སྟག་ཚ་ལུང་རྟོགས་རྒྱ་མཚོ།
མདུན་ངོས།
པར་དེབ།
ཤོག་བྱང་།
ཟིན་བྲིས་ལི་ཐོ།
<<
<
2021
-
6
>
>>
༧
༡
༢
༣
༤
༥
༦
1
2
3
4
5
6
7
8
9
10
11
12
13
14
15
16
17
18
19
20
21
22
23
24
25
26
27
28
29
30
དཔྱད་གཏམ་གསར་བ།
Re:ལྷ་མི་གཞན་བརྟེན
Re:ལྷ་མི་གཞན་བརྟེན
Re:ལྷ་མི་གཞན་བརྟེན
Re:ལྷ་མི་གཞན་བརྟེན
Re:ལྷ་མི་གཞན་བརྟེན
Re:ལྷ་མི་གཞན་བརྟེན
Re:ལྷ་མི་གཞན་བརྟེན
Re:ལྷ་མི་གཞན་བརྟེན
Re:ལྷ་མི་གཞན་བརྟེན
Re:༧རྗེ་མེ་སྟོན་ཆེ
ཆེད་སྒྲིག་རྣམ་དབྱེ།
མདུན་ངོས།
པར་དེབ།
ཤོག་བྱང་།
ཟིན་ཐོ་གསར་བ།
ཕ་ཡུལ་རྔ་བ།
རྗེའི་འཁྲུངས་མཆོད་
༧གནའ་བོའི་བོད་ཀྱི་
ཕ་ཡུལ་དྲན་པའི་ཀ་གླ
ལྷ་མི་གཞན་བརྟེན་གྱ
༧རྗེ་མེ་སྟོན་ཆེན་པ
སྨན་རིའི་ཁྲི་འཛིན་
ཆེམས་གསར་བ།
ཆེམས་འཇོག་པ།
འཚོལ་བཤེར།
ཟིན་ཐོའི་ཁ་བྱང
ཟིན་ཐོའི་ནང་དོན
ཚོགས་མི་ནང་འཇུག
ཐོ་ མིང་།
གསང་ཚིག
གསང་ཚིག་ཉར་འཛིན
ཐོ་འགོད།
གསང་ཚིག་འཚོལ་བ།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
གནས་ཚུལ།
སྔོན་མངག(0)
གྲོགས་སྒྲིག
འཕྲིན་ཐུང་།
ཟིན་ཐོ། 7
དཔྱད་བརྗོད། 12
ཆེམས། 0
ཀློག་གྲངས།
5120
སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལ་བསྟོད་པ།
[ 2011/6/3 15:35:00 | By:
སྟག་ཚ་ལུང་རྟོགས།
]
0
推荐
སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལ་བསྟོད་པ།
ཀ་དག་རྫོགས་པ་ཆེན་པོའི་ལྟ་བ་དེ་གཟིགས་ཤིང་།
ཁ་ལྔས་བཏེགས་པའི་སྨན་རིའི་གསེར་ཁྲི་རུ་བཞེངས་ནས།
ག་ལོག་རྨོངས་བའི་ཚོགས་རྣམས་ཚར་ཐག་རང་གཅོད་པའི།
ང་ཡིས་རྟག་ཏུ་བསྟོད་ཡུལ་མཁན་པོ་དེར་འདུད་དོ།
ཅ་ཅོ་གཏམ་གྱིས་མ་བསླུས་སྟོང་ཉིད་ངང་གནས་ཤིང་།
ཆ་ལུགས་ལྔ་ལྡན་ཞབས་མཐིལ་དཀྱིལ་དཀྲུང་དུ་བཞུགས་པའི།
ཇ་ཁུའི་མདངས་ལྟར་དམར་སེར་གོས་དྲུག་གིས་མཛེས་པ།
ཉ་གང་ཟླ་བས་འགྲན་བྲལ་མཁན་པོ་ཁྱེད་མཁྱེན་ནོ།
ཏ་ལའི་སྡོང་བཞིན་དོན་གྱི་སྙིང་བོ་ཡིས་སྟོང་ཞིང་།
ཐ་སྙད་གྲགས་ཆེད་མགོ་བོ་རྒྱལ་ཁམས་ཀུན་འཁོར་བའི།
ད་ལྟའི་བླ་མ་སྤྲུལ་སྐུའི་ངན་སྤྱོད་དེ་མཐོང་དུས།
ན་གེ་ནོག་གེའི་བྱ་བྲལ་མཁན་པོ་ཁྱེད་མཁྱེན་ནོ།
པ་ཏྲའི་རི་མོས་མཛེས་པའི་ཁྲི་སྟེང་དུ་བསྡད་དེ།
ཕ་རོལ་དད་མོས་ཆེན་པོའི་མགོ་བོ་དེ་སྐོར་བའི།
བ་གླང་ཟླ་གྱུར་དེང་དུས་བླ་གཟུགས་དག་མཐོང་དུས།
མ་གྱུར་འགྲོ་ཀུན་བྱམས་པའི་མཁན་པོ་ཁྱེད་མཁྱེན་ནོ།
ཙནྷ་སྡེབ་སྦྱོར་ཀློག་པའི་བློ་རྩལ་ཙམ་མེད་ཀྱང་།
ཚ་ཚོད་མེད་པར་ལྷ་མཐོང་འདྲེ་མཐོང་དེ་སྨྲ་ནས།
ཛ་ལང་སྤྱོད་ངན་འཆང་བའི་བླ་གཟུགས་དག་མཐོང་དུས།
ཝ་སྐྱེས་རྒོལ་ཚོགས་གཞོམ་པའི་མཁན་པོ་ཁྱེད་མཁྱེན་ནོ།
