༄༅་། ཞང་བོད་སྐད་གཉིས་ཤན་སྦྱར།
ཞང་ཞུང་སྐད་དུ། ༼ བོད་སྐད་དུ།༽
མར་ཞི་རི་རྦང་དེ་དྲོད་དི་ར་ཝང།༼གསེར་གྱི་རི་རབ་དེ་བཞིན་འགྱུར་མེད་སྐུ།༽
མུ་ཨུན་ད་ཀྲ་ཁ་སང་ཅི། ༼ནམ་མཁའ་འབྲུག་ལྟར་གྲགས་པའི་གསུང་དབྱངས་ཅན།༽
ཧ་ར་ཐ་ཙེ་ཁིར་ཞི་ཁྲི་ཙ་དྷེ། ༼ཡེ་ཤེས་ཆེན་པོ་གལས་བའི་ཐུགས་ཉིད་གདམ།༽
ཛྲ་མིན་ཀུ་ར་རད་ན་ཏིར་ཤོ་གུང། ༼ཟད་མེད་ཡོན་ཏན་རིན་ཆེན་ཆུ་བོ་མཛོད།༽
ཅི་པར་རཎྚ་པ་ཏ་ཡ། ༼བླ་མ་རིན་པོ་ཆེན་ལ་ཕྱག་འཚལ་ལོ།༽
གུ་མུ་ཡ་དོག་དྲུང་མུ་དམུ། ༼ཀུན་ལ་དོག་མེད་གཡུང་དྲུང་དབྱིངས།༽
སུ་རི་མ་ཏི་ཉེ་ལོ་ཡོ། ༼གཞི་ནི་མ་བཅོས་མཉམ་ཉིད་ལ།༽
ལྕུམ་ཞི་ག་མིན་དུ་དྲོད་ཞི།༼ ལམ་ནི་འགག་མེད་རང་བཞིན་ཡིན།༽
ཁྲི་ཙེ་མུ་ཞི་ཐ་ཙེ་ནི། ༼འབྲུས་བུ་དབྱིངས་ཉིད་ཆེན་པོའོ།༽
ཏ་དན་ཞུང་ཞག་མུ་ལ་ལྡབ། ༼ལྟ་བ་ཁྱུང་ཆེན་མཁའ་ལ་ལྡིང་།༽
ཉེ་ལོ་མུང་ནོམ་གྱེར་ཤུད་ཙོ། ༼དགོངས་པ་འཁྲུལ་པའི་ཐེ་ཚོམ་བཅད།༽
ནམ་གྲ་གེ་ཏ་ཏག་གོི་པྲ། ༼སྤྱོད་པ་མཛིན་རྟོག་ཐོག་མཐར་བྲལ།༽
ཁོ་སྤྱོད་ཐ་ཙེ་པ་ཏ་ཡ། ༼ལྷུན་གྲུ་ཆེན་པོ་ཕྱག་འཚལ་ལོ།༽
ཧེ་ཏོད་བི་ཏ་ཁོད་རྩལ་དོད། ༼སྦྱིན་པ་ཚད་མེད་སྟོབས་ཆེན་སྐྱེད།༽
ཚུ་མི་སིང་ངི་ཉེ་ལོ་ཏན། ༼ཚུལ་ཁྲིམས་བྱམས་སྙོམས་ཏིང་འཛིན་ལྡན།༽
མུར་སོན་ཏི་པ་མ་མིག་ལོ། ༼བཟོད་པ་བྱུང་ཚོར་དམིགས་མེད་བསྒོམ།༽
ཚར་ཅི་དྷ་ཙེ་ལེ་བི་མོར། ༼བརྩོན་འགྲུས་ཤུགས་ལྡན་རླུང་གི་གྲབ།༽
ཉེ་ལོ་ཧྲུན་སྤུངས་དྲུང་མུ་ཅི།༼བསམ་གཏན་མི་གཡོ་གཡུང་དྲུང་འཛིན། ༽
ས་དྲིག་རྒྱུ་ཡོད་མུ་ལ་ཅི། ༼ཤེས་རབ་ཐབས་ཆེན་དབྱིངས་ལ་འབྱོར།༽
གཤེན་ལ་པཎྜི་ཉི་རི་ཝེར་ཞི། ༼གཤེན་ལ་མཁས་པ་ཉི་མ་རྒྱལ་མཚན།༽
བྲུ་ལ་པཎྜི་ཝེར་ཡ་དྲུང་མུ། ༼བྲུ་ལ་མཁས་པ་རྒྱལ་བ་གཡུང་དྲུང་།༽
ཞུ་ལ་པཎྜི་ཧ་ར་རད་ཎ། ༼ཞུ་ལ་མཁས་པ་ཡེ་ཤེས་རིན་ཆེན།༽
སྤ་ལ་པཎྜི་མུ་ལ་སྨར་ཞི། ༼སྤ་ལ་མཁས་པ་ནམ་མཁའ་བཟང་པོ།༽
རྨེ་ལ་པཎྜི་པཎྜི་ཤྲི་ཙེ། ༼རྨེ་ལ་མཁས་པ་མཁས་པ་སྤ་ཆེན།༽
པཎྜི་གྷིང་ས་དྲིག་ཝེར་ཞི། ༼མཁས་པ་མཆོག་ཤེས་རབ་རྒྱལ་མཚན། ༽
པཎྜི་ནམ་ལ་གུ་དུན་ཧྲུན། ༼མཁས་པ་རྣམས་ལ་གུས་པར་འདུད།༽
ཞང་སྐད། ༼བོད་སྐད༽
དམིག ༼མིག༽ར་ཙེ།༼རྣ་བ།༽གྱུམ་ཞི། ༼སྣ༽ ལྐེ་རི། ༼ལྕེ༽ ཐ་ཡུད། ༼ཡིད།༽ རྐོ་ཕུང་། ༼གཟུགས།༽ ཨུ་གླང་། ༼སྒྲ།༽ ཤིན་ཙ། ༼དྲི།༽ ཡུག་ཙོག ༼རོ།༽ ཞམ་ཟེ། ༼རེག་བྱ།༽
སྒྲ་ཡི་སྡེ་སྦྱོར་དོན་གསལ་འདི། རྒྱལ་བའི་བཀའ་དང་བླ་མའི་ལུང་།
རང་གི་ཚད་གསུམ་འཕྲང་ལ་ཤར། མི་འཁྲུལ་ལེགས་པར་བཀོད་པ་ལ།
འོན་ཀྱང་ཤེས་བྱའི་གནས་ལུགས་ཀྱི། ནོར་འཁྲུལ་ཉེས་འགལ་གྱུར་སྲིད་ན།
ཡི་དམ་ལྷ་དང་བླ་མ་དང་། རིག་འཛིན་མཁའ་འགྲོ་བཀའ་སྐྱོང་ལ།
གནོང་ཞིང་འགྱོད་དོ་བཤགས་བྱང་གསོལ། དགེ་བས་མཁའ་ཁྱབ་འགྲོ་ལ་བསྔོ།
- ཟིན་ཐོ་གོང་མ།ཤར་རྫ་བཀྲ་ཤིས་རྒྱལ་མཚན
- ཟིན་ཐོ་འོག་མ།བོན་གྱི་སྐྱབས་འགྲོ་དང་སྔོན་འགྲོ་