ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
རིག་གཞུང་དམར་གསོད་བྱས་པ། | 2015/8/16 14:21:00

     ཆོས་ལུགས་པས་རིག་གཞུང་དམར་གསོད་བྱས་པ།

                             རྫ་ཚེ་དབང་བསྟན་འཛིན།  སི་ཁྲོན།
བདེན་དོན་དང་གནས་ལུགས་ཀྱི་ལམ་ནས་ཆོས་ལུགས་པའི་ལག་རྗེས་ལ་ཕྱིར་དྲན་ཅིག་བྱས་ཚེ། མིག་མཐོང་ལག་ཟིན་གི་སྐད་ཆ་འགའ་བོད་རིགས་གཞོན་སྐྱེས་རྣམས་ལ་དཔྱད་གཞིའི་རྒྱུ་ཙམ་དུ་འདི་ནས་མི་བཤད་ཐབས་མེད་བྱུང་། སྤྱིར་ན་འདི་མོ་འདིའི་སྐད་ཆ་གླེང་འདོད་རྩ་བ་ནས་མེད།ལྷག་པར་མི་རང་ཉིད་ཀྱང་ཆོས་ལུགས་པ་ཞིག་གི་རྟགས་ཙམ་འཛིན་པའི་གྲས་སུ་གཏོགས་པས།ཆོས་ལུགས་པའི་ངན་མཚང་རྟོལ་འདོད་དེ་བས་ཀྱང་མེད་མོད།ཡིན་ནའང་བདེན་དོན་དང་གནས་ལུགས་ཤིག་གམ་ཡང་ན་མི་རིགས་ཤིག་གི་ལོ་རྒྱུས་དང་རིག་གནས་ལ་ཕམ་ཁ་དང་གྱོང་གུད་བསམ་ན་ཡིན་གཅིག་མིན་གཉིས་ཀྱིས་གླེང་ན་འདོད་གི།གནའ་ནས་ད་ལྟའི་དུས་རབས་ཉེར་གཅིག་གི་དེ་རིང་བར་དུ་ཆོས་ལུགས་པས་བཤད་ཕྱོགས་ཤིག་ལ་འུ་ཅག་གིས་མི་སེར་ལ་སློབ་གསོ་ཐེབས་ཀི་མེད་རབ་དང་།ད་དུང་སློབ་གསོ་དགོས་རབ་མང་པོ་ཞིག་གླིང་གིན་འདུག།ངས་བལྟས་ན་ཆོས་ལུགས་པས་བོད་ཀྱི་མི་སེར་ལ་སློབ་གསོ་ཐེབས་ཆེ་སོང་ཞིག་འདོད་ཀི་ཡོད་མ་གཏོགས་ཆུང་སོང་ཞིག་འདོད་ཀི་མེད།

སྤྱིར་ན་འཛམ་གླིང་འདི་སྤྱི་མཐུན་དུས་རབས་དང་བསམ་བློ་ཅན་གྱི་དུས་རབས་སུ་སླེབས་ཡོད་ནའང།ད་དུང་བོད་མི་རིགས་ཀྱི་ངོས་ནས་བཤད་ན་གྲུབ་མཐའི་ཆགས་སྡང་གི་འདམ་བག་ནས་ནམ་ཡང་མ་ཐར་ཞིང་།རང་ཉིད་ཀྱི་མདུན་ལམ་ལ་རང་ཉིད་ཀྱིས་ཆག་གྲུམ་རྫོགས་མཐའ་མེད་པ་ཞིག་བཟོ་གི་ཡོད་པ་འདི་ཆོས་ལུགས་པའི་སློབ་གསོའི་ལག་རྗེས་རེད།བོད་མི་རིགས་ཀྱིས་གུས་བཀུར་དང་རྩི་འཇོག་ཆེ་བའི་བླ་མ་དང་གྲྭ་པ་རྣམས་ཀྱིས་ཆོས་ལུགས་ཀྱི་འབག་ཞལ་གོན་ནས།རང་ཉིད་ཀྱི་ཕོར་ཁའི་ཆེད་དུ་རང་ཕྱོགས་ཀྱི་ཆོས་ལུགས་བཟང་རབ་དང་།གཞན་ཕྱོགས་ཀྱི་ཆོས་ལུགས་ངན་རབ་ཀྱི་བག་ཆགས་ཟབ་མོ་དེ་བོད་རྨོངས་དད་པའི་རྣ་ལམ་དུ་བཞག་ཆེ་བས།ཁོང་ཚོས་ཡང་ཧ་མི་གོ་ཧོན་རྒྱུག་གི་ལམ་ནས་མི་རིགས་ཤིག་གི་མདུན་ལམ་དང་མཐུན་སྒྲིལ་ལ་གས་སྲུབས་ཇེ་ཆེར་འགྲོ་གི་ཡོད་པ་ཤེས་རྟོགས་བྱུང་གི་རྩ་བ་ནས་མེད།ད་དུང་རང་ཉིད་བོད་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་།གནའ་བོའི་རིག་དངོས་རྩ་ཆེན་གྲངས་མེད་པ་ཞིག་ཕྱོགས་སོ་སོ་ནས་མེད་རླག་ཏུ་འགྲོ་གི་ཡོད་པ་ནི་དེ་ལས་གོ་གི་མེད་ནི་རེད།སྤྱིར་རིག་གནས་གསར་བརྗེ་ཆེན་མོའི་སྐབས་སུ་བོད་ཁམས་ཀྱི་རིག་གནས་དང་།ལོ་རྒྱུས་ཀྱིས་མཚོན་པའི་རིག་དངོས་མང་པོ་ཞིག་མེད་པར་བཟོས་ཡོད་པ་ཚང་མས་ཧ་གོ་ནི་རེད།འདི་མི་རིགས་མི་གཅིག་པ་དང་དམར་ཕྱོགས་རྒྱལ་ཁབ་ཞིག་གིས་བཀོད་བསྒྲིགས་ཡིན་པས།ངས་འདི་ལ་ལྷག་པར་ཡ་ཆེན་པོ་མཚན་གི་མེད།འུ་ཅག་བོད་མི་དང་ལྷག་པར་ཆོས་ལུགས་པ་ཞིག་གི་ངོས་ནས་བལྟས་ན་ཡ་མཚན་དགོས་པ་ཞིག་ནི།སྒེར་གཅོད་དང་རང་མཐོང་ཆེ་བའི་ཆོས་ལུགས་པ་ཚོས་རང་གི་མེས་པོ་སྐུ་དྲིན་ཅན་ཚོའི་རིག་གནས་ཀྱི་བང་མཛོད་མང་པོ་ཞིག་གཏོར་བཤིག་བཏང་ཟིན་པ་དང་གཏོང་བཞིན་ཡོད་པ་ནི་ཧ་གོ་དགོས་ནི་ཞིག་རེད། དཔེར་ན་གནའ་མཁར་ཟི་ལིང་དཔེ་མཛོད་ཁང་ཞིག་ནས་གནའ་བོའི་ཞང་བོད་ཀྱི་ལོ་རྒྱུས་ཆེན་མོ་ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་དེ་ཐོག་དང་པོ་འགྲེམ་སྤེལ་བྱེད་དུ་ཐོན་སྐབས།ཆོས་ལུགས་པའི་གོ་གནས་མཐོ་ཞིང་བོད་མི་རིགས་ཀྱི་སློབ་གསོ་ཆེན་མོ་བའི་མིང་རྟགས་བཞེས་པའི་ཨ་ལགས་ཤིག་གིས།ཁོའི་ལས་གྲོགས་འགའ་ལ་ངན་བསྐུལ་བྱས་ནས་དཔེ་མཛོད་ཁང་དུ་ཡོད་པའི་ལེགས་བཤད་རིན་པོ་ཆེའི་དཔེ་དེབ་ཚང་མ་རིན་གྱིས་ཉོས་ཏེ་ཆུ་ལ་གཡུགས་རྗེས།  དཔེ་མཛོད་ཁང་གིས་དེབ་ཐེར་དེའི་ཐོག་ནས་ཚོང་བརྒྱུག་པར་ཤེས་ཏེ་སླར་ཡང་པར་ཐེངས་གཉིས་པ་པར་བསྐྲུན་བྱས་ནི་རེད། དེ་ཡང་ཆོས་ལུགས་མང་པོ་ཞིག་གིས་བཀག་རྒྱ་སྣ་ཚོགས་བྱས་མོད་ཀྱང་བཀག་འགོག་མ་ནུས་པར་མདོ་དབུས་ཁམས་གསུམ་གྱི་དཔེ་མཛོད་ཁང་སོ་སོར་བཀྲམ་སྤེལ་བྱས་པས། ངས་ད་ཅི་གོང་ནས་བཤད་པའི་ཨ་ལགས་དེའི་བསམ་ཐོག་ཏུ་རྟ་མ་རྒྱུག་ནི་རེད།

