སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
པར་མཛོད།
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
བརྩེ་དུང་གི་ཕམ་ཉེས། ། | 2013/9/26 10:16:00

བརྩེ་དུང་གི་ཕམ་ཉེས། །

གྲོགས་པོ་ཞིག་གི་ལོ་རྒྱུས་སམ་བརྩེ་དུང་ལ་བྲིས་པ།

རེབ་སྐྱིད་ཡར་འཕེལ།

(སྟོད་ཆ)

སྤྲིན་དཀར་པོའི་ཡོལ་བ་ཕྱེས་ཏེ། །

དགུང་ཉི་མའི་འོད་ཟེར་འཕྲོས་དུས། །

མ་གན་གི་བྱང་ཁོག་རྒྱུད་ནས། །

ངའི་ལྟེ་ཁྲག་ས་ལ་འཕོས་ཐ། །

བྲག་སེན་མོའི་ཕ་བོང་འགྲམ་ནས། །

ངའི་ངུ་སྐད་སྦྲ་ཆུང་རྒྱུད་ཏེ། །

གན་རི་ལུང་ཀུན་ཏུ་ཁྱབ་ཐ། །

ཕ་བློ་རྒྱ་ཅན་པོ་གན་ནས། །

སྤྲོ་སང་ངེ་བསང་ཞིག་ཕུད་གི །

སྙན་གྲགས་པའི་དུང་སྐད་བཏང་ཐ། །

མ་དྲིན་ཆེན་བྱམས་སེམས་ཅན་པོས། །

འཛུམ་གྱིལ་ལེར་འོ་རེ་སྦྱོར་བཞིན། །

ལྷ་སྲུང་མ་སྐྱབས་གསུམ་བཅོལ་གི །

ང་སྐྱེས་སའི་མཐིང་སྨིག་སྦྲ་ཆུང་། །

ང་རྩེད་སའི་སེན་མོ་ཕ་བོང་། །

འདི་སྐྱུས་ནས་རོང་ལ་སྤར་ཐ། །

རོང་སྡེ་ཆེན་སྡོད་སའི་གནས་རེད། །

དྲིན་ཕ་མའི་སྙིང་གཏམ་ཁྱེར་ཏེ། །

ས་དབེན་པའི་དགོན་སྡེ་ཞིག་ནས། །

སྡིག་མིན་པའི་སྐྲ་ལོ་བཅད་སོང་། །

ཆོས་ཀུན་རིག་དབྱངས་རྟའི་ཁྲོད་ནས། །

ཕྱོགས་ཀུན་ལ་འཁྱམས་མྱུལ་ལོབ་ཐ། །

ཟླ་བཅུ་བའི་ཟླ་འགོ་ཞིག་ལ། །

མཚོ་སྔོན་པོ་ཚྭ་འདམ་གཞུང་གི །

ས་སོག་པོ་ཡུལ་ལ་ཐོན་ཐ། །

འདོན་དབྱངས་རྟ་ངག་ལ་གྱེར་ནས། །

སེམས་དད་པའི་གསོལ་བ་བཏབ་ན། །

གན་སོག་མོ་འདོད་སེམས་ཆེ་གི །

ཕོ་ཁྱོད་ནི་ན་ཚོད་གཞོན་དུས། །

སྨན་ང་ཚོ་རྩེད་འདོད་མེད་དམ། །

དུས་ན་ཚོད་ལོ་ན་རྒས་དུས། །

ཁྱོད་འགྱོད་རུང་རང་གི་སྡུག་རེད། །

དེ་ཟེར་ནས་ལུས་ལ་འཐམ་གི ། 

དེ་ཡིན་རུང་སེམས་ཀྱི་གསེར་ཐག །

ངས་མ་ལྷོད་དམ་དུ་བཅིངས་ཡོད། །

ཉིན་ཞིག་གི་ཉི་མ་ཞིག་ལ། །

ངའི་ཁ་དོན་འདོན་པའི་སྐབས་ལ། །

