གཡུང་དྲུང་ལྷུན་འགྲུབ་ཀྱི་ཟིན་བྲིས།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
རྨ་ཆུའི་རྩེ་དབུས་རི་ཁྲོད་ལ་ཟུར་ལྟ།2
[ 2014/4/18 0:10:00 | By: yongzhong ]
 

རྨ་ཆུའི་རྩེ་དབུས་ལ་ཟུར་ལྟ།2

འདི་ལྟར་རྒྱང་རིང་བའི་མདོ་སྨད་རྩེ་དབུས་ཚོ་གསུམ་གྱི་འདས་པའི་ལོ་རྒྱུས་དང་།ད་ལྟའི་གནས་བབ་ལ་བློ་ནང་ལ་བཅུམས་ནས་བསམ་གཞིག་རེ་བཏང་ཚེ་རྨ་ཆུའི་རྩེ་དབུས་ནི་རྩེ་དབུས་ཀུན་གྱི་སྲོག་རྟ་ལྟ་བུར་འདོད་ལ།བླ་ལྷག་མདོ་སྨད་ཞིག་ཆེན་བཅོ་བརྒྱད་ཀྱི་དྲིན་ཅན་རྩ་བའི་བླ་མ་བླ་མ་ཞུ་སྒོམ་འཁྲུལ་ཞིག་མཆོག་ལ་མཐུན་རྐྱེན་གང་ལེགས་བསྐྲུན་པའི་ལྷ་སྡེ་གཅིག་པུ་འང་ཡིན་པར་ངེས།གང་ལེགས་ཤེས་ནས།སྦྲ་སར་རང་རྣམ་རྩོམ་འཕྲོ་མ་ལས་༼འགྲོ་དོན་གདུལ་བྱ་མདོ་གམ་སྨད་ཕྱོགས་ན།ཡོད་ཅེས་ལུང་བསྟན་མདོ་སྨད་ཕྱོགས་འདིར་བྱོན།རྨ་རྒྱུད་སྐུ་བླ་བྲག་དཀར་གནས་སུ་བཞུགས།གཟུགས་ཅན་གཟུགས་མེད་འགྲོ་བ་མང་པོ་ལ།བོན་སྒོ་མང་པོ་བསྟན་ནས་འགྲོ་དོན་མཛད་།༽ཅེས་སོགས་རྨ་རྒྱུད་སྐུ་བླ་བྲག་དཀར་དཀྱིལ་སྙིང་དུ་བྱས་པའི་ཡུལ་མདོ་གམ་སྨད་ཀྱི་ཕྱོགས་འདིར་ནང་བ་སངས་རྒྱས་གཡུང་དྲུང་བོན་གྱི་བསྟན་པ་རིན་པོ་ཆེ་རྒྱ་ཆེར་སྤེལ་བ་མ་ཟད་དམིགས་སུ་རྨ་རྒྱུད་སྐུ་བླའི་འདབས་རོལ་གྱི་གཟུགས་མེད་ཡི་དྭགས་དྲི་ཟའི་སེམས་ཅན་དང་གཟུགས་ཅན་འགྲོ་བ་མིའི་རིགས་གཙོའི་རྨ་རྒྱུད་སྐུ་བླའི་མཐའ་སྐོར་ལ་གནས་བའི་རྩེ་དབུས་རུ་བ་ལ།གཡུང་དྲུང་བོན་གྱི་མན་ངག་གཉན་པོ་མཁའ་འགྲོའི་གསང་གཅོད་སོགས་ཀྱི་གདམ་པའི་བདུད་རྩི་ཆར་བཞིན་འབེབ་པ་ནི་གོང་གི་ལུང་དུམ་དེ་ལས་མངོན་ལྐོག་གི་བདེན་པ་ཟབ་མོ་ཤུགས་ཀྱིས་གོ་བར་ནུས།

