སྤྱི་བསྒྲགས།

    བརྩོན་གསུམ་ཆུ་རྒྱུན་རིང་མོས་ངར་ཤུགས་དེ་མེད་ན། ། 

     དཔྱིད་གསུམ་དཔལ་ཡོན་རྒྱས་པའི་མྱུ་གུ་ཡི་རྩེ་ལ། །

    དབྱར་གསུམ་འདབ་ལག་རྒྱས་པའི་དུས་སྐབས་དེ་ཡོད་མོད།།

    སྟོན་གསུམ་འབྲས་བུ་སྨིན་པའི་བསྐལ་བ་དེ་དབེན་འགྲོ །
     
    རྒྱུན་མིང་།:  རེབ་སྐྱིད་ཡར་འཕེལ།
    སྐྱེས་ས།:  མཚོ་སྔོན་རེ་སྐོང་།
    ལས་རིིགས།:  ཚོང་གཉེར་བ།
    དགའ་ས།:  གློག་ཀླད་ཀྱི་རིགས།
    ཁ་པར།:  0973-8797378
    ལག་འཁྱེར།: 18609734440
    གླེང་མོལ:    984103380
    སྐད་འཕྲིན: tenzin3909
    ཡིག་སྒམ:   tenzin4440@yahoo.com
    སྡོད་གནས།:  མཚོ་སྔོན་ེ་སྐོང་རོང་བོ་གྲོང་རྡལ་སྟག་ལུང་དཀྱིལ་ལམ་རེ་སྐོང་སློབ་གསོའི་མགྲོན་ཁང་།(བོད་སྨན་ཁང་གི་ཁ་གཏད།)

ལི་ཐོ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
(2)བོན་བརྒྱ་རིན་པོ་ཆེའི་མཆོག་གི་འཁྲུངས་རབས་དང་རྣམ་ཐར། (གཉིས་--གསུམ།) | 2011/8/10 19:55:00

གཉིས་པ།

གཉིས་པ་ཁྲི་འབར་ཚུལ་ཁྲིམས་ཞེས་བྱ་བ་མཆོག་ནི། འདུལ་བསྟན་ཕྱི་དར་དབུ་བརྙེས་པའི་སྐབས་སུ་སོག་པོའི་རྟ་རྫི་སྤྲེལ་སླག་ཅན་གྱི་སྐྱེས་པར་བཞེས་ནས། མི་ལོ་ཆིག་སྟོང་བརྒྱད་རྒྱའི་བར་དུ་འགོག་པའི་སྙོམས་འཇུག་ལ་བཞུགས་པའི་མི་ཟི་གསལ་བཟང་ཏིང་འཛིན་ལས་བཞེངས་པར་བྱས་ཏེ། དྲང་སྲོང་སྡོམ་པ་ཆིག་རྫོགས་སུ་ཞུས་པས། ཚུལ་མཚན་ལ་ཁྲི་འབར་ཚུལ་ཁྲིམས་ཞེས་སུ་གསོལ། གོས་དྲུག་རྫས་ལྔས་རྣམ་པར་མཛེས་པར་བྱས། དེ་ཡང་མ་འོངས་ལུང་གིས་ཟིན་ཚུལ་ལ། འདུལ་གླིང་བསྒྲགས་བྱང་ལས། གཡུང་དྲུང་གཙུག་གཤེན་རྒྱལ་བའི་རྣམ་སྤྲུལ་ནི། །སོག་སྟོན་ཁྲི་འབར་ཚུལ་ཁྲིམས་བྱ་བ་འབྱུང་། །ཞེས་གསུང་པ་ལྟར་ལགས།

གསུམ་པ།

གསུམ་པ་འདུལ་བསྟན་ཡངས་པའི་རྒྱལ་ཁམས་ཀུན་ཏུ་ཉི་མ་ལྟར་གསལ་བར་བྱེད་པ་ཡར་མེ་བ་ཤེས་རབ་འོད་ཟེར་བྱ་བ། མ་འོངས་ལུང་གིས་ཟིན་ཚུལ་ཡང་། འདུལ་བ་གླིང་བསྒྲགས་ལས། གསེར་ཐོག་ལྕེ་འབྱམས་སྤྲུལ་བ་ལ།  །རྨིའུ་གདུང་འཛིན་འདུལ་བའི་མཚན།  །སྔོན་གྱི་ལས་འཕྲོ་སད་ནས་ནི། །ཚུལ་ཁྲིམས་མནོས་ཤིང་ལུང་བསྟན་ཐོབ། །མཚོ་གཡུང་གཉིས་ལས་ལུང་བླངས་ནས། །ཚུལ་ཁྲིམས་མཐའ་རུ་རྒྱས་པར་སྤེལ། །ཞེས་ལུང་གིས་བསྔགས་པ་ལྟར། ཡུལ་ཡར་འབྲོག་སྟག་ལུང་ར་བ་དམར་པོ་ནས། ཡར་མེ་ཉག་གཡུང་དྲུང་གཉན་དང་། ཡུམ་གུར་ཟ་དར་རེ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། ངེས་འབྱུང་སྙིང་རྗེ་ཚད་མེད་རྒྱུད་ལ་འཁྲུངས་པས་བྲུ་ཞུ་གཉིས་དང་རྗེ་བཙུན་ཁྲོ་ཚང་སོགས་སློབ་དཔོན་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ། མདོ་སྔགས་རྫོགས་གསུམ་གྱི་ཉམས་ལེན་མཐིལ་ཕྱིན་བྱས་པས། བསྒོམ་བྱུང་ཤེས་རབ་ཀྱི་རྩལ་ཡོངས་སུ་རྫོགས་ཤིང་། ཚིག་དོན་ཀུན་ལ་མངའ་དབང་ཐོབ་པ། གནས་དང་གནས་མ་ཡིན་པ་སོགས་མཁྱེན་པའི་མངོན་ཤེས་གསལ་བ། གོང་མའི་ལུང་གི་མཛོད་ཆེན་པོ། གཞན་དོན་དུ་ཐུགས་བསྐྱེད་ལྡན་པ་སོགས་ལྔ་བོ་འདི་དག་མ་ལུས་པར་ཚང་བ། ངོ་མཚར་གྱི་མཛད་རྗེས་མཐའ་ཡས་པ་འགྲོ་བ་མཐའ་དག་བཀྲི་དྲངས་མཛད་ནས། ཡུལ་མིའི་འཁྲུགས་པ་འདུམ་པ། ཕ་རོལ་གྱི་དགྲ་སྡེ་ཚར་ཐག་བཅད་པ། རྣམ་དག་སྲས་ཡུམ་གྱི་ཞལ་མངོན་དུ་གཟིགས་པ། ནམ་མཁར་གོམ་པ་བོར་བ། རྡོ་ཟན་ལྟར་བརྫི་བ། རྡོ་རྗེ་བྲག་ལ་ཕྱག་རྗེས་དང་ཞབས་རྗེས་ལམ་མེར་བཞག་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རྫུལ་འཕྲུལ་མ་མངའ་བརྙེས་པའི་མཁས་གྲུབ་ཀྱི་མཚན་སྙན་བ་དན་ཡངས་པའི་ས་ཆེན་ཀུན་ཏུ་ཁྱབ་ཅིང་འགྲོ་བའི་དམིགས་བུ་ལྟ་བུར་གྱུར་པ་ལགས།

Re:བོན་བརྒྱ་རིན་པོ་ཆེའི་མཆོག་གི་འཁྲུངས་རབས་དང་རྣམ་ཐར། (གཉིས་--གསུམ།) | 2011/8/11 11:37:03
triyungblogའདི་བཞིན་བསྒྲགས་སྤེལ་གནང་བར་ཐུགས་རྗེ་ཆེ། བོན་བརྒྱ་བླ་མའི་སྐུ་ཚེ་བསྐལ་བརྒྱར་བརྟན་པའི་སྨོན་འདུན་ཞུ།

ཟུར་ཞུ། བྱུ་རུ་དམར་པོའི་སྐོར་ལ་མཆན་ཞིག་བཞག་ཡོད།
ཧ་ཧ་་་་་
Re:བོན་བརྒྱ་རིན་པོ་ཆེའི་མཆོག་གི་འཁྲུངས་རབས་དང་རྣམ་ཐར། (གཉིས་--གསུམ།) | 2011/8/12 8:29:41
སྐུ་མགྲོན་017Hy4(སྐུ་མགྲོན)http://blog.sina.com.cn/u/1650988483
རྩོམ་པ་པོ།:སྐུ་མགྲོན་017Hy4(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.