སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ང་ཁྱོད་ལ་དགའ་བ། | 2012/6/3 19:07:00

ང་ཁྱོད་ལ་དགའ་བ།

 

ང་ཁྱོད་ལ་དགའ་བ།

ཁྱོད་ཀྱི་མངོན་ལྐོག་བྲལ་བའི་འཛུམ་མདངས་ཀྱི་ཕྱི་ནང་།

ནམ་ཡང་ངའི་མདུན་རྒྱབ་གང་རུང་ལ་དྲོད་ལམ་ལམ་གྱིས་བརླན་ཞིང་།

འཛུམ་མདངས་ཀྱི་ནང་སྙིང་ན་བཞུར་བའི་མིག་ཆུ་དྲོན་མོ་དེ།

 

ང་ཁྱོད་ལ་དགའ་བ།

ཁྱོད་ཀྱི་སྦ་གསང་བྲལ་བའི་སྙིང་གཏམ་དམར་པོ།

མཚོ་སྔོན་མོ་ཞིག་གི་ཀློང་རུམ་ན་འཕྱོ་བའི་གསེར་མིག་གི་ཉ་མོ་ཇི་བཞིན།

སྐབས་རེ་རྒྱ་མཚོའི་མཁའ་ལ་མཆོངས་ལེན་རེར་གཤོག་རྩ་འཁྱག་གིས་བསྡམས་པ་དེ།

 

ང་ཁྱོད་ལ་དགའ་བ།

འཇམ་ཐང་ཐང་གི་ཁོར་ཡུག་ནས་ཁྱོད་ཀྱི་འཚོལ་བཞིན་པའི་སེམས་ཚོར་དེ།

ནམ་ཞིག་ཁྱོད་ཀྱི་ངག་སྒོ་རྒྱུད་ཏེ་ལྷོ་ཡི་ཁུ་བྱུག་སྔོན་མོ་ནང་བཞིན།

བྱེའུ་ཆུང་ང་ལ་སྤྲོ་སྣང་སྟེར་བའི་ཚོར་བ་ཟབ་མོ་དེ།

 

ང་ཁྱོད་ལ་དགའ་བ།

ནམ་མཁའ་བཞིན་མཐའ་མི་མངོན་པའི་ཁྱོད་ཀྱི་བློ་རྒྱ་དེ།

ང་ཅི་ལྟར་འཕུར་ཀྱང་ཁྱོད་སེམས་ནི་དེ་ལྟར་ཡངས་ལ།

ངས་ཅི་ལྟར་བལྟས་ཀྱང་ཁྱོད་སེམས་ནི་དེ་ལྟར་དྭངས་ཤིང་གཙང་བས།

རྩོམ་པ་པོ།:རེབ་སྐྱིད་ཡར་འཕེལ། | བལྟ་ཀློག | ལན་སློག(9) | འདྲེན་བཀོལ་སྤྱི་བསྒྲགས | རྩོམ་སྒྲིག
Re:ང་ཁྱོད་ལ་དགའ་བ། | 2012/6/3 19:50:31
danzengyixi

དྲྭ་གྲོགས་ལགས། སྙན་རྩོམ་དེ་བཀླགས་ཟིན།
ཉེ་ལམ་བདེ་མོ་ཡིན་ནམ།
ལྷ་གཡག་དར་མས།
Re:ང་ཁྱོད་ལ་དགའ་བ། | 2012/6/3 20:08:20
tenzin3909བདེ་མོ་ཡིན་གྲོགས་པོ་ལགས། རྐྱེན་དུ་མ་ཞིག་གི་དབང་གིས་དྲ་ལམ་དུ་ཞུགས་ཁོམ་མ་བྱུང་བས། ཁྱེད་ཀྱང་སྔར་བཞིན་བདེ་ལེགས་སམ།
Re:ང་ཁྱོད་ལ་དགའ་བ། | 2012/6/3 20:18:15
danzengyixi

ང་ཡང་བདེ་མོ་ཡིན་ལགས། ད་ལྟ་ཆབ་མདོ་རུ་སློབ་སྦྱོང་འདྲ་བྱས་ནས་བསྡད་ཡོད། དུས་ཚོད་བྱུང་དུས་གུས་པའི་ཟིན་བྲིས་སུ་ཕེབས་ཤོག
ལྷ་གཡག་དར་མས།
Re:ང་ཁྱོད་ལ་དགའ་བ། | 2012/6/4 14:24:41
Khyungཁ་བརྡ་སྐྱིད་པོ་ཞིག་མ་ནམ།
Re:ང་ཁྱོད་ལ་དགའ་བ། | 2012/6/7 15:20:20
གནའ་མཁར་ཚེ་སྐྱིད།(སྐུ་མགྲོན)དུངས་བའི་སེམས་པ་སེམས་ཀྱིས་མ་བརྟགས་གོང་།།
ཞིམ་པའི་ཁ་ན་མངར་མོའི་བུ་རམ་འཁྱིལ།།
ཕྱི་ན་སྤུ་འཇམ་ཝ་ཡི་གྲལ་ཁ་འཇམ།།
ནང་ན་གློ་དང་རྒྱུ་མའི་ཐབས་ཇུས་རྒོད།།

