
བརྩོན་གསུམ་ཆུ་རྒྱུན་རིང་མོས་ངར་ཤུགས་དེ་མེད་ན། །
དཔྱིད་གསུམ་དཔལ་ཡོན་རྒྱས་པའི་མྱུ་གུ་ཡི་རྩེ་ལ། །
དབྱར་གསུམ་འདབ་ལག་རྒྱས་པའི་དུས་སྐབས་དེ་ཡོད་མོད།།

གཡུ་ཆུང་དྲུག་དཀར། །
ལྷ་ཆེན་ཚངས་པའི་སྲས་མོ་མིན་ཡང་། །
ལྷ་མོ་འདྲ་བའི་གཡུ་ཆུང་དྲུག་དཀར། །
སྐད་ངག་ཁུ་བྱུག་སྔོན་མོ་མིན་ཡང་། །
ཁ་ཚིག་འཇམ་པའི་གཡུ་ཆུང་དྲུག་དཀར། །
མི་ཚོགས་མང་པོའི་ཁྲོད་ནས་མ་འཕྲད། །
ཀྱག་ཀྱོག་སྲང་ལམ་ནང་ནས་མ་འཕྲད། །
སྡོམ་དྲ་ལྟ་བུའི་དྲ་རྒྱའི་ལམ་ནས། །
འུ་གཉིས་འཕྲད་པ་བྱེའུ་ཆུང་ཆ་གཅིག །
ཞེ་འདང་ཤ་མཆིན་བརླན་ས་ཁྱོད་ཡིན། །
བརྩེ་ཆེན་སེམས་པ་གཏད་ས་ཁྱོད་ཡིན། །
སྙིང་གཏམ་ཚིག་གསུམ་བཤད་ས་ཁྱོད་ཡིན། །
འདང་ཆེན་རོགས་ཀྱི་དྭངས་མ་ཁྱོད་ཡིན། །
དུངས་བའི་འཛུམ་མདངས་ཁྱོད་ཀྱིས་མངོན་ཤོག །
དྲན་པའི་གཏམ་རྒྱུད་ང་ཡིས་བཤད་ཡོང་། །
གཏན་འཛོམས་ཡོངས་བའི་སྨོན་ལམ་འདི་ནི། །
འུ་གཉིས་ལག་རྡང་སྦྲེལ་ནས་འདེབས་སོ། །
རེབ་སྐྱིད་ཡར་འཕེལ་ནས།
2012.12.12.དགོང་མོར།
- ཟིན་ཐོ་གོང་མ།བན་ཏེ་ཚང་གི་གྲྭ་ཇོ་གཟུགས་ཀྱི་གླུ་ལེན་དགོང་ཚོགས།
- ཟིན་ཐོ་འོག་མ།ལག་ཁྱེར་ཁ་པར་དང་འབྲེལ་བའི་རྒྱུན་ཤེས་གལ་ཆེན།

ཁྱོད་ཀྱི་མིག་ཀོང་ན་ནམ་ཡང་བཀྲགས་མདང་གིས་མཚེར།
ནམ་ཡང་ཁྱོད་གཉིས་ལྷད་མེད་ཀྱིས་འགྲུབ་ལ་ལྷན་འཛོམས་ཀྱིས་གནས་བར་སྨོན།

