སྐྱེས་ཡུལ་་་་་་་ཟུང་ཆུ་རྫོང་མཚོ་འཕེལ་སྡེ་བ།
སྐྱེས་སྐར་་་་་་༡༩༩༣ ལོ་ཟླ ༡༡ ཚེས ༩
གནས་ཡུལ་་་དགའ་མལ་དགོན་ཆེན།
སྦྱང་བྱ་་་་་་་་་ཚད་མ་དང་རིག་གནས།
ལག་པར་་་་་་1399 041 8817 ་་་་་་1598 2007 008
QQ་་་་་་་་་་་1714039188
ཁྲི་བསོད་བསྟན།
མི་ཁའི་རླུང་བུས་མི་བུ་ལྡེམ་མེ་ལྡེམ།
ཤར་པ་བསོད་བརྟན།
གནམ་འོག་ན།
མི་བུ་ཞིག་འགྲིམ་པའི་ཤུལ་ཏུ།
རླུང་བུ་ཤིན་ཏུ་ལྡང་།
རྐང་རྗེས་རེ་རེ་དང་དབྱེར་མེད་པའི་རླུང་བུ་ལྡང་།
མི་བུ་དེ།
གལ་སྲིད་ད་དུང་“འདི་ལྟར་འཚོ་དགོས་ན། ”
“རྒས་ཐབས་བྲལ”བས།
རླུང་བུ་རེ་ལྟགས་རྒྱབ་དུ་ཡུག་དེ།
མགོ་བོ་སླར་ཡང་འགྲིང་།
མི་ཚོགས་ཀྱི་དཀྱིལ་ན་ཁ་སྣ་མང་ཞིང་།
ཁེར་རྐྱང་དུ་འདུག་དུས་དྲན་པ་མོད་པས།
གསར་བུ་ཞིག
དངོས་ནས་རང་ཚུགས་སྟོན་གི།
རང་ཚུགས་དེས།
ཁོར་ཡུག་ནས་ལྷོད་དུ་འབབ་མི་ཐུབ་པའི་རླུང་བུ་ཞིག་བླངས།
རླུང་བུ་དེ་དྲག་དུ་འགུལ་ཐེངས་རེ།
མི་བུ་དེ།
རྣ་སེམས་ཟུང་།
གོད་ཆགས་ཀྱི་ཁྲོད་ན།
གནམ་ལ་སྤུར།
རླུང་བུ་དེའི་མཁའ་དབྱིངས་ནས་“དེ་ལྟར་འཕུར་དགོས་ན།”
“འབབ་ཐབས་བྲལ་བས།”
ལྗིད་ཏིག་ཏིག་གི་སེམས་པ་ཞིག་བཅང་སྟེ།
རང་ཚུགས་སྲ་ན་འདོད།
མི་དང་དེའི་ཁ།
དཔྱོད་ཤེས་ན།
རང་ཉིད་འཕེལ་བའི་རྒྱུ་ལས་མ་འདས་རུང་།
དཔྱོད་མ་ཤེས་པར།
དུག་ལྔས་ཟིལ་གྱིས་བསྣོན་ན།
མི་ཚོགས་ཀྱི་དཀྱིལ་ན།
སེམས་སྡབ་ཀྱིས་འཆོང་ཞིང་།
ངོ་དམར་དམར་རོར།
དྲག་དུ་ལྡིང་ངེས།
འདིར་ལྟར་ཡུན་ཏུ་ལྡིང་དགོས་ན།
འཚོ་ཐབས་བྲལ་བས།
ཁྱེད་ཇི་ལྟར་འོས་ལགས་སམ།
- ཟིན་ཐོ་གོང་མ།སྙིང་སྟོབས་ཀྱི་གད་རྒྱངས།
- ཟིན་ཐོ་འོག་མ།སྙིང་གི་འཕར་ལྡིང་།