གཡུང་དྲུང་ལྷུན་འགྲུབ་ཀྱི་ཟིན་བྲིས།
 
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཟིན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
དགོད་བྲོ་གཅིག་དང་བཀའ་དྲིན་ཞུ་འོས་བ་གཉིས། 
[ 2012/5/21 15:46:00 | By: yongzhong ]
 

གངས་ཅན་པའི་མཁའ་དབྱིངས་སུ་ཆ་འཕྲིན་གྱི་རྟ་བདུན་དབང་བོ་དུས་རབས་ཉེར་གཅིག་སྒེག་ལྡན་གྱི་བུ་མོ་དང་ལྷན་དུ་ཤར་བ་ནས་བཟུང་།མདོ་དབུས་ཁམས་གསུམ་གྱི་ཕྱི་ནང་གསང་གསུམ་ན་གནས་བའི་ཤེས་ཡོན་པ་རྣམས་ཀྱི་ཆ་འཕྲིན་ལམ་ནས་བོད་པའི་ཤེས་རིག་གི་འོད་ཟེར་རོལ་དང་རོལ་བཞིན་སྐབས་འདིར།བདག་གིས་ཀྱང་སློབ་སྦྱོང་གི་མིག་དབང་ཆ་ཙམ་ཆ་འཕྲིན་གྱི་མཛེས་བ་ལ་མི་གཏོད་རང་དབང་མ་མཆིས་པས་ནམ་རྒྱུན་དྲྭ་ངོས་ལ་ཞུགས་ཐེངས་རེར་བོད་ཀྱི་དྲྭ་བ་སོ་སོར་ལྟ་ཙམ་བྱས་ཤིང་ལྷག་དོན་ཧི་མ་ལའི་བོན་དྲྭ་ཚིགས་སུ་མི་འཛུལ་རང་རང་འཛུལ་གྱུར་དུ་འདུག དེ་རིང་གནས་འདི་ནས་དགོད་བྲོ་བའི་དོན་དག་གཅིག་དང་བཀའ་དྲིན་ཞུ་འོས་བའི་དོན་དག་གཉིས་ལ་འཕྲད་པ་ནི་དགོད་བྲོ་ཞིག་ལ་ཧི་མ་ལའི་བོན་གྱི་དྲྭ་ཚིགས་སུ་མདོ་སྨད་རྔ་ཡུལ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་དགེ་བའི་བཤེས་གཉེན་ཆེན་མོ་འམ་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་སློབ་དཔོན་ཆེན་མོ་རྒན་རྫ་ཚེ་དབང་བསྟན་འཛིན་ལགས་དང་མཚོ་སྔོན་བོད་སྐད་རླུང་འཕྲིན་དྲྭ་བའི་༣༧༥ཐད་གཏོང་ཁང་གཉིས་མཉམ་འབྲེལ་གྱི་སྒོས་༼བོད་ཀྱི་ཡིག་རྙིང་གསར་རྙེད་དང་འབྲེལ་བའི་གཏམ་གླེང་༽ཞིག་སྤེལ་ཡོད་ལ།ཡིད་སྐྱོ་ཞིག་ལ་སྔོན་ནས་ད་བར་དུ་གཅིག་གིས་གཅིག་ལ་འབུར་འཇོམ་སྨད་ཅོར་རྒྱག་རྒྱུར་དགའ་བའི་བོད་ཀྱི་བོན་རྒན་སྐོར་ཞིག་དང་བན་རྒན་སྐོར་ཞིག་གིས་མི་རིགས་ཀྱི་བདེ་སྡུག་དང་འཕེལ་འགྲིབ་ལ་མི་ལྟ་བར་རང་རང་གི་ཁེ་ཕན་རག་ཅི་ཐུབ་ལ་ལྟས་ཕྱིར།ཐུབ་བསྟན་པ་འགའ་ཡིས་གཤེན་བསྟན་ལ་སྨད་པ་དང་གཤེན་བསྟན་འགའ་ཡིས་ཐུབ་བསྟན་ལ་སྨད་ནས།ཁྱོ་ཤི་ང་གསོན་དང་དམར་ཡག་སྟག་འཛིང་བྱས་ན་ཡང་ཐ་ན།གྲུབ་མཐའ་ཕན་ཚུན་གྱི་ཐ་སྙད་ཙམ་ལ་ཡང་ངེས་ཤེས་རྙེད་ཐུབ་ཅི་མི་འདུག།དཔེར་ན་ངས་གོང་ནས་བཤད་པའི་དགོད་བྲོ་བའི་གཅིག་ཅེས་བའི་དཔེ་འདི་ལས་གསལ་བོར་ཤེས་ལ་དཔེ་འདི་ནི་༣༧༥་ཐད་གཏོང་ཁང་གིས་བྲིས་པའི་གཡང་དྲུང་ཅེས་རྒྱུས་མ་ལོན་པའི་ཐ་སྙད་གཅིག་བྲིས་བ་དེ་རེད།འདི་ནི་དངོས་ནས་དགོད་བྲོ་ཨང་།ཁོ་བོ་སྔོན་ཆད་སློབ་ཆུང་དང་སློབ་འབྲིང་འགྲིམ་པའི་སྐབས་སུ་ཡང་འདི་དང་འདི་ལྟ་བུའི་སྣང་ཚུལ་ཤིན་ཏུ་མང་སྟེ།དཔེར་ན་དགེ་རྒན་རེ་འགའ་ཡིས་ངའི་མིང་འབྲི་སྐབས་གཡང་ཁྲུང་ལྷུན་འགྲུབ་དང་ཡང་ན་གཡང་དྲང་ལྷུན་འགྲུབ་ཅེས་བུ་རེད།སྤྱིར་བཏང་འདི་ལྟ་བུའི་དོན་ཆུང་བཤད་རིན་མེད་ན་ཡང་།ཇི་སྐད་དུ།༼མི་གཅིག་གིས་མི་བརྒྱ་ནད་པ་དང་།རྡོ་གཅིག་གི་བྱ་བརྒྱ་རི་ལས་དཀྲོགས༽ཅེས་བ་ནང་བཞིན་གོ་སྐད་ཆ་དང་རིག་རིག་ལག་ཆ་བཤད་རྒྱུར་དགའ་བའི་འུ་ཚང་གི་མཁས་རྒན་སྐོར་ཞིག་གིས་ཀྱང་ཐ་ན་གཡུང་དྲུང་བོན་གྱི་བརྡ་དང་ཐ་སྙད་ཙམ་ཡང་མི་ངེས་བར་ད་དུང་མི་ཤེས་ཤེས་འདོག་གིས་བོན་ནི་དམར་མཆོད་བྱེད་མཁན་རེད།གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མཁས་མི་ལེན་པའི་ཕྱི་རོལ་བ་ཡིན་ནི་རེད་ཅེས་བའི་འགན་འཁྲི་མེད་པའི་སྐད་ཆ་མང་པོ་ལབ་སོང་།དོན་དངོས་ཀྱི་སྟེང་ནས་དེ་འདྲ་ཞིག་ཡིན་མིན་དཔྱད་ཀྱང་དཔྱོད་པས་ཤེས་དགོས་བ་ལས་རྒྱབ་གཏན་སྤུ་ཙམ་ཡང་མེད་པའི་ལུང་ཤོད་ཙམ་ལས་ཅི་ལ་ཕན།དེའི་དབང་གིས་མཁས་རྒན་དེ་ཚོ་ནི་དངོས་ནས་དགོད་བྲོ་བ་ཁྲི་སྟོང་གི་ཚང་ན་ཉལ་བའི་རིག་གནས་ཀྱི་ཉེས་ཅན་པ་ལས་མ་འཁུམས་སོ།དེའི་ཕྱིར་ཁོ་བོས་འདི་ནས་༣༧༥་ཐད་གཏོང་ཁང་གི་དགོད་བྲོ་བའི་སྣང་ཚུལ་འདི་བརྒྱུད་ནས་གསལ་བཤད་ཙུང་ཙམ་བྱས་བ་ལགས།གཞན་ད་དུང་བཀའ་དྲིན་ཞུ་འོས་བ་གཉིས་ནི་འདི་ལྟ་བུའི་ཆ་འཕྲིན་གྱི་རླབས་ཕྲེང་དགུང་ལ་འཕྱོ་བཞིན་པའི་དུས་རབས་ཞིག་ལ་བོན་གྱི་རིག་གནས་ལ་ཤ་ཞེན་ཆེ་བའི་གྲྭ་རྐྱང་རེ་འགས་འདི་ལྟ་བུའི་དྲྭ་ཚིགས་ཞིག་དང་དུ་བླངས་ནས་ཞང་ཞུང་སྒོ་ཕུགས་བར་གསུམ་ན་འཁྱིལ་བའི་བོད་པའི་མར་ཁུ་ལྟ་བུའི་ཤེས་རིགས་གི་འབྱུང་རྩ་དྲོན་མོ་ངོ་སྤྲོད་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་གཅིག དེ་མིན་མདོ་སྨད་རྔ་ཡུལ་སྣང་ཞིག་རྒྱལ་བསྟན་ཕུན་ཚོགས་གླིང་གི་གཡུང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་མགོ་མཇུག་བར་གསུམ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བཞིན་པ་དང་གནང་མུས་སུ་མཆིས་བའི་དགེ་རྒན་ཆེན་མོ་བ་རྣམས་ལ་སྙིང་ཁོངས་རུས་བའི་སྟེང་ནས་བཀའ་དྲིན་ཆེ་གཉིས་ཞུ་བ་དང་རྫོགས་སོ།

