ཟིན་བྲིས་ལི་ཐོ།
<<  < 2021 - >  >>
1234567
891011121314
15161718192021
22232425262728
293031
སྤྱི་བསྒྲགས།

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 6
  • དཔྱད་བརྗོད། 16
  • ཆེམས། 0
  • ཀློག་གྲངས། 4528


 
ངའི་གཅེས་པའི་གྲྭ་ས།
[ 2011/5/13 23:13:00 | By: smngyal ]
 

མཁྱེན་ནོ།  ། མཁྱེན་ནོ།  བསྟན་པའི་སྲོག་འཛིན་ ༧ རྒྱལ་བ་སྨན་རི་བ་མཁྱེན་ནོ། 

སྤྲོ་དགའི་དད་པའི་ཐལ་མོ་སྦྱར་ཏེ།  ཡ་ཆུང་མགྲིན་པའི་གསེང་ནས་བཏོན་པའི་རྟོག་སད་ཀྱི་སྤྲོ་དགའི་གླུ་དབྱངས་ལེན་འདོད་པ་ནི་གཅེས་པའི་གྲྭ་ས་ཡིན། མདུན་བསྐྱོད། འཕེལ་རྒྱས། བྲེལ་ཟིང་ངང་འཁོར་བའི་ཡངས་པའི་གོ་ལའི་ཐོག་ཏུ། རང་དབང་གི་བསམ་ཡོད་ཀྱི་མི་བུ་ཞིག་ཡིན་ཚུན། བཙལ་དགོས་པ་ནི། དོན་ཡོད་ཀྱི་མི་ཚེ་བསྐྱེལ་བའི་ཐབས་ཤེས་དེ་ཡིན་ལ་། བརླག་དགོས་པ་ནི། ཧང་སང་དགོས་པའི་ཕྱི་ནང་སྡུག་རྩུབ་ཀྱི་སྤྱོད་ངན་དག་ཡིན་ལ། ཁ་ཕོ་ཤད། མགོ་རྣ་ཅོ། ཀླད་ལ་རྒྱ་དང་།  དབང་མེད་བཙན་ཤེད་ཀྱི་གཉའ་གནོན་མ་ཡིན་པར།  ཁ་ནང་དུ་སྐོར་ནསཞིབ་ མོར་མནོ་བསམ་ཞིག་གཏོང་དགོས་ས་བརྡའ། དེ་ནི་མྱི་ཚེ་གཅིག་གི་སྐྱིད་སྡུག་སྤེལ་བའི་ཐོག་མ་ཡིན་ལ་། ལས་འབྲས་ཀྱིས་འཕོངས་པའི་བསྐོས་ཐང་ཟེར་ནའང་ཆོག  སྔར་གྱི་མི་དང་མི་འདྲ་བ། ལོ་རེ་ནས་ལོ་རེ། དྲན་རྒྱུ་ཇེ་རྒོད། ལས་རྒྱུ་ཇེ་མང་། གཤིས་ཀ་ཇེ་རྩུབ། ལས་སྟངས་ཇེ་བཙོག་སོང་བའི་སྒོར་མོ་དང་། བྲེལ་ཟིང་འགྲན་རྩོད་དབང་གིས་འཁོར་བའི་སྤྱི་ཚོགས་འདིར་།       ཁྲ་ཚུབ་ཚུབ།  དཀར་ལམ་ལམ། དམར་ཁྱུག་ཁྱུག་སོགས་ཀྱིས་གཡོ་སྒྱུས། ཁྲ་ཁྲ། ཟིང་ཟིང་། དམར་དམར་བཅས་ཀྱི་རྔམ་རྫིགས་ངོམ་ནས་། མཐོ་ཟིང་ཟིང་། བྲེལ་ཚུབ་ཚུབ་ཀྱི་སེམས་པ་ནམ་མཁའི་སྒང་དུ་བཅག  མི་ཕྱེད་ལ་ཁ་མི་བསྲེ། ཆུ་ཕྱེད་ལ་ལྷམ་མི་འཕུད་ཟེར་བའི་དཔེ་བཞིན། ཆུ་ལ་རྒྱབ་པའི་སྦ་གཡོག་མི་ལོ་ལས། རྣམ་དཔྱོད་ཡོན་ཏན་དང་རྒྱུ་རྩལ་གོམས་སྲོལ། བཟོ་རྩལ་ལག་ཤེས་སོགས་ཀྱི་ཤེས་རིག་གི་མ་རྩ་ཡེ་ནས་མེད་ཀྱང་། ཨ་སྦོ་དབྱར་རྩ་རྒུན་འབུ་ལ་རེ་བ་རྐྱང་རྐྱང་ནས་བརྒྱབ་ནསམྱི་ཚེའི་དུས་ཚོད་འཕྲོག་བརླགས་གཏོང་བའི་ན་ཆུང་ཚོ་ཡ།  ཨ་ཙི། ཅི་འདྲའི་འགྲོ་སྟངས་གཟན་པོ་ཞིག་རེད་ཨང་།  ད་མི་བཤད་མང་པོ་བཤད་ན། རྙོག་དྲ་ཇེ་ཆེ་རེད། མདོར་ན་བསམ་པ་ཡར་གཏོང་དང་སྐུད་པ་ཡར་འཁེལ་གྱི་དཔེ་རྒྱུན་འཁྱོངས་ཏེ་རིས་སུ་མ་ཆད་པའི་རང་རིགས་ཀྱི་སྤུན་གྲོགས་ཚོ་འཁོར་ཡུག་དང་སྤྱི་ཚོགས་ཀྱི་རྣམ་པ་ཉིན་རེ་བཞིན་ཡར་རྒྱས་འགྲོ་བ་དང་བསྟུན། ཤེས་རིག་ཡོན་ཏན་གྱི་རྨངས་གཞི་ཅི་ནས་ཀྱང་དགོས་གལ་ཆེའོ། །དེ་ནི་ངའི་སྙིང་ཁུངས་རུས་པའི་གཏིང་ནས་ཞུ་འདོད་པའི་གཅེས་པའི་གྲྭ་སའི་ཉམས་མྱོང་གི་སློབ་གསོ་ཟུར་ཙམ་ཡིན།