 མགོ་ལོག་དར་ལག་རྫོང་རི་ལག་དྲུག་གི་ཡ་གྱུར་སྙེ་མོ་རི་ལག་གི་ས་ན་སྔོན་ཆད་བོན་དགོན་ཞིག་ཡོད་པ་དེ་ཕྱི་ནས་བན་དགོན་དུ་ཨ་བྱི་རྟོགས་ལྡན་ཟེར་བ་དེས་བསྒྱུར་ཞེས་བཤད།  གང་ལྟར་སྤྱི་ལོ་༡༩༨༢་ཡསམས་ཤིག་ལ་དགོན་པ་དེའི་ནང་ནས་ཞང་བོད་གནའ་བོའི་དཔེ་རྙིང་མང་པོ་ཞིག་མེ་བསྲེགས་བཏང་སོང་པ་རེད།ད་དུང་དགོན་པ་དེའི་ནང་དུ་བོན་དཔེ་འགའ་རེ་ཡོད་རབ་འདུག།ཤུལ་ལྷག་གི་དཔེ་རྙིང་འགའ་རེ་ཡོད་པ་དེ་དག་ནི་བོན་གྱི་ཁམས་ཆེན་གྱི་སྐོར་ཡིན་ས་རེད།ཤུལ་དུ་ལྷག་དོན་ཡང་བོན་གྱི་ཁམས་ཆེན་དང་བན་ངྷའི་ཡུམ་གཉིས་ཚིག་གི་ཆ་ནས་འདྲ་བོ་མང་བས།སྐབས་དེའི་མེ་སྲེག་གི་གཏེ་བོ་རྣམས་ཀྱིས་དཔེ་རྙིང་དེ་དག་ཡུམ་དཔེ་ལ་ནོར་སོང་བ་ཡིན་ཚོད་འདུག།དར་ལག་རྫོང་གསང་རིའི་མཚོ་རྒན་གྱི་ཕུག་ན་སྔོན་ཆད་ཞང་བོད་རིག་འཛིན་མང་པོའི་སྒྲུབ་གནས་ཡོད་རབ་ས་དེའི་རྒན་པོ་འགས་ང་དང་ངའི་གྲོགས་པོ་མང་པོ་ཞིག་ལ་བཤད་མྱོང་།རྒན་པོ་དེས་བཤད་པ་ངོ་མས་བདེན་ཚོད་རེད།རྒྱུ་མཚན་ནི་ཨ་ལགས་འགས་གསང་རི་མའི་འབྲོག་རྒན་རྣམས་ལ་འུ་ཅག་གི་ས་ན་སྔོན་ཆད་བོན་པོ་དར་མྱོང་བས་ས་གང་ནས་བོན་དཔེ་འདྲ་རྙེད་ན་མེད་པར་བཟོ་གང་ཐུབ་ཐུབ་བྱེད་དགོས་རབ་ཀྱི་ངན་བསྐུལ་ཐེབས་པས།ས་དེ་གའི་མི་རྣམས་ཕྱུགས་རྫིའི་ལམ་བར་ནས་དཔེ་རྙིང་དང་ཐང་རྙིང་སོགས་དངོས་རྫས་རྙིང་བའི་རིགས་མང་པོ་རྙེད་ཡོད་ནའང་།ཨ་ལགས་རྣམས་ལ་བཀའ་འགལ་དུ་འགྲོ་བར་དོགས་ནས་མེ་བསྲེགས་བཏང་སོང་ནི་རེད་ཅེས་འབྲོག་མི་འགས་ངའི་གྲོགས་པོ་ཞིག་ལ་ས་ར་དགའ་ར་བཤད་ཡོད་གི།ད་ལྟའི་དུས་སུ་ཡང་ས་དེ་གའི་བྲག་གསང་དང་རི་འདབས་སོགས་ནས་བོན་གྱི་དཔེ་རྙིང་དང་།འཁོར་ལོ་རྙིང་བ།གསེར་སྐུ་རྙིང་བ་སོགས་ཞང་བོད་རིག་གནས་དང་འབྲེལ་བ་ཟབ་པའི་བཅའ་དངོས་རྙིང་བའི་རིགས་རྙེད་རྒྱུ་ཡོད་པ་ནི།འབྲོག་མི་རྒན་པོ་དགྲ་འདུལ་དང་།ཀུན་བཟང་།ཆོས་གསལ་སོགས་ཀྱིས་བཤད་མྱོང་།རྒྱུ་མཚན་དེའི་ཕྱིར་ན་མགོ་ལོག་དར་ལག་རྫོང་གཅིག་པུའི་ས་ནས་གནའ་བོའི་དཔེ་རྙིང་དང་ཐང་ག་སོགས་དངོས་རྫས་རྙིང་བའི་རིགས་ཅི་མོ་ཞིག་ལ་ཆོས་ལུགས་པས་བཀོད་འདོམས་འོག་ནས་གྱོང་གུད་ཐེབས་ཡོད་པ་རགས་ཙམ་ཤེས་འདུག།རྨ་ཆུ་རྫོང་གི་གོས་ལ་བྲག་དཀར་གྱི་ལྷོ་ནུབ་མཚམས་སུ་བྲག་ལུང་བར་མ་ཟེར་རྒྱུའི་ལུང་བ་ཞིག་ཡོད་པ་རེད།དེར་སྤྲུལ་སྐུ་ཁྲོ་གཉེར་རྒྱལ་མཚན་གྱི་སྒྲུབ་ཕུག་ཡོད།ས་དེ་གའི་འབྲོག་མི་སྨོན་ལམ་དང་།དགེ་གྲགས་སྐྱབས་གཉིས་ཀྱིས་བཤད་པ་ལྟར་ན།སྔོན་ཆད་ཁོང་ཚོ་ཆུང་དུས་སྒྲུབ་ཕུག་དེའི་ནང་དུ་དཔེ་རྙིང་གླེགས་བམ་བརྒྱ་ཕྲག་ཙམ་ཡོད།གཞན་ད་དུང་འཁོར་ལོ་དང་།རུས་རྒྱན།མཆོད་ཆ་སོགས་དངོས་རྫས་སྣ་ཚོགས་ཤིག་ཡོད་མོད་ཀྱང་།ཕྱི་ནས་རིམ་བཞིན་དེ་དག་ཚང་མ་གཏན་མེད་དུ་གྱུར་སོང་ཐལ་ཟེར་འདུག།འདི་ཡང་ཕལ་ཆེར་ས་དེ་གའི་མི་རྣམས་ཀྱིས་གཏོར་བརླགས་ཐེབས་སོང་བ་ཡིན་རྒྱུ་རེད།སོག་རྫོང་གི་ཉིན་མཐའ་ཤང་།འོབ་ཐུང་རི་ཆེན་གྱི་ཏས་དཀར་བྲག་སྟེ་དེང་དུས་སུ་ཆ་རྫོང་བྲག་ཟེར་བ་དེ་ནས།སྤྱི་ལོ་༡༩༩༣་ཡས་མས་ཤིག་ལ་དཔེ་རྙིང་གསེར་བྲིས་མ་གླེགས་བམ་བརྒྱ་ཕྲག་མང་པོ་སྔོག་འདོན་བྱས་མོད།ཡིད་སྐྱོ་བ་ཞིག་ལ་ས་དེ་གའི་ཨ་ལགས་རྣམས་ཀྱིས་ཧ་གོ་ནས་དཔེ་རྙིང་དེ་དག་སྔོན་ཆད་གླང་རྗེ་གེ་སར་རྒྱལ་པོས་ནན་པ་རྒྱབ་རབ་དང་།དེ་དག་གི་དཔེ་རྙིང་ཚང་མ་མྱུར་མོས་མེ་སྲེག་མ་བཏང་ན་ས་གནས་འདིར་བཀྲ་མི་ཤིས་ཚུལ་གྱི་སྐད་ཆ་གནས་ལུགས་མེད་པ་མང་པོ་ཞིག་གི་གཡོ་འོག་ནས།འབྲོག་མི་རྨོངས་དད་པ་ཚོས་གནའ་བོའི་རིག་གཞུང་མང་པོ་ཞིག་ས་དེ་ནས་དམར་གསོད་བྱས་སོང་བ་རེད།གཞན་ད་དུང་དཔེ་རྙིང་འདི་དག་རྙེད་སའི་བྲག་ཕུག་ནས་རིན་ཐང་ལྡན་པའི་གནའ་རྫས་གང་མང་པོ་ཞིག་ལག་སོན་བྱུང་མོད་ཀྱང་།འགའ་ཞིག་ཕྱི་བཙོང་བྱས་ཡོད་པ་དང་འགའ་ཞིག་ཨ་ལགས་རྣམས་ཀྱིས་ཕྱག་བཞེས་གནང་སོང་བ་རེད།ཕྱི་ནས་རྒྱལ་ཁབ་གནའ་རྫས་སྲུང་སྐྱོབ་སྡེ་ཁག་གིས་ཧ་གོ་ནས་དཔེ་རྙིང་འདི་དག་མེད་བརླགས་གཏོང་མཁན་གྱི་གཙོ་བོ་འགའ་རེ་ཁྲིམས་འོག་ཏུ་འདུག་དགོས་བྱུང་བ་ནི།ཁོ་ཚོས་ཁྲིམས་རོགས་འགས་ས་ར་དགའ་ར་བཤད་ཀི་ཡོད།དེ་རྗེས་ཡང་ས་དེ་གའི་འབྲོག་མི་རྣམས་ཀྱིས་བྲག་གསེབ་དེར་སླར་ཡང་ད་དུང་བཅའ་དངོས་རྙིང་བའི་རིགས་ཡོད་པ་ཧ་གོ་སྟེ་ལྐོག་ནས་སྔོག་བཤེར་བྱས་ཚེ་གནའ་རྫས་མང་པོ་ལག་སོན་བྱུང་རབ་འདུག།དཔེ་རྙིང་དང་ཐང་གའི་རིགས་རྙེད་ཚད་ཚང་མ་བྲག་ནས་ཆུ་ལ་གཡུགས་གང་ཐུབ་བྱས་པ་དང་།གཞན་དཔེ་རྙིང་གསེར་བྲིས་མ་དུམ་བུ་རེ་འགའ་དང་ཐང་རྙིང་རེ།མི་ཁོག་ངར་རེ་རེས་ཚོང་རྒྱུ་ལ་དམིགས་ནས་ཉར་ཚགས་བྱས།དེ་རྗེས་ཡང་ས་དེ་གའི་འབྲོག་གསར་འགའ་རེ་བྲག་གསེབ་དེར་སྔོག་བཤེར་དུ་སོང་ས་ནས་ཁོང་ཚོ་གློ་བུར་དུ་བྲག་ཕུག་ཆེན་པོ་ཞིག་ལ་ཐུག་སྟེ་བྲག་ཕུག་གི་ནང་དུ་སོང་ཚེ་བྲག