གཡུང་དྲུང་ལྷུན་འགྲུབ་ཀྱི་ཟིན་བྲིས།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཨོ་རྒྱན་ཉི་མའི་སྐད་ཆ་ནར་མོ་དང་རིག་གནས་ནང་སྙིང་ལ་རེ་བ།
[ 2012/6/4 17:29:00 | By: yongzhong ]
 

ཨོ་རྒྱན་ཉི་མའི་འོད་ཐིག་ལ་རེ་བ།

༡རིག་གནས་ཀྱི་སྡིངས་ཆ་གསར་བ་ཟིན་བྲིས།

 ཉེ་བའི་ལོ་ངོ་འདི་དག་གི་རིང་ལ་བོད་པའི་ནང་ཁུལ་ནས་ཡང་ཆ་འཕྲིན་གྱི་ལམ

ནས་བོད་པའི་སྤྱི་ཚོགས་ཀྱི་ངོས་ཟུར་གང་རུང་གི་སྐྱ་ཆད་སྔོ་སྡུག་གི་འཚོ་ཡིན་ནའང་འདྲ།

ལྷ་མིའི་རིག་གནས་ཀྱི་འགལ་འདུམ་ཡིན་ནའང་ཆོགགཤེན་ཐུབ་བསྟན་པའི་དགོངས་སྙིང་

ཡིན་ནའང་རུང་།ཕྱོགས་གང་ཅིའི་ཐད་ནས་འཁྲུག་ཆ་དོད་པོའི་ངང་ཉམས་མྱོང་བརྗེ་རེས་

དང་ནང་སྙིང་འཚོལ་རྟོག་བགག་སྒྲུབ་དོག་སེལ་སོགས་ཤེས་རབ་བརྡར་སའི་དུས་བསྟུན་རིག་

པའི་བོད་ཡིག་དྲྭ་ཚིགས་གང་མང་ཞིག་བྱུང་བ་མ་ཟད།དྲྭ་ཚིགས་ལས་རང་ཉིད་ཀྱི་དགའ་མོས་

ལྟར་རྩོམ་རིག་ལ་སོགས་པའི་རང་ཉིད་འཚོ་བ་བཞེངས་བསྐྲུན་བྱེད་སའི་བོད་ཡིག་ཟིན་བྲིས་

གང་ཞིག་ཡང་བྱུང་མྱོང་བ་རེད།ཡིན་ཡང་ལོ་ཟླའི་རླུང་འཚུབ་ཀྱི་ཁྲོད་ནས་ཟིན་བྲིས་རེ་འགའ་

མ་དངུལ་གྱིས་མ་གཅོག་པར་བསྐྱོང་མ་ནུས་བ་དང་ལ་ལ་མི་ངན་རེ་འགའི་གཡོ་ཇུས་འོག་རྒྱུག་ཁྱི་

མངག་ནས་ཟིན་བྲིས་སུ་ཆབ་སྲིད་དང་འགལ་བའི་རྩོམ་ཡིག་རེ་འགའ་སྤེལ་བར་ཁ་གཡར་ནས་

རྒྱུན་སྐྱོང་ཏུ་མ་བཅུག་པ་དང་།གཞན་རེ་གཉིས་དྲྭ་ཇག་མངག་གཏོང་བྱས་ནས་ཚོད་འཛིན་བྱས་

བ་སོགས་གནས་ཚུལ་གང་རུང་གི་འོག་ནས་རང་བཞིན་གྱིས་ནུབ་སོང་བ་ནི་དྲྭ་རྩོམ་རིག་གནས་

བ་དག་གིས་མཁྱེན་གསལ་ལྟར་རོ།དེ་དང་དེ་ལྟ་བུའི་ཁྲག་དང་ཆར་ཆུའི་ལོ་ཟླའི་ཁྲོད་ནས་ང་ཚོའི་

དུས་བསྟུན་དྲྭ་རྩོམ་པ་མང་པོ་ཞིག་གི་གསེར་ལྟར་དཀོན་པའི་བརྩམས་ཆོས་དང་མེ་ལོང་ལྟ་བུའི་

འཚོ་བའི་ཟིན་བྲིས་གང་མང་ཞིག་ཡང་དྲྭ་བ་ལ་འཐིམ་སོང་དེ་ཚོ་ཡང་འགན་ཁུར་མཁན་གཅིག་

ཀྱང་བྱུང་མ་སོང་།ད་སྔ་མཚོ་སྔོན་པོའི་ཟིན་ཞེས་བའི་ཟིན་བྲིས་སྤུས་ལེགས་ཞིག་བསྒྲུབ་པ་འདི་ནི་