སྒྲ་ཆུང་བའི་སྒོ་ཞིག་བརྡུང་གི །

སུ་གང་ཡིན་མ་ཤེས་བསུས་ན། །

མ་བུ་མོ་གཉོམ་ཆུང་ཅན་ཞིག །

ལག་ཁ་བཏགས་བཟུང་ནས་ཐོན་ཐ། །

ངའི་མ་ལོ་དྲིན་མོ་ཆེ་གན། །

ལུས་གཟུགས་གཞི་ན་ནས་ལོ་མང་། །

སྨན་གང་ཡིན་ཕན་ཐོགས་མེད་གི །

སྐུ་ཕེབས་ནས་རིམ་གྲོ་སྒྲུབ་རོགས། །

དེ་ཟེར་ནས་ཕྱག་གསུམ་འཚལ་ཐ། །

སེམས་དད་པ་བརྟན་པོ་ཀློང་ནས། །

ལྷ་སྲུང་མར་སྐྱབས་གསུམ་བཅོལ་ན། །

ནད་གན་ལ་ཕན་ཐོགས་ཡོད་གི །

མ་གཤིས་བཟང་བུ་མོ་གན་གི །

ངའི་མ་ལོ་དྲག་གི་བར་དུ། །

སྐུ་འདི་ནས་བཞུགས་རོགས་ཟེར་གི །

ཟླ་མང་པོ་འགོར་བའི་རིང་ལ། །

ངེད་ཚང་མ་ལོབས་ཕྱོགས་ཟིག་གི །

ཁྱིམ་གཅིག་གི་སྣང་བ་བྱིན་ཐ། །

སེམས་དད་པ་ཅན་གྱི་བུ་མོ། །

ངའི་སྲིང་མོའི་བསམ་པ་བཟུང་ཡོད། །

མོའི་ཨ་མ་སེམས་བཟང་ཅན་པོ། །

རང་བུ་ཡི་བསམ་པའི་གཉོར་གི །

ཉིན་ཞིག་གི་ཕྱི་དྲོ་ཞིག་ལ། །

གན་ཨ་མའི་འདི་ལྟར་བཤད་བྱུང་། །

ཁྱོད་ཡོང་ནས་ཟླ་མང་འགོར་སོང་། །

ཕྱིར་ལ་ཡུལ་ལ་བསྐོར་ཞིག་རྒྱོབ་དང་། །

ཟླ་གཅིག་གི་རྗེས་ནས་ཕྱིར་ཕེབས། །

ངེད་གཉིས་ཀས་བརྟེན་ས་ཁྱོད་ཡིན། །

དེ་ཟེར་བཞིན་ང་སྐྱེལ་མ་བྱེད་དུས། །

ངའི་སྲིང་མོའི་མིག་མཐའ་མཆི་རེད། །

གན་དྭངས་རྙོག་ངའི་ར་མི་ཤེས། །

འགྲོ་རན་པའི་སེམས་ཞིག་སྐྱེས་བྱུང་། །

ང་ཕྱིར་འཁོར་ཕྱིར་ལ་འཁོར་བྱུང་། །

ཕྱིར་ཟི་ལིང་མཁར་ལ་འཁོར་བྱུང་། །

ཟླ་བདུན་པའི་ཟི་ལིང་མཁར་རེད། །

དགུང་ཉི་མའི་འོད་ཐིག་བཙན་པོས། །

སྨན་བུ་མོའི་གྱོན་པ་ཐུང་གི །

ངའི་མིག་དབང་དེ་ལ་ཤོར་གི །

སེམས་བརྟན་པོ་རི་རབ་འདྲ་བོ། །

དེའི་ཕྱོགས་ལ་གཡོ་འགུལ་བྱུང་གི། །

གཟུགས་སྐྱེས་ལུས་ཕྲ་ཞིང་ལྡེམ་ལྡེམ། །

ངོ་དཀར་ཤ་དམར་མདངས་ཅན་པོས། །

འཛུམ་ཆུང་ངེར་ཨ་ཁུ་ཟེར་གི །

ཚོང་ཨུ་ཉོ་ཟེར་ནས་བོས་དུས། །

སེམས་གཉོམ་པོ་སྐྲག་སྣང་སྐྱེ་གི །

དེ་ཡིན་རུང་རང་དབང་མི་འདུག། །