་ཕུག་དེར་དཔེ་རྙིང་གླེགས་བམ་བརྒྱ་ཕྲག་མང་པོ་དང་ཐང་སྐུ་རྙིང་བའི་རིགས་སོགས་ལག་སོན་བྱུང་ནའང་།བདེན་དོན་དང་གནས་ལུགས་དམར་གསོད་བྱེད་མཁན་གྱི་ཨ་ལགས་འགས།ཐབས་བརྒྱ་སྣ་ཚོགས་ཀྱི་སྒོ་ནས་ཆོས་ལུགས་ཀྱི་འབག་ཞལ་གདོང་ལ་གྱོན་ཞིང་ཆབ་སྲིད་དང་གཡོ་ཁྲམ་གྱིས་མི་སེར་ལ་ངན་བསྐུལ་བྱས་ཏེ།འོབ་ཐུང་རི་ཁག་གི་ས་ནས་རྙེད་པའི་དཔེ་རྙིང་སྟོང་ཕྲག་ལྷག་དང་ཐང་རྙིང་གི་རིགས་རྣམས་ཕྱོགས་གཅིག་ཏུ་བཏུས་ནས།ས་གནས་དེའི་བླ་གྲྭ་འགའ་དང་མི་སེར་རྣམས་ཀྱིས་མ་ནི་དང་སི་དྷི་དབྱངས་སུ་གྱེར་བཞིན་མེ་བསྲེགས་བཏང་ཟིན་པ་རེད།དེའི་སྐབས་ཀྱི་རྒྱུ་མཚན་མང་ཕྱོགས་ཤིག་ས་དེ་གའི་སྡོམ་གོ་ཟེར་བ་དེས་ངའི་གྲོགས་པོ་ཞིག་ལ་བཤད་ཡོད་ཀི།

ད་དུང་སྡོམ་གོ་ཟེར་བ་དེ་མི་རང་ཉིད་ཀྱི་ངོས་ནས་བལྟས་ན་བསམ་བློ་བ་ཞིག་དང་ལྷག་བསམ་པ་ཞིག་ཡིན་པ་ཐག་གིས་ཆོད་འདུག།རྒྱུ་མཚན་ནི་ཁོས་སྐབས་དེར་མི་མང་པོ་ཞིག་ལ་དཔེ་རྙིང་དེ་དག་མེད་བརླགས་སུ་གཏོང་མི་ཉན་ཚུལ་གྱི་སློབ་གསོ་མང་པོ་བཏང་ཡོད་པ་རེད།ད་ཅི་གོང་དུ་བཤད་པའི་དཔེ་རྙིང་དེ་དག་གི་གྲས་ནས་བོད་གསོ་བ་རིག་པའི་གཞུང་ལུགས་དུམ་བུ་བཅུ་ཡས་མས་ཤིག།ཤིང་ཟ་སྐལ་བཟང་རྒྱ་མཚོ་ཟེར་རྒྱུའི་ཨ་ལགས་དེས་ཕྱག་བཞེས་གནང་སོང་བ་རེད།གོ་ཐོས་ལྟར་ན་སྨན་གཞུང་དེ་དག་ད་ལྟ་པེ་ཅིན་གནའ་རྫས་དཔེ་མཛོད་ཁང་དུ་ཡོད་རབ་འདུག།གཞན་ད་དུང་དཔེ་རྙིང་དེ་དག་གི་གྲས་ནས་གླེགས་བམ་ལྔ་བཅུ་ཙམ་ཞིག་དཔའ་ལུང་ཚེ་རིང་ཟེར་རྒྱུའི་མི་དེས་ཉར་ཚགས་བྱས་ནས་ཡོད་པ་ནི་མིག་མཐོང་ལག་ཟིན་ཡིན་ནི་རེད།ད་དུང་ལོ་དེར་ཏས་དཀར་བྲག་གི་ཕུག་པ་ནས་ཁ་ཆེའི་ཆོས་ལུགས་པ་འགས་ཞང་བོད་མེས་པོའི་ལག་རྩལ་ལས་བསྐྲུན་པའི་གནའ་རྫས་མང་པོ་ཞིག་ཁྱེར་ནས་ཕྱི་གླིང་དུ་བྲོས་བྱོལ་བྱས།གནའ་རྫས་དེ་དག་གི་ཁྲོད་དུ་རིན་པོ་ཆེ་གཟི་གྲུ་གང་གི་རིང་ཐུང་ཅན་ཞིག་ཡོད་པ་གྲགས།ཉེ་ལམ་གོ་ཐོས་ལྟར་ན་རིན་པོ་ཆེ་གཟི་དེ་ད་ལྟ་ཨ་ལྰ་པོའི་མཆོད་རྟེན་ཞིག་གི་རྩེར་ཡོད་ཚོད་བཤད།མདོར་ན་སོག་རྫོང་ཉིན་མཐའ་ཤང་གི་བྲག་ཕུག་མང་པོའི་ནང་ནས་གནའ་བོའི་ཞང་བོད་རིག་གནས་དང་འབྲེལ་བ་ཟབ་པའི་དཔེ་རྙིང་དང་།ཐང་སྐུ་རྙིང་བ།གསེར་སྐུ་རྙིང་བ་སོགས་བཅའ་དངོས