དེ་ནས་དུས་ཡུན་རིང་མོའི་ཀྱག་ཀྱོག་གི་ལོ་ཟླའི་འགྱུར་བ་དང་སྤྱི་ཚོགས་ཀྱི་དུས་བདེ་ཞོད་འཇགས་ཁྲོད་ནས་རེ་ཞིག་རྩེ་དབུས་ཚོ་བ་སྤྱི་བས་རང་ཉིད་ཀྱི་ཆོས་སྒྲུབ་པར་སྟབས་ཡོང་ཆེད།རྨ་རྒྱུད་སྐུ་བླའི་འདབས་རོལ་ནས་རྩེ་དབུས་ཞེས་པའི་དགོན་གཞི་གསར་དུ་བཙུགས་པ་དང་བསྟུན།གཅོད་ཀྱི་གདམ་པ་གཙོ་བྱས་པའི་གཡུང་དྲུང་བོན་གྱི་གཞུང་ལུགས་དུ་མར་སྒྲུབ་པ་ཉམས་ལེན་དང་ཐོས་བསམ་སྒོམ་པ་བྱེད་རྒྱུའི་གོ་སྐབས་ཧ་ཅང་ཡག་པོ་བྱུང་ན་ཡང་།བསྟན་པ་ཕྱི་དར་གྱི་ཆོས་ལུགས་གྲུབ་མཐའི་འཐེན་འཁྱེར་གྱི་དབང་གིས་རུ་སྡེ་འདིའི་གཏན་ཆགས་ལྷོད་གནས་ཀྱི་འཚོ་བ་བདེ་མོ་སླར་ཡང་གཡོ་འགུལ་གཏོང་བའི་མགོ་ཚུགས་སོང་།

མདོ་སྨད་ཆོས་འབྱུང་༼ལས་རྩེ་དབུས་གཅོད་རྒན་གྱི་མི་རབས་སྔོན་མ་ཞིག་རྩེ་ཆུའི་འགྲམ་དུ་ཆགས།ཡུལ་ལྷ་རྩེ་རྒོད་ཀྱི་བུར་གྲགས་པ་ཞིག་བྱུང་བས་རྩེ་བུར་ཐོགས།དེའི་རྒྱུད་དུ་བོན་གྱི་མཁས་པ་འགའ་ཞིག་བྱུང་།གཙང་མྱང་སྟོད་ཀྱི་སར་བོན་དགོན་བཅོ་བརྒྱད་ཡོད་པའི་ནང་མཚན་རྩེ་དགོན་ཟེར་བཏབ།མངའ་བདག་ཁྲི་སྲོང་གི་དུས་དགོན་དེ་ཞིག་ནས་རྩེ་ཞིག་ཏུ་གྲགས༽ཞེས་པའི་ལྟ་ཚུལ་རེ་གཉིས་འབྱུང་གི་ཡོད་མོད།འོན་ཀྱང་དེ་ནི་དོན་ལ་མ་གནས་བའི་གཏམ་ཞིག་སྟེ།རྩོམ་པ་པོས་གླེང་བཞིན་པའི་བོན་དགོན་བཅོད་ཅེས་བ་ནི་མདོ་སྨད་གཡུང་དྲུང་བོན་གྱི་བསྟན་པའི་སྲོག་ཤིང་ལྟ་བུ་ཡོངས་གྲགས་སུ་མདོ་སྨད་ཞིག་ཆེན་བཅོ་བརྒྱད་ཞེས་བ་དེ་ཡིན་ལ།དེ་ནི་བླ་མ་ཞུ་སྒོམ་འཁྲུལ་ཞིག་གི་སྐུ་གསུང་ཐུགས་ཀྱི་སློབ་མ་བཅོ་བརྒྱད་ཀྱིས་མདོ་གམ་སྨད་ཀྱི་ཕྱོགས་འདིར་བཏབ་པའི་དགོན་གནས་དུ་མ་ཞིག་ཡིན་པ་ལས་གཙང་མྱང་སྟོད་ལ་གནས་བའི་དགོན་གནས་ཞིག་ནི་ཡིན་མ་སོང་ལ།ཚིག་འདི་ལ་བརྟག་ན་རྩེ་དབུས་དགོན་ནམ་རྩེ་དབུས་རི་ཁྲོད་བསམ་འགྲུབ་གླིང་འདི་ཉིད་ནི་ཡུལ་རྨ་ཆུ་སྔོན་མོའི་འགྲམ་ངོགས་ལ་ན་གནས་པའི་རྩེ་དབུས་རུ་བའི་མི་ཞིག་གིས་བླ་མ་ཞུ་སྒོམ་མཆོག་གི་བཀའ་ནང་བཞིན་བཏབས་པ་ནི་གོར་མ་ཆག

གཡུང་དྲུང་ལྷུན་འགྲུབ་ནས་རྨ་རྒྱུད་སྐུ་བླའི་འདབས་རོལ་ནས་སྦྱར་བ་དགེའོ།

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.