སྒྲིག་འཇུག...
 
     
 

སྒྲིག་འཇུག...
ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
ཚོགས་མི་ནང་འཇུག
སྒྲིག་འཇུག...
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
ཕ་ཡུལ་དྲན་པའི་ཀ་གླུ།
[ 2015/12/29 15:34:00 | By: སྟག་ཚ་ལུང་རྟོགས། ]
 

༧ ཕ་ཡུལ་རྔ་ལྗོངས་དྲན་པའི་ཀ་གླུ་ཐུང་ཐུང་།

ཀ་སོགས་གསལ་བྱེད་སུམ་ཅུའི་འདོན་འགོ་དེ་ཐོན་ཙམ།།

ཁ་བའི་ལྗོངས་དང་གྱེས་ཏེ་རྒྱ་བལ་གྱི་ས་རུ།།

ག་ལེར་ཉུལ་བའི་སྲང་མདོའི་ཁྱི་འཁྱམས་བཞིན་སྡོམ་ཚེ།།

ང་ཡི་ཕ་ཡུལ་རྔ་ལྗོངས་ཕྱུག་མོ་དེ་དྲན་བྱུང་།།

 

ཅ་ཅོ་འདུ་འཛི་ཉོག་གཏམ་རྒྱུན་ཆད་རང་མེད་པའི།།

ཆ་ལུགས་མི་གཅིག་བལ་ཡུལ་རྒྱལ་ས་རུ་སླེབས་ནས།།

ཇ་ཁུ་ཚ་ཅན་རྒྱུན་པར་འཚོ་བ་ལ་རོལ་དུས།།

ཉ་ཟླ་ལྟར་དཀར་ཕ་ཡུལ་འོ་ཇ་དེ་དྲན་བྱུང་།།

 

ཏ་རྒ་རྟོག་གེའི་རིག་པ་སྦྱང་ཁུལ་ཡང་བྱས་ཏེ།།

ཐ་གྲུ་མཛེས་ལྗོངས་ག་ཐ་མན་གྲུ་རུ་བསྡད་རུང་།།

དྭ་བུར་ཁེར་རྐྱང་རེད་བསམ་མནོ་བསམ་རེ་གཏོང་དུས།།

ན་མཉམ་གྲོགས་ཀྱི་འདུ་གནས་རྔ་ལྗོངས་དེ་དྲན་སོང་།།

 

པ་ཏྲའི་རི་མོ་བཞིན་དུ་སེམས་པ་དེ་འཁྱོག་པས།།

ཕ་མའི་མདུན་དུ་ཡོད་དུས་བཀའ་དྲིན་དེ་མ་བསམས།།

བ་གླང་བཞིན་དུ་ཤེས་མེད་ས་མཐའ་རུ་འཀྱམས་དུས།།

མ་ལོའི་བཀའ་དྲིན་བསམ་བཞིན་རྔ་ལྗོངས་དེ་དྲན་སོང་།།

 

ཙ་རིས་བསྐོར་བའི་གངས་ལྗོངས་རྒྱབ་རྩ་རུ་བཞག་ནས།།

ཚ་གྲང་སྡུག་བསྔལ་མ་འཛེམས་གཞན་ཡུལ་དུ་ཕྱིན་ཏེ།།

ཛ་ཡ་གཤེན་བསྟན་གཞུང་ལ་ཐོས་བསམ་དེ་བྱེད་དུས།།

ཝ་སྐྱེས་བཙུན་ཆུང་ང་ཡིས་རྔ་ལྗོངས་དེ་དྲན་བྱུང་།།

 

ཞྭ་ལྟར་གཙུག་ཏུ་བསྟེན་པའི་མཁན་སློབ་གྱི་དྲིན་གྱིས།།

ཟ་གོས་འཚོ་བའི་ཕྱོགས་ལ་དཀའ་ངལ་དེ་མེད་ཀྱང་།།

འ་འུར་ཟིང་ཟིང་གཡེང་བར་ཆེས་དགའ་བའི་གྲྭ་ངས།།

ཡ་མཚན་རིག་རྩལ་སྣ་འཛོམ་རྔ་ལྗོངས་དེ་དྲན་བྱུང་།།

 

ར་ལུག་འདྲ་བའི་བསམ་མེད་མགོ་ནག་པ་འགའ་ཡིས།།

ལ་རྒྱ་ཞེས་པའི་མིང་མཛེས་ཕྱོགས་འཛིན་དེ་ཁུར་ནས།།

ཤ་རུས་གཅིག་པའི་ནང་ཚན་དབྱེ་འབྱེད་རེ་བྱེད་དུས།།

ས་འཇམ་ཞི་བའི་བསྟི་གནས་རྔ་ལྗོངས་དེ་དྲན་བྱུང་།།

 

ཧ་ཧ་བཀྲ་ཤིས་དུས་བཟང་དེ་རིང་གི་ཉིན་མོ།།

ཧ་ལོས་མཛེས་ལྗོངས་ཁྲི་བརྟན་ནོར་རྩེ་ཡི་གླིང་ནས།།

ཨ་མདོ་རྔ་ལྗོངས་དྲན་པའི་ཀ་རྩོམ་དེ་འབྲི་མཚམས།།

ཨ་མདོའི་བུ་ངས་རེ་ཞིག་འདི་ནས་རང་བསྡུས་སོ།།

 

 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
 
Powered by Oblog.