སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ལི་ཐོ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
ནང་འཇུག
སྒྲིག་འཇུག...
དྲ་གྲོགས།
སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྒྲིག་འཇུག...
བླ་མར་རྒྱང་འབོད་དུང་གི་རང་སྒྲ། | 2015/8/6 20:17:00
རྫ་ཚེ་དབང་བསྟན་འཛིན། སི་ཁྲོན།
མཚན་དཔེའི་བང་རིམ་མངོན་པར་མཛེས་པའི་གཟུགས་སྐུ་ཟླ་བའི་དཀྱིལ་འཁོར་རྒྱས།།
འགག་མེད་ཚངས་སྲས་དྲུག་འགྱུར་དབྱངས་ཀྱིས་འགྲོ་བའི་སྨག་མུན་མཐར་བསྐྲད་ཅིང་།།
ཐུགས་གསང་ཟབ་མོས་འཁོར་འདས་བོན་ཀུན་ས་ལེར་གཟིགས་པའི་སྟོབས་རྫོགས་པ།།
རྒྱལ་བ་མཉམ་མེད་བླ་མ་ཆེན་པོ་སྤྱི་གཙུག་པད་མའི་ཀླུང་ན་བཞུགས།།
རྒྱ༵ལ་ཀུན་གཅིག་བསྡུས་སྣང་སྟོན་ཆེན་པོའི་ཐུགས་ཀྱི་གདུང་ཚ༵བ་འགྲོ་བའི་མགོན།།
ཚུ༵ལ་མཐུན་སྤྱོད་པས་གཞན་རྒྱུད་དྲངས་ཤིང་ནང་ཁྲིམ༵ས་གཙང་མས་ཐུགས་རྒྱུད་གཏམས།།

བསྟ༵ན་འགྲོའི་ལས་དོན་ཁུར་དུ་བཞེས་ཤིང་བདེན་འཛི༵ན་ལྟ་བའི་བློ་ཁ་ལྡོག།
དབ༵ང་ལུང་ཁྲིད་ཀྱི་གདམ་པ་ཟབ་མོས་རྒྱ༵ལ་སྲས་འབུམ་གྱི་ཐུགས་རྒྱུད་གསོས།།
ཀྱེ་ཧུད་ལས་ཉོན་རླུང་ཤུགས་བཙན་པོས་ཁ་ལོ་བསྒྱུར་བའི་རྟོག་ཚོགས་ཀྱིས།།
འདི་ལྟར་སྣང་བར་ཆགས་ཞེན་མ་ལྡོག་ཡང་སྲིད་འཁོར་བའི་ལུས་ཅན་ཀུན།།
རྟག་འཛིན་ལྟ་བའི་བློ་ཁ་འཇིག་ཕྱིར་མི་རྟག་སྒྱུ་མའི་ཚུལ་བསྟན་ཏེ།།
དགོངས་པ་དབྱིངས་སུ་གཤེགས་པའི་རྣམ་པ་སྔོན་བྱོན་སེམས་དཔའི་གཤིས་སུ་གྲུབ།།
ཉིན་ཞིག་གློ་བུར་བསྟན་པའི་སྒྲོན་མེ་རྒྱལ་ཚབ་ཐམས་ཅད་མཁྱེན་པའི་དབང་།།
སྐུ་ཡི་བཀོད་པ་དབྱིངས་སུ་གཤེགས་ཞེས་གཏམ་ངན་རྣ་ལ་ཐོས་ཙམ་ནས།།
སེམས་ཀྱི་དྲན་པ་རང་དབང་མ་བྱུང་ཡ་ཁོག་མཆི་མས་གནང་ཞོར་དུ།།
བླ་མའི་སྐུ་དྲིན་རྗེས་སུ་དྲན་ཕྱིར་མར་མེ་རྐང་གཅིག་མཆོད་པར་ཕུལ།།
དེ་ནས་འཚབ་འཚུབ་བྲེལ་གྱིས་ཡོང་ནས་རང་དགོན་གླིང་ལ་ཐོན་ཉིན་མོར།།
གླིང་གི་ཁོར་ཡུག་ཕྱོགས་མཚམས་ཀུན་དུ་ཕན་ཚུན་འགྲོ་འོང་རྡུལ་བཞིན་འཐིབས།།
གཙུག་ལག་ཁང་སོགས་ལྷ་ཁང་ཀུན་གྱི་རྒྱལ་མཚན་རི་དྭགས་བོན་འཁོར་རྣམས།།
གཟི་འོད་ཉམ་ཞིང་དར་གྱིས་སྤྲས་པ་མཐོང་ཐེངས་གཅིག་གིས་ངུ་རྒྱུ་བྱུང་།།
ཕྱི་ཉིན་ནས་བཟུང་ཉིན་རེ་བཞིན་དུ་ཉི་ཤར་འབྲུག་གི་དུས་མཚམས་སུ།།
གཙང་མ་མཆོད་པའི་རྫས་ལ་དམིགས་ཏེ་ཁ་བཏགས་སྲིད་ན་རིང་བ་རེ།།
སོར་བཅུའི་པད་མོས་སྙིང་ཁར་སྐྱོར་བཞིན་མཐོང་གྲོལ་གཟུགས་སྐུའི་གདུང་མདུན་དུ།།
མཇལ་བའི་སྐལ་བ་དངོས་སུ་ཐོབ་ཀྱང་སྐྱོ་བའི་མིག་ཆུ་ཟད་དུས་མེད།།
དེ་བཞིན་ཉིན་མཚན་དུ་མའི་ངོགས་སུ་དད་ལྡན་རོང་འབྲོག་སྐྱ་སེར་ཀུན།།
ཕྱག་སྐོར་མཆོད་འབུལ་ལས་ལ་འབད་བཞིན་བླ་མའི་སྐུ་གདུང་མདུན་ས་རུ།།
སྐྱོ་བའི་མིག་གི་མཆི་མ་འབྱིད་ཞོར་གསོལ་འདེབས་དབྱངས་སུ་གྱེར་བའི་སྒྲ།།
འཛིན་མའི་ཤེད་ཀྱིས་ཐེག་པ་མིན་ན་གཞན་གྱི་ནུས་སྟོབས་སྟོང་གིས་མིན།།
ཐུགས་ཀྱི་དགོངས་པ་དབྱིངས་སུ་འཐིམ་དུས་དགུན་ཟླ་ར་བ་ཡིན་ན་ཡང་།།
དཀར་ཕྱོགས་ལྷ་ཀླུའི་མཆོད་པ་ཡིན་ནམ་གང་སར་མེ་ཏོག་འཁྲུངས་པ་དང་།།
ལྷ་ལམ་ངོགས་སུ་སྤྲིན་འཇའ་འདྲ་མིན་ཉིན་བཞིན་ཤར་བའི་ལྟས་བཟང་སོགས།།
དད་ལྡན་རོང་འབྲོག་སྟོད་སྨད་ཀུན་གྱི་མཐོང་བའི་ལམ་ལ་མངོན་དུ་གྱུར།།
ག་བུར་སྨན་ལ་སེར་བུ་ཕོག་བཞིན་དྲི་བྲལ་གཟུགས་སྐུའི་བཀོད་པ་དེ།།
ཉིན་རེ་བཞིན་དུ་ཆུང་ངུར་སོང་སྟེ་འཇའ་ལུས་འོད་སྐུར་ཉེ་ན་ཡང་།།
མདོ་དབུས་ཁམས་གྱི་དད་ལྡན་ཡོངས་ཀྱིས་མོས་འདུན་དྲག་པོས་གསོལ་བཏབས་མཐུས།།
སོར་ཚིགས་ཉེར་བཞིའི་ཚད་ཙམ་ཟིན་པའི་སྐུ་དེ་དད་པའི་ཞིང་དུ་བཞག།
ཡང་ཟབ་གདམ་པ་ཁྲིད་ཀྱིས་གསོས་པའི་རྒྱ་བོད་སློབ་མའི་ཚོགས་རྣམས་ཀུན།།
ཡུལ་གྱིས་བསྐལ་ཡང་ཟོལ་བྲལ་དད་པས་དུས་གཅིག་གནས་གཅིག་ལྷན་འཛོམས་ནས།།
མོས་འདུན་དྲག་པོའི་གདུང་བའི་དབྱངས་ཀྱིས་མཆོད་པ་རྣམ་ལྔའི་རྫས་ཕུལ་ཏེ།།
ཡང་སྲིད་ཉི་གཞོན་གསར་བའི་དཀྱིལ་འཁོར་མྱུར་དུ་བྱོན་པའི་རེ་སྒུག་བྱས།།
དེ་ལྟ་ན་ཡང་ཐུགས་ཀྱི་དགོངས་པ་དག་པ་ལྷ་ཡི་ཞིང་ཁམས་སུ།།
ཡིན་རིང་མ་བཞུགས་མཚན་དཔེའི་དཀྱིལ་འཁོར་མངོན་པར་རྫོགས་པའི་ཡང་སྤྲུལ་ཞིག།
ཆོལ་གསུམ་རོང་འབྲོག་དད་ལྡན་ཀུན་གྱི་མིག་འབྲས་ཕྲ་མོ་གཏོད་ཡུལ་དུ།།
མངོན་པར་བཞད་པར་རེ་བའི་གདུང་འབོད་ཐུགས་དམ་ཀློང་ནས་མ་གཡེལ་ཀྱེེ།།
ཞེས་དཀྱིལ་འཁོར་རིགས་ཀྱི་ཁྱབ་བདག་སྣང་སྟོན་བླ་མ་རིམ་བྱོན་གྱི་རྒྱལ་ཚབ་དམ་པ་རྗེ་ཚུལ་ཁྲིམས་བསྟན་འཛིན་དབང་གི་རྒྱལ་པོ་སྐུ་ཞི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པ་ལ། བླ་མ་གང་གི་སྐུ་དྲིན་གྱིས་འཚོ་བའི་གུས་སློབ་པ་རྫ་ཚེ་དབང་བསྟན་འཛིན་ནམ་མཚོ་བྱུང་མགྲིན་པར་རོལ་བའི་རྩེད་དགའ་རུ་འབོད་པས།རང་ཤག་དཔེ་མང་སྤུང་བའི་དགའ་ཚལ་དུ་སྒོ་གསུམ་གུས་པ་ཆེན་པོས་སྦྱར་བ་ཛ་ཡནྟུ།།

- ཟིན་ཐོ་གོང་མ།ཕྱྭ་དམུ་གཙུག་གསུམ་ལས་ཕྱྭ་ཞེས་པའི་སྐོར་ཅུང་གླེང་བ།
- ཟིན་ཐོ་འོག་མ།དཔེ་རྙིང་སྐོར་ཅུང་གླེང་བ།