སྤྱི་བསྒྲགས།

    བརྩོན་གསུམ་ཆུ་རྒྱུན་རིང་མོས་ངར་ཤུགས་དེ་མེད་ན། ། 

     དཔྱིད་གསུམ་དཔལ་ཡོན་རྒྱས་པའི་མྱུ་གུ་ཡི་རྩེ་ལ། །

    དབྱར་གསུམ་འདབ་ལག་རྒྱས་པའི་དུས་སྐབས་དེ་ཡོད་མོད།།

    སྟོན་གསུམ་འབྲས་བུ་སྨིན་པའི་བསྐལ་བ་དེ་དབེན་འགྲོ །
     
    རྒྱུན་མིང་།:  རེབ་སྐྱིད་ཡར་འཕེལ།
    སྐྱེས་ས།:  མཚོ་སྔོན་རེ་སྐོང་།
    ལས་རིིགས།:  ཚོང་གཉེར་བ།
    དགའ་ས།:  གློག་ཀླད་ཀྱི་རིགས།
    ཁ་པར།:  0973-8797378
    ལག་འཁྱེར།: 18609734440
    གླེང་མོལ:    984103380
    སྐད་འཕྲིན: tenzin3909
    ཡིག་སྒམ:   tenzin4440@yahoo.com
    སྡོད་གནས།:  མཚོ་སྔོན་ེ་སྐོང་རོང་བོ་གྲོང་རྡལ་སྟག་ལུང་དཀྱིལ་ལམ་རེ་སྐོང་སློབ་གསོའི་མགྲོན་ཁང་།(བོད་སྨན་ཁང་གི་ཁ་གཏད།)

ལི་ཐོ།
    <<  < 2021 - 10 >  >>
    12345
    6789101112
    13141516171819
    20212223242526
    2728293031
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
པར་མཛོད།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
གཡུ་ཆུང་དྲུག་དཀར | 2013/10/18 0:17:00
སེམས་གཏམ་དམར་སྡང་མ།

གཡུ་ཆུང་དྲུག་དཀར།།
མདང་དགོང་ངས་ཁྱེད་རང་རྨི་ལམ་དུ་རྨིས་བྱུང་། 
བརྩེ་བའི་དམ་ཚིག་གི་མདུད་རྒྱ་གྲོལ་དཀའ་བའི་ང་ཡི་རྨི་ལམ་དུ་འཁོར་ཡོང་། 
བརྩེ་བ་ནི་དྲོལ་ཁོལ་ཞིག་དང་དུངས་བ་ནི་སྡུག་བསྔལ་ཞིག་ལས་མ་འདས་པས། ཞོགས་པའི་ཉི་མ་གཞོན་ནུ་དང་མཚན་མོ་ཟླ་བའི་སྐྱོ་གདུང་ལ་ཅེར་ནས་གྱེས་བྲལ་གྱི་ལོ་ཟླ་འདི་ཆང་རག་གིས་བཟི་བའི་འཁྱམ་པོ་ཞིག་དང་འདྲ་བར་དྲན་གདུང་གིས་བསྐྱལ། 
གཡ་ཆུང་དྲུག་དཀར། 
མདོང་དགོང་ངའི་ཁྱེད་རང་རྨི་ལམ་དུ་རྨིས་བྱུང་། 
རྨི་ལམ་འདི་ཐེངས་སྔོན་མ་དང་སྡུར་ན་ཁྱད་མཚར་ལ། 
རྨི་ལམ་འདིས་བསམ་བཞིན་དུ་བུ་ལོ་ཞིག་གི་བརྩེ་སེམས་དྲོན་མོར་གཏམ་རྒྱུད་ཆད་པའི་ཁ་བ་ལྷབ་ལྷུབ་ཞིག་བབས་སུ་བཅུག་ན་བསམ་ཡོད་འདྲ། 
དེ་བས། སྙིང་སྡུག་མ། མདང་དགོང་གི་རྨི་ལམ་འདིར་གཞིགས་ན། 
ང་ཁྱེད་ལ་དགའ་དྲགས་པ་ཡིན་ནམ། ཁྱེད་རང་ང་ལ་------------ 
གཡུ་ཆུང་དྲུག་དཀར།  
དགའ་རུང་། སྐྱོ་རུང་། སྡུག་རུང་། ཁྱོད་ནི་ངའི་མི་ཚེ་ཡིན། 
ཁྱོད་ནི་ངའི་གསོན་ཤུགས་ཡིན། 
ཁྱོད་དང་འཕྲད་པས། ངའི་རང་གི་དགའ་བ་རྙེད་སོང་། 
ངས་རང་གི་དུངས་བ་ཤེས་སོང་། 
ཁྱོད་དང་འཕྲད་པའི་ང་མི་ཚེ་འདིར་ཡོང་བ་དོན་སྙིང་ལྡན་པར་རློམ་ཡོད། 
གཡུ་ཆུང་དྲུག་དཀར། 
ཁྱོད་ཀྱིས་ང་དགའ་རུ་འཇུག་ཐུབ་ལ། 
ཁྱོད་ཀྱིས་ང་སྡུག་གི་ཡང་འཇུག་ཐུབ།

2013.10.14ཉིན། 
Re:གཡུ་ཆུང་དྲུག་དཀར | 2013/11/18 18:45:02
gangjian333ཡུལ་གྲོགས་རེབ་སྐྱིད་ཡར་འཕེལ་ལགས་ཀྱི་གཞིས་ཁྱིམ་ལ་ཐོན་ཡོད། ཉིད་ཀྱི་བྲིས་རྩོམ་ལ་ཡང་སེམས་ཞིབ་མོས་བཀླགས་ཟིན། ཡག་པོར་མཐོང་སོང་། རྨི་ལམ་གྱིས་མིའི་སེམས་པའི་གཏིང་རིམ་ཏུ་གནས་པའི་གཉུག་གཤིས་སམ་གདོད་མའི་འདོད་པ་དེ་ཇི་བཞིན་སྟོན་པ་རེད་ཅེས་ནུབ་གླིང་སེམས་ཁམས་རིག་པ་བ་ཧྥོ་ལོ་དབྱི་ཏིས་༼རྨི་ལམ་ཞིབ་འགྲེལ༽་ན་ཡང་བཤད་ཡོད་པས་ཉིད་ཀྱི་ཚོར་བར་ཡང་དེ་འདྲ་བྱུང་ཡོད་ས་རེད།
Re:གཡུ་ཆུང་དྲུག་དཀར | 2014/8/7 11:17:12
སྐུ་མགྲོན་ptk8OB(སྐུ་མགྲོན)རྩོམ་ཡིག་ལེགས་པོར་ཡིག་ནོར་བྲིས་འདུག
རྩོམ་པ་པོ།:སྐུ་མགྲོན་ptk8OB(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.