ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
དཔེ་བརྗོད་ཅིག་གི་གསལ་བཤད། | 2015/8/24 22:49:00


           
སྣང་སྟོན་བསྟན་པའི་ཉི་མའི་སྙན་གཞུང་དུ་དཔེ་བརྗོད་ཅིག་ལ།

      

                 ཚོགས་སུ་རིག་བྱེད་སྨྲ་རྒྱུས་ཕོངས།།
     

      ཨ་ནུ་བྷུ་ཏ་གདུང་བ་ཡིས།།
     

     མཚོ་བྱུང་མ་ཡིས་གསུང་མེད་པས།།
     

    པུམ་སུའི་སུ་ལ་ཀ་ཀ྄་སྦྱིན་མཐོང་།།

ཞེས་པ་བཀོད་ཡོད།འདི་ནི་སྒྲ་རིག་ལ་མཁས་པའི་དྲང་སྲོང་ཨ་ནུ་བྷུ་ཏའི་གཏམ་རྒྱུད་ཅིག་དང་འབྲེལ་ཡོད།སྔོན་ཆད་ཨ་ནུ་བྷུ་ཏ་ཞེས་བྱ་བའི་བྲམ་ཟེ་གཙང་མའི་རིགས་ཚངས་པར་སྤྱོད་པ་ཕྱི་ནང་གི་གཞུང་མཐའ་དག་ཐུགས་སུ་ཚུད་པ་ཁྱད་པར་སྒྲ་རིག་རྒྱ་མཚོའི་ཕ་རོལ་དུ་སོན་པ་ཞིག་ཡོད་པ་དེ།རྒྱ་གར་ཡུལ་དབུས་སུ་འོངས་ནས་རཽ་དཱ་སིའི་ས་ཆ་ན་སྒར་ཆེན་པོ་བྱས་ཏེ།ཕྱོགས་སོ་སོ་ནས་ཕེབས་པའི་སྒྲ་མཁན་སྟོང་ཕྲག་མང་པོར་སྒྲ་རིག་སློབས།ཉིན་ཅིག་ལ་ཁོང་གིས་དེར་འདུས་པའི་སྐྱེས་བུ་རྣམས་ཞེས་པའི་དོན་ལ།དོན་དུ་(པུ་སུ་)བརྗོད་དགོས་པ་ལ་ཞལ་ནས་(པུ་ཀྵུ)ཞེས་ཤོར་འདུག་གོ།དེ་ལ་དེར་འདུས་ཀྱི་སྒྲ་མཁན་མང་པོས་ཉིད་ཀྱིས་བརྗོད་པ་མ་དག་ཅེས་ཁོང་ལ་འཕྱ་སྨོད་བྱས།ཁོང་གིས་ཀྱང་བརྗོད་པ་ནོར་བ་དགོངས་ཀྱང་ངོ་ཚ་བའི་དབང་གིས་འདི་ལྟར་སྔོན་གྱི་སྒྲ་མཁན་རྣམས་ཀྱིས་གསུང་བའི་དཔེ་ཆ་ཡོད་པས་ཕྱིའི་ནངས་བར་ཁྱེད་ཚོར་བསྟན་པར་བྱ་ཞེས་ཀུ་རེ་དང་བཅས་ཉིན་དེའི་ཁྲིད་མཚམས་བཞག་གོ།དེའི་མཚན་མོ་ཁོང་གིས་ཕྱི་ཉིན་ད་ཅི་བྱ་སྙམས་ནས་དེ་བལྟས་ཤི་ན་དགའ་ཞེས་རང་སྲོག་གཅོད་ཐབས་བྱས་སྐབས་མཚོ་བྱུང་དབྱངས་ཅན་མ་དངོས་སུ་བྱོན་ཏེ།པུཾ་ས྄འི་ས་ལ་(ཀ་ཀ྄་ཨ་ག་མ)སྦྱིན་པར་བཤད་པའི་ཁུངས་བསྟན་པ་སོགས་ཀྱི་གཏམ་རྒྱད་དང་འབྲེལ་བའི་(ཨ་ནུ་བྷུ་ཏ་གདུང་བ་ཡིས་)ཡན་གྱིས་ཐོབ་བྱེད་ཀྱི་རྒྱུ་བསྟན།(པུཾ་སུའི་ས་ལ་ཀ་ཀ྄་སྦྱིན་མཐོང་)ཞེས་པ་དེས་ཐོབ་བྱ་འབྲས་བུ་བསྟན་པར་སྣང་།ཀ་ཀ྄་ཨ་ག་མ་སྦྱིན་ན་འདི་ལྟར་སྦྱིན་དགོས།དཔེར་ན།སྐྱེས་བུའི་སྐད་དོད་དུ་(པུཾས྄་)ཞེས་པའི་རྟགས་བཞག།ཕ་རོལ་ལ་རིགས་དང་བརྩོན་པར་བྱེད་པའི་དོན་དུ།སུབ྄)ཞེས་པའི་ཚིག་གྲོགས་བཞག། པུཾ་ས྄འི་ས་ལ་ཀ་ཀ྄་ཨ་ག་མ་སྦྱིན།ཡང་དག་པར་སྦྱོར་བའི་མཐའི་དབྱིའོ་ཞེས་པས་པ་ཕྱིས།ཀ྄་སྲོག་མེད་རྗེས་འབྲེལ་ཡིན་པས་ཕྱིས།ཀའི་སྲོག་གི་ཨ་བརྗོད་དོན་གྱིས་ཕྱིས།ཀ྄་སྲོག་མེད་དུ་གྱུར་བའི་ཧ་ལེན་ཏའི་མཚན།སྐབས་དེར་གྲུབ་གཟུགས་ཀྱི་ཡི་གེ(པུཾས྄ཀ྄སུ)འདི་འབབ།ཀ྄་ས྄་དག་གི་སྔོན་མའོ་ཞེས་པས་ས྄་སྲོག་མེད་ཕྱིས།ཀུ་ཨུ་ལ་སའི་ཥའོ་ཞེས་པས།ས་ཡིག་ཤ་ཡིག་དུ་བསྒྱུར།དེ་ནས་དབྱངས་ཀྱི་དམན་པ་ཕ་རོལ་དུ་ཡང་དག་པར་སྦྱོར་རོ་ཞེས་པས་ཀ྄་སྲོག་མེད་ཥུ་ཐོག་ཏུ་དྲངས་པས།(པུཾ་ཀྵུ)ཞེས་པ་འདི་གྲུབ།

 

དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.