སྒྲིག་འཇུག...
 
     
 

སྒྲིག་འཇུག...
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
ཚོགས་མི་ནང་འཇུག
སྒྲིག་འཇུག...
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
༧གནའ་བོའི་བོད་ཀྱི་ལོ་གསར་གྱི་བྱེད་སྒོའི་སྐོར།
[ 2016/1/10 9:13:00 | By: སྟག་ཚ་ལུང་རྟོགས། ]
 


ཧོར་ཟླ་དང་པོའི་ཚེས་གཅིག་ལ་རྒྱལ་ཕྱི་ནང་གང་སར་བཞུགས་པའི་བོད་མི་རྣམས་ཀྱིས་ལོ་གསར་རྒྱས་ཤོས་དེ་བྱེད་བཞིན་འདུག་ཀྱང་། འདིའི་ཁུངས་ལ་ལེགས་པར་བརྟགས་ནས་བཤད་ན། ཉིན་མོ་དེ་ནི་དུས་རབས་བཅུ་གསུམ་པའི་དུས་འགོར་ཧོར་ཅིང་གིར་རྒྱལ་པོས་བོད་དབང་དུ་བསྡུས་རྗེས་བོད་པ་རྣམས་སྡུག་གིས་བྲང་ཁར་བརྡུང་བའི་ཉིན་མོ་དང་། ཧོར་ཇིང་གིར་ཕྱོགས་རྣམས་སྐྱིད་པའི་དཔལ་ལ་རོལ་བའི་དགའ་སྟོན་རྒྱ་ཆེན་པོ་བྱེད་པའི་དུས་ཤིག་ཡིན། ཉིན་མོ་དེ་ནས་བཟུང་ཧོར་ཅིང་གིར་རྒྱལ་པོས་རྩིས་གཞི་གང་ལ་ཕུགས་གཏུགས་ས་མེད་པའི་རང་གར་བཅོས་པའི་ལོ་འགོ་ཞིག་བྱས་ནས་བོད་མི་གཡམ་རྒྱུགས་རྣམས་དེའི་རྗེས་སུ་བསྙེགས་ནས་དེ་ལ་བོད་ཀྱི་ལོ་གསར་བརྩིས་ཏེ་དགའ་སྟོན་རོལ་བའི་སྲོལ་ངན་ཞིག་བྱུང་བ་རེད། དོན་དངོས་ཀྱི་ལོ་རྒྱུས་ལ་གཞིགས་ན། ཉིན་མོ་དེ་ནི་ང་ཚོ་བོད་པ་རྣམས་དགའ་སྐྱིད་ཀྱི་དཔལ་ལ་རོལ་བའི་ཉིན་མོ་ཞིག་གཏད་ནས་མ་ཡིན་ཏེ། ཉིན་མོ་དེ་ནི་ང་ཚོའི་ཨ་མེས་ཡང་མེས་ཚོས་ཤ་དང་ཁྲག་གིས་འགྲོ་སོང་བཏང་ཡང་ཡ་ལན་མ་ནུས་པར་བོད་ཡུལ་སྡུག་གི་མུན་པ་འཐིབས་པའི་ཉིན་མོ་ཞིག་ཡིན་ནོ། །

དེས་ན་བོད་པ་ཚང་མས་འདིའི་སྐོར་ལ་བསམ་གཞིག་ནན་མོ་བྱས་ཏེ་དཀར་ནག་གི་དབྱེ་བ་འབྱེད་ཤེས་དགོས་པའི་གནས་ཤིག་རེད་སྙམ། འོ་ན་ང་རང་ཚོའི་གནའ་སྲོལ་ལ་བོད་ཀྱི་ལོ་གསར་བའི་དུས་ཆེན་དང་། བོད་ལུགས་ཀྱི་ཟླ་དང་པོ་གང་ལ་ངོས་འཛིན་དགོས་སྙམ་ན། དེ་ནི་ང་ཚོའི་ད་ལྟ་རྩི་བཞིན་པའི་ཧོར་ཟླ་བཅུ་གཉིས་པ་དེ་ལ་ངོས་འཛིན་དགོས་པར་འདུག་གོ །དེའི་ལུགས་སྲོལ་གཏད་ནས་མི་འདུག་སྙམ་ན་ཡོད་དེ། ཧོར་ཅིང་གིར་རྒྱལ་པོས་ཤུགས་རྐྱེན་མ་ཐེབས་སའི་ས་ཁུག་ལུང་ཁུག་འགའ་དང་། བོད་ཀྱིི་མཐའ་མཚམས་འགའ་ལ་གནའ་སྲོལ་མ་ཉམས་ནས་ད་ལྟ་ཡང་ལོ་གསར་རོལ་དང་རོལ་བཞིན་ཡོད་དོ། །ལུང་ལས་ཀྱང་། ལོའི་དང་པོ་ཤིང་ཕོ་བྱི་བ་དང་། དཔྱིད་ཟླ་ར་བའི་ཚེས་བཅོ་ལྔ། སྐར་མ་རྒྱལ་གྱི་རུ་གོང་། གཟའ་པ་སངས། དུས་ཚོད་མདུང་རྩེ་ཤར་ཙམ་ན་ཞེས་སོགས་གསུངས་པས། ལུང་དེ་དག་གི་དགོངས་དོན་ལ་ལེགས་པར་བསམས་གཞིགས་བྱས་ན། ང་ཚོའི་ལོ་གསར་དེ་ད་ལྟ་རྩི་བཞིན་པའི་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་རོལ་དགོས་པ་དང་། རྒྱལ་གྱི་ཟླ་བ་དེ་བོད་ཀྱི་ཟླ་དང་པོའམ་དཔྱིད་ཟླ་ར་བར་བབས་འདུག་གོ །

 

རིག་པའི་མེ་ལྕེའམ་སྟག་ཚ་ལུང་རྟོགས་རྒྱ་མཚོ་རུ་འབོད་པས་སྤྱི་ལོ་ ༢༠༡༦ ། ༡ ། ༩ ། ཉིན་རང་ཤག་གྲུ་བཞི་ཉམས་དགའ་བ་དེའི་ནང་དུ་བྲིས། །

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
 
Powered by Oblog.