་རྙིང་བའི་རིགས་གྲངས་གཞལ་མེད་པ་ཞིག་ཆུ་ལ་གཡུགས་པ།མེ་ལ་བསྲེགས་པ།གཞན་ལ་གཡོ་ཚོང་བྱས་པ་སོགས་ཐབས་བརྒྱ་སྣ་ཚོགས་ཀྱི་སྒོ་ནས་མེད་པར་བཟོ་གང་ཐུབ་ཐུབ་བྱས་མོད་ཀྱང་།ད་དུང་བྲག་ཐེམ་དང་ཆུ་འགྲམ་རི་རྩེ་སོགས་གང་ས་གང་ནས་དཔེ་རྙིང་དང་ཅ་དངོས་རྙིང་བའི་རིགས་རྙེད་གི་ཡོད་ནི་རེད།ཡང་མགོ་ལོག་རྨ་ཆེན་རྫོང་གི་མ་ནི་ལུང་བ་ཟེར་རྒྱུའི་ལུང་ཁོག་གི་བྲག་ཕུག་ཆེན་པོ་ཞིག་གི་ནང་དུ་དཔེ་རྙིང་གླེགས་བམ་ཉིས་བརྒྱ་ལྷག་ཡོད་པ་ནི།ཨ་མདོ་རྔ་བའི་དབྱར་རྩ་དགུན་འབུ་རྐོ་མཁན་འགས་དངོས་སུ་མཐོང་མྱོང་།དེའི་ཕྱིར་ལོར་སོང་དུས་དཔེ་རྙིང་ཚང་མ་རྩ་མེད་གྱུར་བར་བཤད།དཔེ་རྙིང་དེ་དག་མེད་བརླགས་སུ་སོང་བ་ནི་ས་དེའི་མི་ལ་འབྲེལ་བ་ཡོད་མིན་དང་།ཨ་མདོ་རྔ་བའི་འབུ་རྐོ་རྣམས་ལ་འབྲེལ་བ་ཡོད་མིན་ཐག་གཅོད་ཁག་པོ་འདུག།

དེ་བཞིན་དུ་སོག་རྫོང་ནས་རྨ་ཆུའི་ཆུ་རྒྱུད་མང་ཆེ་ཕྱོགས་སུ་ཡ་ཐོག་ཞང་བོད་རིག་གནས་དང་འབྲེལ་བ་ཟབ་པའི་བོན་དཔེ་རྙིང་བའི་རིགས་དང་།ཐང་ག་སོགས་དངོས་རྫས་ཀྱི་རིགས་བང་པོ་ཞིག་རྙེད་གི་ཡོད་པར་བལྟས་ན།ས་དེ་ཕྱོགས་ཀྱི་བོད་མིའི་ཁྱིམ་རྒྱུད་ཚང་མ་གནའ་སྔ་མོ་ཆོས་ལུགས་གང་ཞིག་སྤྱོད་མཁན་ཡིན་པ་ཤེས་གསལ་ལྟར་རེད།སྤྱི་ལོ་༢༠༠༩་ལོར་ཡུལ་ཤུལ་ས་ཆ་སྟེ་ཁམས་ནང་
ཆེན་ཕྱོགས་ཀྱི་ཤོར་མདའ་རྫོང་གི་སྐྱིད་གཞུང་ལུང་བ་ནས་གནའ་བོའི་དཔེ་རྙིང་མང་པོ་ཞིག་མེ་སྲེག་བཏང་ཡོད་པ་རེད།མེ་སྲེག་བཏང་སའི་ས་དེ་ད་ལྟ་རྟ་སྣ་དགོན་པའི་ཐག་ཉེ་ས་རེད།རྒྱུ་མཚན་དེ་བའི་ཕྱིར་ན་འདིའི་ཕྱོགས་ནས་རྟ་སྣ་དགོན་པ་ལ་ཁ་ཐུག་ལག་འབྲེལ་ཡོད་པ་མཚོན་ག།དཔེ་རྙིང་དེ་དག་གི་ཁྲོད་ནས་མེ་ལ་འབར་འཕྲོ་ཤོག་གྲངས་སུམ་བཅུ་ཙམ་དགེ་བཤེས་བཤད་སྒྲུབ་ཉི་མས་ད་ལྟ་བདག་གཉེར་བྱས་ནས་ཡོད་པར་གྲགས།ཉེ་ཆར་གོ་ཐོས་ལྟར་ན་སྤྱི་ལོ་༢༠༡༢་ལོའི་དབྱར་ཁར་ཨ་མདོ་རྔ་བའི་དགོན་པ་ཞིག་གིས་ཁོང་ཚོར་གནའ་ནས་ཡོད་པའི་ལྷ་ཁང་རྙིང་བ་ཞིག་གཙང་དག་བྱེད་ཁུལ་བྱས་ནས་རང་གི་མེས་པོ་གོང་མ་ཚོས་ཤུལ་བཞག་གི་རིག་གཞུང་རྙིང་པའི་རིགས་མང་པོ་ཞིག་མེ་སྲེག་བཏང་ཡོད་པ་དང་ཕྱོགས་གཅིག་གཞན་ལ་བཙོང་བཞག་ཡོད་མེད་ཀྱི་སྐད་ཆ་ཞིག་འདུག།འདི་འུ་བདེན་ན་དཀོན་མཆོག་མཁྱེན།སྤྱིར་རྔ་བའི་མི་རིགས་ནི་བོད་མི་རིགས་ལ་དུངས་པ་ཟབ་ཅིང་བདེན་དོན་དང་གནས་ལུགས་སྐྱོང་མཁན་གྱི་ས་གནས་ཤིག་ཡིན་དུས་ན།ལྷག་པར་བླ་མ་དང་གྲྭ་བ་རྣམས་ཀྱིས་འདི་ལྟ་བུའི་ཁྲེལ་མེད་ཀྱི་ལས་ཤིག་བྱེད་ནི་མ་རེད་འདོད་གི་ཡོད།ད་ཅིའི་གོང་གི་སྐད་ཆ་བདེན་རྒྱུའི་དབང་དུ་བཏང་ན་ཁོང་ཚོ་ནི་ངོ་མས་མི་རིགས་ཤིག་གི་ཞབས་འདྲེན་དང་རིག་གཞུང་ཞིག་གི་དགྲ་བོ་རེད།ཁོང་ཚོ་གྲུབ་མཐའི་ཆགས་སྡང་གི་གཡོ་འོག་ནས་མི་རིགས་ཁ་བྲལ་གཏོང་མཁན་གྱི་གཏེ་བོའང་རེད།འདི་མོ་འདིས་མི་རིགས་ཤིག་གི་མཐུན་ལམ་ལ་གནོད་ཀ་མི་གནོད་ཀི།


 

Re:རིག་གཞུང་དམར་གསོད་བྱས་པ། | 2016/3/17 16:19:07
སྐུ་མགྲོན་s85Are(སྐུ་མགྲོན)除了痛心没啥
རྩོམ་པ་པོ།:སྐུ་མགྲོན་s85Are(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རིག་གཞུང་དམར་གསོད་བྱས་པ། | 2015/9/8 23:17:13
ཁྱུང་ལུང་།(སྐུ་མགྲོན)ངོ་མ་ཡ་མཚན་ཞིག་རེད། བོན་དང་འབྲེལ་བའི་དངོས་རྫས་ཡིན་མིན་ཆ་མ་འཚལ་ཡང་གང་ལྟར་བོད་ཀྱི་རིག་གནས་དང་བོད་ཀྱི་གནའ་བོའི་རིན་ཐང་གཞལ་མེད་ཀྱི་དངོས་རྫས་ཧ་ལས་པ་བཟོས་སོང་།
རྩོམ་པ་པོ།:ཁྱུང་ལུང་།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རིག་གཞུང་དམར་གསོད་བྱས་པ། | 2015/9/8 23:11:57
སྐུ་མགྲོན་0GWi0M(སྐུ་མགྲོན)ངོ་མ་ཡ་མཚན་རེད་བོན་དང་འབྲེལ་བའི་དངོས་རྫས་ཡིན་མིན་ཆ་མ་འཚལ་ཡང་བོད་སྤྱི་ལ་གྱོང་དགུད་ཆེན་པོ་ཞིག་བཟོས་སོང་།
རྩོམ་པ་པོ།:སྐུ་མགྲོན་0GWi0M(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རིག་གཞུང་དམར་གསོད་བྱས་པ། | 2015/8/30 23:00:22
སྐུ་མགྲོན་sxo0RE(སྐུ་མགྲོན)གནས་ཚུལ་འདི་ཚོ་ཐབས་ཆག་རེད།ད་འདི་མོ་འདི་བཤད་ནས་ཅི་ཕན།དེ་ལས་རང་ནུས་གང་ཡོད་ཀྱིས་སྤྱི་ཕན་གྱི་ལས་ཀ་རེ་བྱེད་ཐུབ་ན་བསམ་གི
རྩོམ་པ་པོ།:སྐུ་མགྲོན་sxo0RE(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རིག་གཞུང་དམར་གསོད་བྱས་པ། | 2015/8/24 13:07:17
སྐུ་མགྲོན་8CSf73(སྐུ་མགྲོན)རྩོམ་ཡིག་འདིར་ཐེངས་གཅིག་བཀླགས་རྗེས་སེམས་པ་ཧ་ཅང་སྐྱོ་བོ་ཞིག་བྱུང་།
