ཧི་བོན་ཟིན་བྲིས།
ཨེ་རམ་ཚང་།
སྤྱི་བསྒྲགས།

    སྐྱེས་ཡུལ་་་་་་་ཟུང་ཆུ་རྫོང་མཚོ་འཕེལ་སྡེ་བ།

    སྐྱེས་སྐར་་་་་་༡༩༩༣ ལོ་ཟླ  ༡༡  ཚེས ༩

    གནས་ཡུལ་་་དགའ་མལ་དགོན་ཆེན།

    སྦྱང་བྱ་་་་་་་་་ཚད་མ་དང་རིག་གནས།

    ལག་པར་་་་་་1399 041  8817 ་་་་་་1598  2007  008

    QQ་་་་་་་་་་་1714039188

ལི་ཐོ།
    <<  < 2021 - >  >>
    1234
    567891011
    12131415161718
    19202122232425
    262728293031
ཆེད་སྒྲིག་རྣམ་དབྱེ།
པར་མཛོད།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
ནང་འཇུག
དྲ་གྲོགས།
སྦྲེལ་མཐུད།
ཟིན་བྲིས་ཆ་འཕྲིན།
སྙིང་གི་འཕར་ལྡིང་། | 2014/1/22 14:05:00

སྙིང་གི་འཕར་ལྡིང་།

ཤར་པ་བསོད་བརྟན།

རྒྱང་རིང་གི་ཞིང་གྲོང་ཞིག་ན།

མཐའ་མི་མངོན་པའི་བརྩེ་བ་ཞིག་འཕར་ལྡིང་བྱས་བཞིན་པ་རེད།

སུས་ཀྱང་བཀག་འགོག་མེད་པར་འཕར་ཞིང་མཆིས།

གོ་ཐོས་ལ་ཡུལ་དེ་ནས།

སྐྱབས་མགོན་འཁྲུང་མྱོང་སྐད།

འོན་ཀྱང་།

སྐྲག་དགོས་པ་ཞིག་ལ།

ཡུལ་དེ་ན།

ཆོམ་རྐུན་གྱི་ཟློས་གར་ཤིན་ཏུ་གསང་གདའ་ཟེར།

སློབ་གྲྭ་བ་ཞིག

རི་ཁྲི་ལུང་སྟོང་གིས་བཅད་དེ་མཐོ་སྒང་གི་སློབ་ར་དེ་ནས།

སྐུལ་སློང་མཁན་སུ་ཡང་མེད་པར།

ལྐོག་འགྱུར་གྱི་སྐྱེས་བུ་ཞིག

སྙིང་ཤ་བརློན་པའི་དཀྱིལ་རུམ་ནས།

ཉིན་མཚན་དབྱེ་མེད་དྲན།

བདེན་དེ།

དྲན་དྲག་པས་མིག་ཆུ་ཤོར་སོང་།

བཙན་པོའི་དཔུང་སྡེ་ཞིག་ཡོད་ན།

རི་ཆུ་ལ་གསུམ་ཚལ་པ་བཤགས་སྟེ།

སྙིང་ཁོང་ན་ལྡིང་བཞིན་པའི་འཕར་རྩ་དེ།

འདོམས་ཀྱི་ཕོ་བྲང་ན།

བདེ་སྐྱིད་ཀྱི་རླུང་རྟ་སྤུར་ཞིང་།

རྗེ་བོ་ཞིག་བྱས་ན་འདོད།

ལོ་རྒྱུས་སྟེང་རྐང་གཉིས་ཀྱི་མཚན་གཞི་བཀོད་ནས།

ད་དུང་རང་རྐྱ་ཕེར་བའི་དྲན་པའི་ཀ་བ་ཞིག་འཛུགས་མ་ཕོག

ཁག་མེད་དེ།

ནུབ་བྱང་ཁུལ་ན།

རླུང་ཙག་རྒོད་པས།

གཅེར་བུ་ལྟར་ཇི།

ནོར་ལྤགས་གྱོན་ནས་འཁུམ་ཡོད།

     བརྩེ་བའི་ཁྲག་རྩ་ཞིག་ནང་།

དྲན་པའི་བླ་སྲོག་སྒྱུ་བས།

སྙིང་གི་འཕར་ལྡིང་བཞག་མ་ནུས།

   ངས་ད་དུང་སྔར་བཞིན་དམིགས་འདུན་བཟུང་ནས།

ལྷོད་དུ་འབབ་མི་ཐུབ་པའི་གདུང་སྲེད་སློང་ཡང་།

གཏམ་རྒྱུད་མཇུག་མ་རྫོགས་བར།

འདོད་པ་མི་སྐོང་ངོ།།

འཆི་རིན་ནོ་ཞེས་ངུ་ངག་མ་ཐོན་བར།

འདོད་པ་མི་སྐོང་།

  སྙིང་གི་འཕར་ལྡིང་ཇི་ལྟར་ཆེ་ཡང་།

སྐོང་ཐབས་བྲལ།

སྙིང་།

ཁྱེད་ཁོ་ནས་དབང་བསྒྱུར་བྱེད་དུས་ཤིན་ཏུ་གཟུགས་གཟེར་ཆེ།

སྙིང་།

དོན་དངོས་ཐོག་ངའི་བྲང་ཁོག་ནས་ལྡིང་བ་མ་ཡིན་བར།

ཁྱེད་ཀྱི་སྟེང་དུ་འཕར་བཞིན་འདུག

དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.