ཟིན་བྲིས་ལི་ཐོ།
<<  < 2021 - >  >>
12345
6789101112
13141516171819
20212223242526
2728293031
དཔྱད་གཏམ་གསར་བ།
ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
ཚོགས་མི་ནང་འཇུག
 ཐོ་འགོད། གསང་ཚིག་འཚོལ་བ།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 7
  • དཔྱད་བརྗོད། 12
  • ཆེམས། 0
  • ཀློག་གྲངས། 5116


 
ཕ་ཡུལ་རྔ་བ།
[ 2016/3/1 19:12:00 | By: སྟག་ཚ་ལུང་རྟོགས། ]
 

ཕ་ཡུལ་རྔ་བ།

སྔོ་ཞིང་དྭངས་བའི་ནམ་མཁའ།

ཆུ་སྐྱེས་སྣ་ཚོགས་ཀྱིས་བརྒྱན་པའི་སྤང་གཤོངས་།

ནགས་ཚལ་སྣ་ཚོགས་གོས་སུ་གྱོན་པའི་བརྗིད་ལྡན་གྱི་རི་བོ།

ཡན་ལག་བརྒྱད་དང་ལྡན་པའི་རྫ་ཆུ་བསིལ་མ།

གཙང་ཞིང་དག་པའི་མཁའ་དབུགས་དྭངས་མོ།

མ་རིག་གི་མུན་པ་མཉམ་སེལ་གྱི་དམ་ཚིག་གཅིག་པའི་མཆེད་གྲོགས།

ད་དུང་དེས་ཀྱང་མི་ཚད་ཕ་མ་དང་ཕུ་ནུ་མིང་སྲིང་གི་བརྩེ་བ་ཟབ་སའི་གཞིས་གྲོང་།

ཁྱེད་རྣམས་ཡོད་ཚད་བདག་གི་ཡི་གར་འོང་ཞིང་དམར་ཆུང་གི་སྙིང་དང་བར་ཐག་ཤིན་ཏུ་ཉེ།

ཡོད་ཚད་བདག་གི་སྙིང་ཁ་སེམས་ཉིད་ཀྱི་ཕོ་བྲང་གྲུ་བཞིའི་དབུས་ན།

སེམས་ཀྱི་འགུལ་ཤུགས་དང་ལྷན་དུ་བྱིའུ་ཆུང་བཞིན་དུ་འཕུར་ལྡིང་བྱེད་བཞིན་ཡོད།

   རིག་པའི་མེ་ལྕེས་ཕ་ཡུལ་དང་ཁ་བྲལ་ནས་ལོ་ངོགས་བཅུ་གཉིས་ཙམ་སོང་བའི་ཉིན་ཤིག་ལ་ཕ་ཡུལ་དང་ནང་མི་དྲན་བཞིན་བྲིས།།

 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
 
Powered by Oblog.