ང་ཚོའི་དྲྭ་རྩོམ་རིག་གནས་བ་དག་དགའ་འོས་བའི་རིག་གནས་ཀྱི་སྡིངས་ཆ་གསར་བ་ཞིག་ཡིན་

པ་མ་ཟད།འགན་འཁྲི་ཡོད་པའི་རྩོམ་རིག་སྤེལ་ས་དང་འགན་ལེན་ཡོད་པའི་དཔྱད་ཐུང་སྦྱར་སའི་

རང་དབང་རིག་གནས་ཀྱི་སྡིངས་གསར་བ་ཞིན་ཡང་རེད་མོད་།མ་འོངས་བ་ན་ཡང་མཚོ་སྔོན་པོའི་

ཟིན་བྲིས་ཀྱི་སྐུ་ཚེ་བརྟན་པའི་རྒྱབ་སྐྱོར་དང་སྨོན་པ་ཡོད།

༢ཨོ་རྒྱན་ཉི་མའི་སྐད་ཆ་ནར་མོ་དང་རིག་གནས་ནང་སྙིང་ལ་རེ་བ།

དེ་རིང་གློ་བུར་དུ་དྲྭ་བའི་ཁོངས་གསེང་ནས་ཁྲི་གཡུང་དྲུང་གི་ཟིན་བྲིས་སུ་སྤེལ་བའི་གཡར་སྤེལ་བྱས་

བའི་གཡུང་དྲུང་བོན་གྱི་སྐོར་བགྲོ་གླེང་༡༢པའི་ཉིན་དང་པོའི་བརྗོད་བྱ་སྙིང་བསྡུས༼གནའ་

རབས་བོན་དང་ཧི་མ་ལ་ཡའི་འབྲེལ་བའི་སྐོར།༽གསུང་བཤད་མཁན་༧སྐྱབས་རྗེ་སྨན་རིའི་དཔོན་

སློབ་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ།ཞེས་བའི་རྩམས་ཆོས་ཞིག་སྤེལ་ཡོད་པའི་ཞོལ་དུ་ཟིན་མིང་

ལ་ཨོ་རྒྱན་ཉི་མ་ཡིན་པའི་མི་བུ་ཞིག་གིས་དཔྱད་ཐུང་ཞིག་སྤེལ་བ་འདི་ལྟར་བོན་པོའི་ལོ་རྒྱུས་ཕལ་ཆེ་

བར་ཡིད་ཆེས་མེད། དེང་སང་ཆོས་འཁོར་ཚང་ཉི་མ་འོད་ཟེར་ལ་སོགས་པས་རྫུན་བཟོ་མང་པོ་བྱེད་

ཀྱིན་འདུག་་་་་་་་་་་་་་་་ཞེས་བཀོད་པ་འདི་ནི་ཁོ་བོས་མི་གཅིག་གི་བསམ་བློའི་ནང་སྙིང་དེ་རྩིས་མེད་

དུ་བཏང་བ་མ་ཡིན་པར་གངས་ཅན་བོད་པའི་རིག་གནས་རྒྱབ་ལྗོངས་ལ་རྩིས་མེད་བཏང་བ་ཡིན་པས།

འདི་ལ་ང་རང་བོན་གྱི་རིག་གནས་འོག་སྐྱེ་སྟོབས་འབར་བའི་མི་བུ་ཞིག་ཡིན་པའི་ཆ་ནས་སྒེར་སྟེང་

ནས་ཞུ་རྒྱུ་ཞིག་ལ་ཁྱོད་ཀྱིས་བོན་གྱི་ལོ་རྒྱུས་ཕེལ་ཆེར་བར་ཡིད་ཆེས་མེད་གསུང་བའི་རྒྱུ་མཚན་གང་།

གཞན་དེང་སང་ཆོས་འཁོར་ཚང་ཉི་མ་འོད་ཟེར་ལ་སོགས་པས་རྫུན་བཟོ་མང་པོ་བྱེད་ཀྱིན་འདུག་པའི་

བྱེད་ཀྱིན་པའི་བརྩམས་ཆོས་གང་།ཞེས་བོན་སྨྱོན་གྱིས་སྒེར་ངོས་ནས་དྲི་བ་གཉིས་ཕུལ་བ་ལགས།

གལ་ཏེ་ལོ་རྒྱུས་ཀྱི་ངོས་ནས་ལུང་འདྲེན་རྒྱུ་མེད་པ་དང་བརྩམས་ཆོས་ཀྱི་ལམ་ནས་ཚིག་སྟོན་རྒྱུན་མེད་ན།