རྩོམ་པ་པོ།:སྐུ་མགྲོན་8CSf73(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རིག་གཞུང་དམར་གསོད་བྱས་པ། | 2015/8/18 10:05:55
སྐུ་མགྲོན་8DTg8K(སྐུ་མགྲོན)ཤད་ཀྱི་རྗེས་ནས་བར་ཐག་འཇོག་རོགས་གནོངས། ཡིག་རྫོགས་ཐེབས་ནས་ཀློག་དཀའ་བ་ཞིག་འདུག བཀའ་དྲིན་ཆེ་ཞུ། །
རྩོམ་པ་པོ།:སྐུ་མགྲོན་8DTg8K(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རིག་གཞུང་དམར་གསོད་བྱས་པ། | 2015/8/17 7:15:38
དབལ་ཁྱུང་ནས།(སྐུ་མགྲོན)རྫ་ཚེ་ལགས་སོ་ཁྱེད་བཀའ་དྲིན་ཆེ།
རྩོམ་པ་པོ།:དབལ་ཁྱུང་ནས།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རིག་གཞུང་དམར་གསོད་བྱས་པ། | 2015/8/16 22:11:09
སྐུ་མགྲོན་Mri7Lx(སྐུ་མགྲོན)གནས་ཚུལ་འདི་ཚོ་ཤིན་ཏུ་གལ་ཆེན་པོ་རེད། བྱུང་ན་ཟླ་དུས་ཚེས་གྲངས་དང་། ཤོད་མཁན་མཐོང་མི་དེ་ཚོའི་འདྲ་དཔར། ད་དུང་རབ་བྱུང་ན་གློག་བརྙན་ལྟ་རྒྱུ་ཉན་རྒྱུ་ཡོད་པ་དེ་འདྲ་བཟོ་ཐུབ་ན་དེང་དུས་ཀྱི་མི་ལ་བདེན་ཁུངས་ཀྱི་མཆོག་ཏུ་འགྱུར། །
དཔེ་རྙིང་བརྙེད་སའི་ས་གནས་དང་བྲག་ཕུག་དགོན་པ་ཡུལ་ལྗོངས་དེ་ཚོའི་འདྲ་དཔར་ལེན་དགོས་པ་ཡང་གལ་ཆེན་པོ་རེད། །
གནས་ཚུལ་ཆ་ཚང་ཚན་རིག་ཅན་གྱི་དྲང་བདེན་དང་ཁུངས་སྐྱེལ་ཡོད་པ་བཟོ་ཐུབ་ན། རྒྱལ་ཁབ་དང་འཛམ་གླིང་སྤྱི་ཡོངས་ལ་ཡ་ང་བ་དང་སྐྱི་འཇིགས་པའི་གནས་ཚུལ་གང་བྱུང་བ་རྣམས་སྙན་ཞུ་འབུལ་ཆོག་པ་རེད། །
བོད་ས་ཁུག་ལུག་གི་བོན་པོ་ཚོ་སེམས་ཤུགས་དུས་ནམ་ཡང་ཆག་མི་ཉེན། དྲང་བདེན་ལ་དགའ་བའི་འཛམ་གླིང་མི་མང་ཚོའི་རྒྱབ་ལ་ཡོད། །
རྩོམ་པ་པོ།:སྐུ་མགྲོན་Mri7Lx(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རིག་གཞུང་དམར་གསོད་བྱས་པ། | 2015/8/16 20:29:46
སྐུ་མགྲོན་qul8Pc(སྐུ་མགྲོན)ལགས་སོ
རྩོམ་པ་པོ།:སྐུ་མགྲོན་qul8Pc(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:རིག་གཞུང་དམར་གསོད་བྱས་པ། | 2015/8/16 15:00:06
སྐུ་ལོ།(སྐུ་མགྲོན)ངོ་མ་ཡག་གི་བཀའ་དྲིན་ཆེ།
རྩོམ་པ་པོ།:སྐུ་ལོ།(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
སྒྲོམ་གཞི་སྒྲིག་བཟོ་བ། མཁའ་ཚེ།
Powered by Oblog.