མ་བུ་མོའི་སྐད་ངག་སྙན་མོ། །

ལུས་ལང་ཚོའི་མྱོས་བུམ་ཆུང་ཆུང་། །

སེམས་གཏིང་ནས་འདོད་པ་འཆོར་གི །

ཡུལ་གང་ཡིན་གནས་ཚུལ་དྲིས་བྱུང་། །

ཤ་ཚ་བའི་གཏམ་ཞིག་ལོས་ཡིན། །

ས་ཟི་ལིང་རྙོག་འཛིང་ཆེ་བས། །

དགོང་ཕྱི་དྲོ་ཕྱི་ལ་མ་འགྲོ། །

སྐུ་ཁྱེད་རང་འདི་རུ་བཞུགས་དང་། །

ཟས་ཞིམ་པོ་ཟ་རྒྱུ་མེད་རུང་། །

གོས་གཙང་མ་གོན་རྒྱུ་ཡོད་ཟེར། །

ཤ་ཚ་བའི་ཚིག་རེད་བསམ་ནས། །

སེམས་ལྷོད་ལྷོད་ངང་ན་བསྡད་ཡོད། །

ཚིག་ཕར་བཤད་ཚུར་བཤད་ནང་ན། །

ལུས་ལང་ཚོའི་རིན་ཐང་གླེང་གི །

མིག་ཁྲ་ཆུང་འཕེན་ཕྱོགས་ནང་ནས། །

ཞེ་དུང་བའི་བརྡ་ཞིག་བསྟན་ནོ། །

ཤ་སྐྱི་ལྤག་གཉིས་ཀ་འཐེན་ཐ། །

ལག་འཇམ་པོ་སྐེ་ལ་འཐམས་ནོ། །

ལུས་མགོ་སྔ་མེད་ལ་རུལ་གི །

ལྕེ་དྲོན་མོ་བྲང་ལ་འདྲུད་དུས། །

ངས་འག་ཞིག་བཏབས་ན་འདོད་རུང་། །

དེས་ནུས་ཤུགས་ང་ལ་མེད་ཐ། །

ངའི་གསེར་སྐུད་འདྲ་བའི་སྡོམ་པ། །

ས་དེ་ནས་ཐག་སེ་ཆད་ནོ། །

སེམས་རི་རབ་འདྲ་བོ་ཉིལ་ཐ། །

བློ་རྒྱ་མཚོ་འདྲ་བོ་སྐམ་ཐ། །

གན་བུ་མོ་འདོད་ཧམ་ཅན་པོས། །

ཁྱོད་འདྲ་བའི་བུ་ཆུང་ཐབས་སྡུག །

ངའི་མ་མཐོང་མ་ཤེས་ཟེར་གི །

སེམས་ཡར་འཁྱམས་མར་འཁྱམས་བྱས་ན། །

དྲིན་ཕ་མ་གཉིས་ཀ་དྲན་གི །

ང་འཁོར་ནས་ཡུལ་ལ་འཁོར་བྱུང་། །

ངའི་ཕ་ཡུལ་གཡང་སྡེ་ཕྱུག་མོ། །

རི་དུང་དཀར་འདྲ་བའི་སྟེང་ན། །

ཁང་སྐྱ་ལེབ་བརྒྱ་སྟོང་ཆགས་ཡོད། །

ལོ་རྒན་པའི་ཚེ་ཐག་རིང་ཡོད། །

གོང་ཁྲི་བཞུགས་དཔོན་པོ་སྐྱེས་ཡོད། །

གླིང་གྲགས་ཅན་མཁས་པ་བཞུགས་ཡོད། །

མི་བརྩི་བཀུར་ཡོད་སའི་མཚན་ཡོད། །

སྡེ་ཡ་རབས་ཅན་གྱི་རྟགས་ཡོད། །

འ་ཚ་ཚ་ངོ་རེ་ཚ་གི །

དེ་ཡིན་རུང་སྐྱེ་བའི་ལས་རེད། །

ལོ་རྒས་པའི་ཕ་ལོ་གན་གི །

ལས་འཇིག་རྟེན་འཁོར་བའི་ནང་ན། །

སྐྱིད་མེད་ནོ་ཁྱོས་ར་ལེ་ཤེས། །

དེ་ཟེར་བཞིན་དངན་པ་འཐེན་གི །

ཉིན་ཞིག་གི་དུས་ཚོད་ཞིག་ལ། །

ས་སོག་པོའི་སོག་མོ་གན་གི །

སིང་དིར་རེ་ཁ་པར་ཐོན་ཐ། །

སྐུ་མྱུར་ཕེབས་རེ་བ་ཞུ་གི །

གསེར་སེར་པོའི་སྐ་རག་དོམ་པོ། །

འདི་ཆད་སོང་ཟེར་ཐབས་མེད་ཀི །

རང་ལག་འཁྱེར་ཁ་པར་ནང་ནས། །

འཕྲིན་ཡིག་ཆུང་ལམ་ནས་བརྗོད་དུས། །

གང་ཡིན་རུང་དད་པའི་སེམས་པ། །

ཁྱོས་ཕྱོགས་ལ་འཁོར་ཡོད་ཟེར་གི །

                 སྟོད་ཆ་རྫོགས།

རྩོམ་པ་པོ།:རེབ་སྐྱིད་ཡར་འཕེལ། | བལྟ་ཀློག | ལན་སློག(3) | འདྲེན་བཀོལ་སྤྱི་བསྒྲགས | རྩོམ་སྒྲིག
Re:བརྩེ་དུང་གི་ཕམ་ཉེས། ། | 2014/2/5 20:08:52
སྐུ་མགྲོན་8eu2XK(སྐུ་མགྲོན)ཧ་ཅང་ཡག་སོང
རྩོམ་པ་པོ།:སྐུ་མགྲོན་8eu2XK(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བརྩེ་དུང་གི་ཕམ་ཉེས། ། | 2014/2/7 13:11:51
སྐུ་མགྲོན་qul8OB(སྐུ་མགྲོན)ཡ་ངོ་མ། བརྩེ་དུང་ནི་རུ་ཡ་མེད་པའི་གངས་སེང་ནམ་མཁར་འཕྱོ་བ་ཞིག་དང་། བརྩེ་དུང་ནི་གསུབ་ཐབས་མེད་པའི་བདག་པོ་ཁེར་རྐྱང་ཞིག བརྩེ་དུང་ནི་ཚོད་འཛིན་མེད་པའི་ཡ་མེད་རྒོད་པོ་ཞིག བརྩེ་དུང་ནི་འགྲན་ཟླ་མེད་པའི་སྲིད་ནོར་ཞིག རེད་ཡ། བརྩེ་དུང་ནི་ཁུངས་ལུང་མེད་པའི་འཆར་ཡན་ཞིག བརྩེ་དུང་ནི་དྲོ་བ་སྟོར་བའི་རྐྱལ་སྟོང་ཞིག བརྩེ་དུང་ནི་ཕུགས་འདུན་མེད་པའི་ཚོར་སྣང་ཞིག བརྩེ་དུང་ནི་ཆོག་ཤེས་མེད་པའི་ཁ་ཤོར་ཞིག སྙིང་དོན་བརྩེ་དུང་ནི་ཕམ་ཁ་དེ་རང་ཡིན་ནོ།།
རྩོམ་པ་པོ།:སྐུ་མགྲོན་qul8OB(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:བརྩེ་དུང་གི་ཕམ་ཉེས། ། | 2014/2/7 13:14:19
སྐུ་མགྲོན་qul8OB(སྐུ་མགྲོན)རེབ་སྐྱིད་ཡར་འཕེལ་བརྩེ་དུང་རྩོམ་ཡིག་བྲིས།།
དྲྭ་གྲོགས་ངན་པས་དཔྱད་མཆན་མར་འཕེལ་བཏགས།།
ཧི་བོན་ཟིན་ཐོ་ཆ་མ་ཆོལ་དུ་བཟོས།།
རྩ་བའི་འགན་འཁྲི་སུ་ཡི་སྟེང་ལ་གདའ།།
རྩོམ་པ་པོ།:སྐུ་མགྲོན་qul8OB(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.