གདོང་ན་དགའ་བའི་ཉམས་འགྱུར་རྫོགས་མཐའ་བྲལ།།
ལུས་ན་ཕྱི་གླིང་ལྭ་བའི་བཀྲག་མདངས་བཀྲ།།
ལག་ན་བརྒྱ་ཤོག་དམར་པོའི་དཔངས་ཁ་མཐོ།།
ཁ་ནས་དགའ་བའི་ཚིག་འབྲུས་ཁྱོད་སེམས་བསླུ།།

ཧི་བོན་ཇ་ཁང་སྦྱིན་བདག་ལོ་ན་ཆུང་།།
ཧི་བོན་ཇ་ཁང་ཇ་ལོ་མངར་ཁ་ལྡན།།
ལྩེ་ཡི་མྱོང་ན་བདེ་མོའི་སྤང་ལ་འཁུར།།
ཁོག་ལ་སོང་ན་བསྐྱར་འཐུང་འདུ་ཤེས་རྒྱས།།
ཨ་རོགས་བུ་མོ་དག་གི་ཐུགས་འཇགས་འཚལ།།

ཞེས་གནའ་མཁར་ཚེ་སྐྱིད་ནས་ཀུ་རེའི་ཚུལ་དུ།

རྩོམ་པ་པོ།:གནའ་མཁར་ཚེ་སྐྱིད།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ང་ཁྱོད་ལ་དགའ་བ། | 2012/6/17 19:09:45
tenzin3909གཡོ་སྒྱུ་དང་བསླུ་སེམས་བྲལ་བའི་བཅོས་མིན་ཐོལ་བྱུང་གི་ཚིག་རྐང་འདི་དག་གིས།
གནམ་མཁར་ཚེ་སྐྱིད།
ཁྱོད་སེམས་ལ་ཡང་ཚོར་ཤེས་མང་པོ་ཞིག་ཁབ་རྩེག་བྱས་ཡོད་པ་ཤ་རྟག་རེད་ལ།
མཛེས་མ་མང་པོས་བཤད་ན་ང་ཡི་ལུས་ན་མོ་འགུག་གི་ནུས་པ་ཧ་ཅང་ཆེན་པོ་ཞིག་འདུག་ཟེར་བ་ངོ་མ་བདེན་པ་རེད་བསམ་བྱུང་།
ཁྱོད་ཀྱི་མིང་ལ་གནམ་མཁར་མཚོ་སྐྱིད་ཟེར་ན་ཅི་མ་རུང་།
ཧ་ཧ་ཧ་ཧ་ཧ་ཧ་་་་་་་་་་་་་་་་་་་་་་་་་་་་་་ཀུ་རེ་ཡིན།
Re:ང་ཁྱོད་ལ་དགའ་བ། | 2012/6/30 1:56:31
གནའ་མཁར་ཚེ་སྐྱིད།(སྐུ་མགྲོན)གནའ་མཁར་མཚོ་སྐྱིད་སྐྱིད་པའི་སྣང་བ་མེད།།
སྣང་བ་སྐྱིད་པོ་མགོན་མཚོའི་གདོང་ན་ཡོད།།
སྙིང་གཏམ་མངར་ཁ་ལྕེ་ཡི་རྩེ་ན་ཡོད།།
བསླུ་ཐབས་དེ་ཡིས་མཚོ་སྐྱིད་མཚོ་ལ་གཡུགས།།

མཚོ་སྐྱིད་ཞལ་ན་མིག་ཟུང་ཆུང་ཆུང་ཞིག།
དེ་ཡི་འོག་ན་སྣ་ཁུང་གནམ་འཁོར་ཅིག།
ཁྱོད་ལ་རན་པའི་གཟུགས་ཀྱི་ཚད་གཞི་ཞིག།
ཁྱོད་གཉིས་ལས་ཀྱི་འཕྲད་པའི་གཏན་གྲོགས་རེད།།

མགོན་མཚོ་ལོ་མང་བོར་བའི་རི་དྭགས་རེད།།
ན་ནིང་རྔོན་པ་ཁྱོད་ཀྱི་དམིགས་འབེན་རེད།།
ད་ལོ་ཧི་བོན་ཚང་གི་གཡུང་དྭགས་རེད།།
བ་ཡན་ཐང་ལ་རྒྱུགས་དང་རྒྱུགས་རྐྱང་རེད།།
རྩོམ་པ་པོ།:གནའ་མཁར་ཚེ་སྐྱིད།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ང་ཁྱོད་ལ་དགའ་བ། | 2012/7/10 14:19:21
སྐུ་མགྲོན་Mri7LX(སྐུ་མགྲོན)ཁྱོད་ཀྱི་ལས་དབང་གི་མྱོང་ཚུལ་ཟབ་མོ་འདུག་པས་ཡིད་རངས་ཞུ།
རྗེས་སུ་བརྩེ་དུང་ལ་ཉམས་མྱོང་བྱོས་དང་དྲྭ་གྲོགས་ལགས། རང་ནས།
རྩོམ་པ་པོ།:སྐུ་མགྲོན་Mri7LX(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ང་ཁྱོད་ལ་དགའ་བ། | 2014/3/26 13:51:48
སྐུ་མགྲོན་2KBm1Q(སྐུ་མགྲོན)ཧ་ཅང་བཟང་གི་
རྩོམ་པ་པོ།:སྐུ་མགྲོན་2KBm1Q(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.