ཧི་བོན་ཟིན་བྲིས།
སྒྲིག་འཇུག...
སྤྱི་བསྒྲགས།
    སྒྲིག་འཇུག...
ལི་ཐོ།
    སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
    སྒྲིག་འཇུག...
པར་མཛོད།
ཟིན་ཐོ་གསར་བ།
    སྒྲིག་འཇུག...
དཔྱད་གཏམ་གསར་བ།
    སྒྲིག་འཇུག...
ཆེམས་གསར་བ།
    སྒྲིག་འཇུག...
ནང་འཇུག
དྲ་གྲོགས།
    སྒྲིག་འཇུག...
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
    སྒྲིག་འཇུག...
ལྷག་པའི་ལྷ་ལ་བསྟོད་པ་སླད་མེད་སེམས་ཀྱི་རང་སྒྲ། | 2012/12/8 16:25:00

དཀར་གསལ་མཛེས་སྡུག་དཔལ་ཡོན་ཡོངས་རྫོགས་ཆུ་ཤེལ་དངས་མའི་

ལང་ཚོ་བརྟས་པའི་སྐུ་གཟུགས་གངས་དཀར་ལྷུན་པོ་ཆེ།།

མ་དག་ཟག་བཅས་ཕུང་པོ་ནག་པོའི་དུག་ཆུ་ཁོལ་མའི་མཁའ་དབུགས་

བརྔུབས་པའི་སྒྲིབ་གཉིས་སྤྲིན་གྱིས་མ་གཡོག་པར།།

གཟི་བརྗིད་འོད་གྱི་ཚ་ཟེར་སྒེག་མོའིམཛེས་སྡུག་མེ་ཏོག་རང་མཚན་དཔལ་

ལས་ཚངས་རྒྱུང་དབུ་མར་རྟག་འཕྲོ་བའི།།

སྨྲ་སེང་རྒྱལ་མོ་ཁྱེད་ཀྱི་སྐུ་སྟེ་མིག་མེད་བློ་རྡོ་གངས་ལོ་ང་ཡི་གཙུག་ཏུ་

ནམ་ཡང་དཔྱིད་ཀྱིས་ངོམས།།

 

སྙན་འཇེབ་ཚངས་དབྱངས་འགྱུར་ཁུག་སྟོང་ལྡན་དྲི་ཟའི་རྒྱུད་མངས་ཆུང་

མར་བསུས་པའི་དཔྱིད་ཀྱི་རྒྱལ་མོའི་ཕུ་བོ་ཆེས།

མན་ངག་ལེགས་བཤད་རྣ་བའི་བདུད་རྩི་སྙན་མངས་རྒྱུད་ཀྱི་གཞུ་རུ་

བཀུག་སྟེ་ཚད་མིན་དབང་པོའི་འབེན་ཕུག་ཞིང་།

སྙན་ཚིག་བུ་མོའི་བརྩེ་གཏམ་ལང་ཚོ་མོན་ཡུལ་ལེང་བུའི་སེམས་སུ་བབས་

ཏེ་ཤེས་རིག་མེ་ཏོག་སྟོང་བཞེད་པ།

རིག་ལྷ་དཔལ་མོའི་ཞལ་གྱི་རྩི་སྟེ་ཁ་ཆུང་མགྲིན་ཕྲ་ལྐུགས་ལྕེ་བདག་གི་

མགྲིན་པའི་གྱང་ལ་བྱུག་པ་འཚལ།།

 

ཟབ་རྒྱས་གཏིང་བྲལ་རྡོ་གོས་ཁྱིམ་ལ་མཐའ་མེད་ཡངས་པའི་སྟོང་གསུམ་

ཚལ་གྱི་སྔོ་སངས་མཁྱེན་པའི་ཀློང་མཛེས་ཤིང་།

མངོན་དང་ལྐོག་གྱི་འཕེལ་འགྲིབ་མེད་ལ་ཕྱོགས་རིས་བྱིས་བློ་སྒྲ་གཅན་

ཞིག་གིས་བཟའ་འདོད་བློ་ཞིག་དེ་བས་ཏེ།

ཐུགས་རྗེ་སྲིད་པའི་མིག་ཆེན་བསྒྲད་བཞིན་བརྩེ་བའི་བསིལ་ཟེར་གཅན་

ལྟར་གདུང་བའི་རྣམ་དག་ལམ་ལ་བཀོད་མཁན་མ་།

མ་གཅིག་ཁྱེད་ཀྱི་ཐུགས་རྒྱུད་༼དག་པ་༽མྱུར་དུ་བསྩོལ་ལགས་དྲན་ཆུང་

གང་གིས་ནམ་ཡང་མི་འགྱུར་སེམས་ནས་བསྟོད།།༼གཙང་མ་དང་ཚང་མ་གཉིས་སུ་གོ༽

 