ཁྱོད་ཀྱིས་བཤད་པ་མཐའ་དག་མི་གཅིག་གཏོར་བྱེད་ཀྱི་འགར་རྫས་མ་ཡིན་པར་མི་རིགས་གཏོར་བྱེད་

ཀྱི་དུག་མདེལ་ཡིན་པས་སྐུ་ཉིད་ཀྱིས་ལན་གསལ་བོ་ཞིག་གསུང་རོགས།ཞོར་ལ་ཞུ་རྒྱུ་ཞིག་ལ་སྤྱིར་རྩོམ་

པ་པོ་ཞིག་ཡིན་པའི་ངོས་ཐད་ནས་རང་ཉིད་ཀྱི་སྐད་ཆ་ལ་རང་ཉིད་ཀྱིས་བདག་པོ་རྒྱག་རྒྱུ་དང་།རང་

ཉིད་ཀྱི་བསམ་བློ་ལ་རང་ཉིད་ཀྱིས་ཚང་རྩིས་ཞིབ་མོ་རྒྱག་དགོས་བས་རྒྱབ་བརྟེན་མེད་པའི་སྨྱོན་བཤད

་བྱས་ན།རྩོམ་རིག་གྱི་ཐོབ་ཐང་ཐང་ལ་ལྡོག་བརྗིས་བཏང་འགྲོ་བ་མ་ཟད་ཀློག་པ་པོ་གང་མང་ཞིག་ལ་

ཡང་བག་ཆགས་ངན་པ་བཞག་འགྲོ་བས་ཁྱོད་ཀྱིས་བོན་གྱི་ལོ་རྒྱུད་ལ་ཡིད་ཆེས་རྒྱུ་མེད་པ་དང་ཆོས་

འཁོར་ཚང་གིས་རྫུན་བཟོ་བྱེད་ཀི་ཡོད་པའི་བག་ཆགས་དེར་ཇི་ལྟར་འགན་འཁུར་རྒྱུ་ཡིན།

 
 
Re:ཨོ་རྒྱན་ཉི་མའི་སྐད་ཆ་ནར་མོ་དང་རིག་གནས་ནང་སྙིང་ལ་རེ་བ།
[ 2012/6/6 22:18:54 | By: སྐུ་མགྲོན་1IXk0O(སྐུ་མགྲོན) ]
 
སྐུ་མགྲོན་1IXk0O(སྐུ་མགྲོན)ཆོས་འཁོར་ཉི་མའི་མཁྱེན་དཔྱོད་ཡོན་ཏན་ལ། །ཨོ་རྒྱན་ཉི་མའི་སྲིན་བུ་ཕྲག་དོག་ཏེ། །ཡིད་ཆེས་མེད་པའི་རུ་ཏྲ་ཕྱོགས་འཛིན་གྱིས། །ལོག་ལྟའི་ཁུང་བུར་ཡིབ་འདི་སྙིང་རྗེའི་ཡུལ། །ཞེས་གཡུ་འབྲུག་པས།
 
 
Re:ཨོ་རྒྱན་ཉི་མའི་སྐད་ཆ་ནར་མོ་དང་རིག་གནས་ནང་སྙིང་ལ་རེ་བ།
[ 2012/6/5 19:02:20 | By: danzengyixi ]
 
danzengyixi

དྲྭ་གྲོགས་ལགས། བཤད་པ་བདེན།
དེ་སང་ཀླད་མེད་འགའ་ཡི་འདི་ལྟར་བརྗོད་དུས་ངོ་མ་སྙིང་རྗེ། སྙིང་རྗེ་་་་་་་་་་་་་་་་་་
 
 
Re:ཨོ་རྒྱན་ཉི་མའི་སྐད་ཆ་ནར་མོ་དང་རིག་གནས་ནང་སྙིང་ལ་རེ་བ།
[ 2012/6/5 13:24:25 | By: སྐུ་མགྲོན་Hl1Ogs(སྐུ་མགྲོན) ]
 
སྐུ་མགྲོན་Hl1Ogs(སྐུ་མགྲོན)ཐོག་མར་ཡིག་ནོར་ལ་བདག་རྒྱོབས། དེ་ནས་རིག་གནས་ལ་སྦྱོངས། དེ་རྗེས་གྲུབ་མཐའ་དང་བསྟན་པ་ཤོད། ཉོག་བཤད་རྐྱང་དུ་བསམ་པ་ལས་འོས་མི་འདུག མེ་རི་ཡིས།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.