ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ཆ་བཅག་རྣམ་རྒྱལ་ མཆོད་རྟེན། | 2014/1/22 21:10:00

ཆ་བཅག་རྣམ་རྒྱལ་ མཆོད་རྟེན།                                                                                                                                                                                                                                      

                    ཤར་པ་བསོད་བརྟན་

 

 

 

          

 

             རྒྱ་ནག་གོང་མའི་མཁའ་འགྲོ་འུག་གདོང་གཙོས་པའི་མ་རྒྱུད་ལྷ་ཚོགས་སྤྲིན་ལྟར་འདུས་པའི་གནས་ཆེན་་བྱང་བྱ་དུར་གྱི་གཡས་ཞོལ།   ཕྱི་སྐོར་འགྲོ་བའི་ལམ།   ཆ་བཅག་འཕྲང་ལམ་ཞེས་དགེ་མཚན་ཆེ་བའི་ས་ཁྱད་པ་ཅན་དེ་ན།   དགའ་མལ་གཡུང་དྲུང་དར་རྒྱས་གླིང་གི་ལྷ་སྡེ་ཧ་འཕེལ་གྲོང་ནས་སྐྱེ་བ་བཞེས་པའི་ཨ་ཁུ་རྒྱལ་འཕགས་སམ་ཚུལ་མིང་དུ་ཚུལ་ཁྲིམས་གཟོད་པ་མཐར་ཕྱིན་དུ་འབོད་པས།   རང་ལོ་དྲུག་ཅུའི་སྟེང་དགེ་བའི་སྣེ་དྲངས་སྟེ་ཁྲི་སྐྱང་ཁོག་གི་དད་ལྡན་སྐྱ་སེར་ཕོ་མོ་བདུན་ཅུ་ལྷགས་ཕ་ཡུལ་གྱི་གནས་མཆོག་འདི་ནས་དབུ་བཟུངས་སྟོད་ཉི་མ་ལྷ་སར་སྐྱང་ཕྱག་འཚལ་སྟེ་དགེ་བ་རྒྱ་ཆེར་བྱེད་པའི་འཕྲོའམ་དགེ་གྲོགས་དེ་དག་གིས་ལུས་སེམས་གང་སྤྱི་ཐད་གནས་རོགས་རམས་བྱས་པར་བརྟེན།  ལོ་ངོ་༨༠ ཡར་སྔོན་ནས་བ་རོང་ཐ་ཞ་དཔའ་མཆོག་གིས་རྟོགས་ལྡན་དགོན་གཟོད་པ་རིན་པོ་ཆེས་བ་རོང་ན་མཆོད་རྟེན་ཞིག་གཞེངས་པར་ཐུགས་བསྐྱེད་སྨོན་ལམ་གནང་བའི་རྟེན་རྫས་ཁྱེར་ཡོང་བ་དག་ལག་སུ་ཆུད་པར་བྱས་སྟེ། ༢༠༡༡ལོར་མཆོད་རྟེན་གྱི་གཞི་མ་རྡོ་བཀལ་ས་གཟོ་བྱས་པ་དང་།   ༢༠༡༢ལོའི་སྟོན་ཁ་ཙམ་ནས་མཆོད་རྟེན་དངོས་སུ་གཞེངས་བསྐྲུན་བྱས་ཤིང་།   ༢༠༡༣ལོར་མཆོད་རྟེན་གྱི་མཐར་དཔལ་འགོན་དང་བཅས་ལེགས་པར་གྲུབ་བོ།།  དེ་ཡང་མཆོད་རྟེན་འདི་ནི་གཤེན་རབ་རྣམ་པར་རྒྱལ་བའི་མཆོད་རྟེན་ཡིན་ལ་མཐོ་ཚད་ལ་ཁྲི་ཙི་སུམ་ཅུ་ལྷག་ཡོད།  དེའི་མཐར་རུ་ཁྲི་ཙི་བཅུ་ལྷག་ཅན་གྱི་དཔལ་མགོན་འཁོར་བརྒྱད་རྒྱབ་ཡོད།  མཆོད་རྟེན་འདིའི་ནང་རྟེན་རྫས་བྱིན་ཅན་མང་ཡང་། འདིར་གཙོ་གྲས་ཁ་ཤས་བརྗོད་ན།  གཤེན་རབ་མི་བོ་ཆེའི་རུས་སྲེལ།  མཉམ་མེད་དབུ་ཞྭ་ཉི་ཚིགས་མ།  ཟླ་བ་རྒྱལ་མཚན་སྐུ་ཤ།  རྟོགས་ལྡན་རལ་བ་འབྲུག་གསས་ན་གཟའ།  ལྷ་སའི་ཇོ་བོའི་ན་གཟའ་ཆ་ཚང་།  རྒྱལ་བའི་བཀའ་འགྱུར།  བསྟན་འགྱུར་སོགས་དཔེ་གཞུང་རྩ་ཆེན་མང་ངོ།།   ད་དུང་དེའི་མཐའ་ན་རྡོ་ལ་བརྐོས་པའི་ཡི་གེ་དྲུག་བརྒྱ།   རྣམ་རྒྱལ་གཟུངས་ཆེན།  ཐར་མདོ་སོགས་ཚར་གྲངས་དུ་མ་གྲལ་དུ་བསྐོར་ཡོད།  དེ་ཡང་འདིའི་བསྐོར་རྒྱས་ཤིང་ལེགས་པ་འབྲི་རྒྱུ་ཡོད་མོད། གནས་སྐབས་སུ་འདི་ཙམ་ཀྱིས་འཐུས་པ་བྱེད་དོ།   རྒྱས་ཤིང་ཞིབ་པ་མ་འོངས་འབྱུང་ངེས་པའི་མཆོད་རྟེན་དེའི་དཀར་ཆགས་ལ་གཟིགས་པ་ཞུ།  

Re:ཆ་བཅག་རྣམ་རྒྱལ་ མཆོད་རྟེན། | 2014/1/22 22:02:49
gfdgdfgdfgd(སྐུ་མགྲོན)ཡིག་ནོར་ལ་གཟབ་དགོས་འདུག
རྩོམ་པ་པོ།:gfdgdfgdfgd(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཆ་བཅག་རྣམ་རྒྱལ་ མཆོད་རྟེན། | 2014/1/31 17:29:04
སྐུ་མགྲོན་Kof6IV(སྐུ་མགྲོན)ལགས་སོ་་་་་་གང་ཟབ་བྱེད་ངེས་ཡིན
རྩོམ་པ་པོ།:སྐུ་མགྲོན་Kof6IV(སྐུ་མགྲོན) | དྲ་ངོས། | འདྲེན་བཀོལ། | ཕྱིར་ལོག | དོར་བ། | ལན་སློག
Re:ཆ་བཅག་རྣམ་རྒྱལ་ མཆོད་རྟེན། | 2014/12/13 16:57:22
zeren171ཚུལ་ཁྲིམས་བཟོད་པ་མཐར་ཕྱིན་ལགས་སྐུ་ཚེ་ལ་བར་ཆད་མེད་པ་སྨོན།།
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.