གནད་ཚིག

གདན་ཞུའི་སྐུ་འགྲོན།གངས་ལྗོངས་གཡང་དྲུང་བོན་བཤད་སྒྲུབ་སློབ་གླིང་གི་དགེ་རྒན་ཆེན་མོ་རྫ་ཚེ་དབང་བསྟན་འཛིན།

གསལ་བོར་གཟིགས་འདོད་ན་དྲྭ་ཚིགས་འདིར་གཟིགས་རོགས། http://www.qhtb.cn/zhibo/375/2012-05-18/10416.html

 
 
Re:དགོད་བྲོ་གཅིག་དང་བཀའ་དྲིན་ཞུ་འོས་བ་གཉིས།
[ 2012/5/22 18:52:24 | By: danzengyixi ]
 
danzengyixi

དྲྭ་གྲོགས་ལགསགསུངས་པར་ཡི་རངས་ཡོད།
མུ་མཐུད་ནས་དུས་ཚོད་རེ་བྱུང་དུས་ཟིན་བྲིས་མང་ཙམ་སྤེལ་ཤོག།
དྲྭ་གྲོགས་རྙིང་པ་ལྷ་གཡག་དར་མས།
 
 
Re:དགོད་བྲོ་གཅིག་དང་བཀའ་དྲིན་ཞུ་འོས་བ་གཉིས།
[ 2012/5/21 21:01:15 | By: སྐུ་མགྲོན་J4Ep27(སྐུ་མགྲོན) ]
 
སྐུ་མགྲོན་J4Ep27(སྐུ་མགྲོན)རྒྱུ་མཚན་འདུག དགའ་བསུ་ཡོད།
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.