ཞྭ་དཀར་བསྟན་པའི་དོན་ཞེས་རང་དོན་ལ་གཞོལ་ནས།
ཟ་འཐུང་ཁོམ་ལོང་ཙམ་གྱི་ངལ་གསོ་དེ་མེད་པའི།
འ་འུར་ཟང་ཟིང་གཡེང་བའི་བླ་གཟུགས་དག་མཐོང་དུས།
ཡ་མཚན་གཞན་དོན་སྐྱོང་མཁས་མཁན་པོ་ཁྱེད་མཁྱེན་ནོ།
ར་ཅོ་ལྟ་བུའི་སེམས་རྒྱུད་གྱོང་པོ་དེ་ཁུར་ནས།
ལ་རྒྱ་འཛིན་ཁུལ་ཕན་ཚུན་རྙོག་འཛིང་དེ་སློང་བའི།
ཤ་ཚ་སྙིང་རྗེ་མེད་པའི་བླ་གཟུགས་དག་མཐོང་དུས།
ས་བཅུའི་ཡོན་ཏན་རྫོགས་པའི་མཁན་པོ་ཁྱེད་མཁྱེན་ནོ།
ཧ་ཧ་རྒོད་པའི་འཛུམ་ཆུང་གདོང་པ་ལ་ལང་སྟེ།
ཨ་རིའི་སྒྲོ་ལོ་མཐོང་དུས་སྲུང་ཁྲིམས་དེ་ཤོར་བའི།
ཧ་ཅང་བསྟན་པའི་ཞབས་འདྲེན་བླ་གཟུགས་དག་མཐོང་དུས།
ཨ་དོན་སྐྱེ་མེད་རྟོགས་པའི་མཁན་པོ་ཁྱེད་མཁྱེན་ནོ།
ཆང་འཐུང་སྨྱོན་པའི་འགྲོས་བཞིན་འཁྱར་འཁྱོར་གྱི་ཚིག་འདིར།
གསོན་ཉམས་ལྡན་པའི་སྙན་ཚིག་ཡང་དག་ཅིག་དབེན་ཀྱང་།
སྟག་ཚའི་གྲྭ་བཙུན་ལུང་རྟོགས་རྒྱ་མཚོ་རུ་འབོད་པའི།
རྩོམ་རིག་ངག་རྩལ་རྒྱུགས་ཐེངས་གཉིས་པ་རུ་བྲིས་སོ།
བལྟ་ཀློག
(247)
|
ལན་སློག(2)
|
གནད་དོན་ཡར་ཞུ
|
འདྲེན་བཀོལ་སྤྱི་བསྒྲགས
(0)
|
རྩོམ་སྒྲིག
ཟིན་ཐོ་འོག་མ།
༧རྗེ་མེ་སྟོན་ཆེན་པོའི་ཞལ་སྔ་ནས།
Re:སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལ་བསྟོད་པ།
[
2011/6/4 15:03:34
| By:
danzengyixi
]
རྗོད་བྱ་བརྗོད་བྱེད་གང་གི་ཐད་ནས་ལེགས་པོ་འདུག་སྙམ།
འོན་ཀྱང་ན་གེ་ནོག་གེའི་་་་་་་ཙནྷ་ཞེས་པ་འདི་གཉིས་ཀྱི་དོན་ཤེས་མ་སོང་།
གཤམ་དུ་སྟག་ཚ་ལུང་རྟོགས།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་པོ་ལགས་དུས་ལྟར་ལན་ཕུལ་མ་ཐུབ་པས་དགོངས་འགལ་མེད་པར་ཞུ། འདིའི་སྐོར་ཚིག་མཛོད་དེ་ཚོའི་ནང་དུ་ཀློག་དང་གསལ་གྱི་རེད།
གཤམ་དུ་སྟག་ཚ་ལུང་རྟོགས།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་པོ་ལགས་དུས་ལྟར་ལན་ཕུལ་མ་ཐུབ་པས་དགོངས་འགལ་མེད་པར་ཞུ། འདིའི་སྐོར་ཚིག་མཛོད་དེ་ཚོའི་ནང་དུ་ཀློག་དང་གསལ་གྱི་རེད།
གཤམ་དུ་སྟག་ཚ་ལུང་རྟོགས།་ལགས་ཀྱིས་ལན་སློག་པ་ནི་
གྲོགས་པོ་ལགས་དུས་ལྟར་ལན་ཕུལ་མ་ཐུབ་པས་དགོངས་འགལ་མེད་པར་ཞུ། འདིའི་སྐོར་ཚིག་མཛོད་དེ་ཚོའི་ནང་དུ་ཀློག་དང་གསལ་གྱི་རེད།
དྲ་ངོས།
|
འདྲེན་བཀོལ།
|
ཕྱིར་ལོག
|
དོར་བ།
|
ལན་སློག
Re:སྨན་རིའི་ཁྲི་འཛིན་རིན་པོ་ཆེ་ལ་བསྟོད་པ།
[
2011/6/3 15:53:03
| By:
taktsa
]
སྙན་རྩོམ་མཚན་ཉིད་དང་ལྡན་པ་ཞིག་རྩོམ་གནང་འདུག་ཐུགས་རྗེ་ཆེ།
དྲ་ངོས།
|
འདྲེན་བཀོལ།
|
ཕྱིར་ལོག
|
དོར་བ།
|
ལན་སློག
དཔྱད་གཏམ་སྤེལ་བ།
ཐོ་མིང་།
གསང་གྲངས།
(སྐུ་མགྲོན་གྱིས་གསང་གྲངས་ནང་འཇུག་བྱེད་མི་དགོས།)
དྲ་ངོས།
ཁ་བྱང་།