རང་གཤིས་རྣལ་མ་ནེམ་ནེམ་སྙི་ཞིང་ཤེས་རིག་རླབས་འཕང་མཁའ་རུ་

འཕྱུར་བའི་ཡང་དག་བཤེས་ཀྱིས་འཆད་པའི་གསུང་།

ལུང་རིག་རྣམ་དག་རྒྱབ་རྟེན་བཅོལ་ཞིང་ལོག་བལྟ་རྨོངས་པའི་ཀླད་རྒྱ་

གཏོར་བའི་འཁོར་༼གསུམ༽་གློག་ཞགས་རྩོད་པའི་སྒྲ།༼  སོང་་་་་་ འབྲི་སྲོལ་གཞན  ༽

རྣམ་དཔྱོད་གཤོག་རྩལ་མཁའ་མཐའ་བསྒྲོད་ཅིང་སྡེབ་སྦྱོར་མཁྱུགས་པའི་

གར་སྟབས་རོལ་བཞིན་སྙན་རྩོམ་གླུ་དབྱངས་སྟོང་བསྒྲོད་པ།

ཡང་དག་ཁྱེད་ཀྱི་ཐུགས་རྗེ་ལས་འཁྲུངས་ཡང་དག་ཞིག་གི་ཐོབ་ཐང་ཡོད་

ཚད་ཡང་དག་མདུན་དུ་རིག་པས་བསྟོད།།

 

མ་གཞི་བློ་གྲོས་སྒྲོན་མེ་མཛེས་ཆུང་དུག་ལྔ་ལག་འགྲོས་ཚངས་པའི་བུ་དེས་

དབང་མེད་བཙན་གྱིས་སྒྲིབ་བྱས་ཤིང་།

རང་རྒྱུད་མ་དག་མཁྲིས་ནད་ཁོལ་བས་ཤེས་རིགས་དད་མོས་གཟུག་

འཛིན་སླད་པས་མུན་ནག་ཕུང་པོ་ཆེས་མཐུག་རུང་།

ད་དུང་རྒྱིད་ལུག་སྨྱོ་ཆུ་བཏུངས་བཞིན་མུན་པའི་ཀློང་ནས་གཉིད་དུ་

གཡུར་ཏེ་རྨིས་ལམ་སྐྱིད་སྐྱིད་བཏོང་བཞིན་པའི།

མགོན་མེད་སྐྱབས་མེད་བློ་མེད་གང་དེར་སྨྲ་སེང་རྒྱལ་མོས་ཡོད་ཚད་

གནང་ལ་མྱུར་དུ་ཝ་ལེར་བྱེད་པ་མཛོད།།

 

ཕྱི་ཡི་འཇིག་རྟེན་ངལ་བ་མ་དོར་ཡ་ཐོག་ལས་ཀྱང་ཡ་མ་བརླ་ཡི་རང་

གཤིས་རྣལ་མ་ངོམས་པའི་དུས།

མེས་པོ་གོང་མའི་བསྟན་བཅོས་སེབ་ནས་བློ་གྲོས་ནས་འབྲུ་སྒུམ་པར་

བརྩོན་པའི་ཅོལ་ཆུང་འཇོལ་མོའི་སེམས་ཀྱི་མཚོ།

རྒྱུ་མའི་བསིལ་ཟེར་དྲག་དུ་གཡོ་ཞིང་བདུན་རྫུན་རྨོང་པའི་རླབས་འཕྲིན་

ཟེགས་མ་མུན་པའི་ཀློང་ལ་སྙེགས་བཞིན་དུས།

སྨོན་དང་དད་པའི་སྐྱ་རེངས་ཤིང་རྟས་རྨོངས་མུན་སྲེགས་པའི་རིག་ལྷ་མེ་

ཟླུམ་སྤྱི་གཙུག་ལྷུན་པོའི་སྤོ་རུ་བསུ།

 

གང་ལ་སྙེམས་པའི་ཤེས་རིགས་རྒྱུ་སྐར་མཚན་དཔེ་དུང་ཟླ་སྒེག་ལྡན་འོད་

ཀྱིས་སྲིད་གསུམ་མཐའ་རུ་བཅིངས་བྱས་རུང་།

གང་ལ་སྐྱབས་པའི་གོམ་མེད་འདི་ཡི་གཞལ་བྱ་སྐར་མདའ་ཕྲ་མོ་བས་ཀྱང་

བརྗོད་བྱའི་རྟོགས་པའི་གནད་ཕྲ་ཞིང་།

ཅུང་ཟད་བརྗོད་པའི་བགྲོད་ལམ་དེ་ཡང་རབ་སྙན་པི་ཝང་རྣལ་མ་ཞིག་

གིས་ཡོངས་སུ་སྤྲས་པའི་རྩལ་དབེན་ཡང་།

རྩེ་གཅིག་སྙིང་གི་ཚིག་ལུ་དྭངས་མ་དད་མོས་སྟོང་གིས་ཡོངས་སུ་བཞུས་ཏེ་

བསྟོད་པའི་སྒྲོན་མེ་འདི་སྤར་རོ།།

                                                 2011.11.17

  • ཟིན་ཐོ་འོག་མ།suona
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.