངར་བས་ཕོ་བར་གནོད་ཨེ་ཡོང་བསམ་ཡང་སྐྱོན་ནི་
མ་བྱུང་།
ཕྱི་ཉིན་ཕྱོགས་པར་མལ་ལས་ལྡངས་རྗེས། དཔའ་མོའི་མཁར་རྙིང་དུ་གྲགས་པ་ཞིག་གི་
ཕྱོགས་སུ་ཆས། ཅུང་མ་སོང་བར་མཁར་རྙིང་མིག་ལམ་དུ་མངོན། མཁར་འདབས་སུ་ནེའུ་
གསིང་དང་རྩྭ་ཁ་བཟང་བོ་འདུག རྩར་འགྲོ་དུས་འཇིགས་ཏེ་བསྐལ་བ་མང་པོ་སོང་ཡོད་
ཚོད་ཀྱི་སྣང་བ་སྟེར། ཞིག་རལ་དུ་གྱུར་བའི་མཁར་ཆག་དེའི་ཞེང་དུ་གོམ་པ་ཅི་ཤུ་ཙམ་དང་
སྲིད་ལ་མི་ལུས་རིང་པོ་གཉིས་ཙམ་གྱིས་མ་ཚད་པ་ཞིག་གདའ། བརྩིག་བྱེད་ཀྱི་རྡོ་དམར་པོ་
ཡིན་ལ་བསྟར་ཤར་རེའི་བར་དུ་རྡོ་དཀར་ཉུང་ངུའི་ཕྲ་བརྒྱབ་པ་ལྟར་དོད་ཡོད་པས་ཧ་ཅང་
ཟིལ་ཉམས་ཆེ།
མཁར་ཤུལ་དེའི་གཡོན་དང་རྒྱབ་ཏུའང་མཁར་བུ་ཆུང་ངུ་རེ་ཤུལ་སྣང་། རྡོ་དམར་དེ་
ཚོ་གང་ནས་དྲུད་ཡོང་བ་མི་ཤེས། མཐའ་འཁོར་ཐག་ཉེ་གང་ནའང་རྩིག་བྱེད་གོར་མོ་འདི་
ཡིན་བསམ་པ་ཞིག་མ་བྱུང་། མི་མེད་ལུང་སྟོང་གི་ཡུལ་འདིར། དེང་སང་ཡང་འབྲོག་པ་
ཚོས་མཁར་ཁྱིམ་འདི་ལྟ་བུ་ཞིག་བརྩིག་ཐུབ་མེད་ཚོད་གཞིགས་ན། མཁར་དེ་མ་མཐའ་ཡང་
དབང་ཤུགས་གང་རུང་ཡོད་ཆོག་ཆོག་གི་གཞིས་བདག་སྟོབས་ལྡན་ཞིག་གིས་བསྐྲུན་པ་ཐག་
གིས་ཆོད།
ཡང་སྙིང་མངའ་རིས་ཀྱི་ཡུལ་འདིར་འདི་ལྟ་བུའི་གནའ་ཤུལ་ཞིག་རོ་བ་ཅི་ཙམ་ཡོད་
མེད་ནི་སུ་ཞིག་གིས་དཔོག་ནུས་ཨང་། གནའ་སྔ་མོ་དུས་སུ་རྩྭ་ཐང་སྟེང་གཟི་ཉམས་ཆེ་བའི་
མཁར་དམར་འདི་འདྲ་བ་ཞིག་བྱུང་ཡོད་པ་ནི་ཇི་འདྲའི་བློ་ཡུལ་ལས་འགོངས་པ་ཞིག་
རེད་དོ་སྙམ། རོགས་པ་ཚོས་བཤད་ན། མཁར་འདི་ཡང་གླིང་གི་དཔའ་མོ་ཨ་སྟག་ཀླུ་མོའི་
བཙན་མཁར་ཡིན་ཟེར། ངག་རྒྱུན་དེ་ཙམ་ལས་མཁར་འདི་དུས་རབས་ནམ་དང་བདག་
གིར་སུ་ཡིས་བཟུང་རབས་སྐོར་སོགས་ནི་ཅང་ལའང་བཤད་རྒྱུ་མི་འདུག །
ལྕགས་ནས་གུར་ཆུང་ནང་དུ།