ཀིའི་ཨ་ལ་་་་་་་ཀི་ཨ་ལ་་་་་་་འོ་བསྐལ་པ་བཟང་བའི་ཉིན་མོ། གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་མོ། ཕྱོགས་བཅུ་རྒྱལ་བ་སྲས་དང་བཅས་པར་གུས་ཕྱག་ཕུལ་ནས་གསོལ་བ་བཏབས། མེ་ཏོག་ཞལ་ཟས་ཡོན་ཆབ་ཀྱི་མཆོད་པ་ཕུལ་ཏེ། མྱི་ཚེ་གཅིག་གིབགྲོད་སྟངས་རིང་མོ་ཕན་བདེ་དང་ཞི་བས་ཡོངས་སུ་ཁེང་པའི་དབུ་འཛུགས་ཏེ།  སྔོན་དམར་སེར་གསུམ་གྱི་འདུལ་ཆས་ལུས་ལ་སྤྲས མིག་སྙིང་སྲོག་གསུམ་ལས་གཅེས་པའི་བསླབ་གསུམ་བསྟན་པའི་སྲོག་ཤིང་རྩ་བཞིའི་སྡོམ་ཁྲིམས་ལ་སོགས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ངོ་བོ་གཅིག་ཏུ་བསྡུས་པའི་མཁན་སློབ་ལོ་ཙཱའི་དཔང་པོའི་དྲུང་ནས་དར་དཀར་ཉག་ཐག་མུ་ཏིག་རྩ་ལ་བརྒྱུད་པར་སྡོམས་རྒྱུད་བྱིན་རླབས་ཀྱི་དངོས་གྲུབ་ཞུ་ལེན་གནང་། དེ་ནས་རང་སེམས་ཞི་བའི་ལྡེ་མིག་ལག་ཏུ་བླངས་པ་ནས་བཟུང་། ལྟོ་གོས་དང་མགོ་རྣ་ཙམ་ལ་དབུ་མི་འཁོར་བ་ལུས་སེམས་སྡུག་བསྔལ་འཁོར་བའི་ཁྲོད་ནས་གཅེས་པའི་གྲྭ་སར་འགྲོ་བའི་སྟ་གོན་ཡོངས་སུ་ཚང་ཚར་དུས་། གཅེས་པའི་གྲྭ་སའམ། བཙུན་པའི་བོན་གྲལ་འགྲོ་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཡིན་ཏེ།  བསླབ་པ་གསུམ་དང་སྡེ་སྣོད་གསུམ་ལ་འཆད་ཉན་དང་བལྟ་རྟོག་གང་འདྲ་དགོས་མིན་གྱི་སློབ་སྡོམ་གྱི་གདམས་ཁྲིད་གནད་དུ་བསྣུན་ནས་ཉམས་བཞེས་དགོས་པ་ནི་ཅིས་ཀྱང་གལ་ཆེ་བར་སྙམས། ལུང་ལས། མ་རྟོགས་སེམས་ཅན་ཚིག་མ་ཁྲིད་ན། མུན་པའི་འཛུབ་གཡུག་སྟོན་པའི་བརྡ་མི་འཕྲོད། ཅེས་གསུང་པའི་ཕྱིར། དེས་ན། ནང་བསྟན་རྣམ་དཔྱོད་མཚོ་མོའི་རླབས་ཀྱིས། ཕན་བདེ་བྱམས་བརྩེ་བསྟེར་བའི་དགེ་རྒན་དམ་པའི། ཉིན་རེ་བཞིན་འགྲིག་རིམ་གྱི་སློབ་ཁྲིད་གནང་གི་རེད་། འཚམས་འཚམས་སུ། སྔོན་བྱོན་དམ་པའི་རྣམས་ཐར་གསུང་གསུང་གི་རེད་ལ། སྐབས་སྐབས་སུ། བསྟན་པའི་མཛད་ཕྲིན་སྐྱོང་སྟངས་དང་སྤྱི་ཚོགས་ལ་སྨན་པའི་ཞི་བདེའི་ལམ་བཟང་བསྐྱོང་ཚུལ་ཡང་གསུང་གི་འདུག་དེ་དག་ཚང་མ་ང་ཚོའི་གྲྭ་སའི་དུས་ཚོད་ནང་སྐོར་ར་འཁོར་བའི་རླབས་ཆེན་གྱི་གཟི་བརྗིད་ཡིན།

དེས་མི་ཚད། ནང་བསྟན་སྲོལ་འབྱེད་ཐམས་ཅད་མཁྱེན་པ་གཤེན་རྒྱལ་སྟོན་པའི་གསུང་གི་བསྟན་པ་རིན་པོ་ཆེ་རྗེས་སུ་འཛིན་པའི་འཛམ་གླིང་མཁས་པའི་རྒྱན་དྲུག། ལོ་པན་མཁས་པ་མི་བཞི། ཕྱིས་སུ་རྗེ་མཁས་གྲུབ་ཡབ་སྲས་སོགས་ཀྱི་རྗེས་སུ་བཞག་པའི་བསྟན་པའི་སྙིང་པོ། མདོ་སྔགས་སེམས་གསུམ་གྱི་བདག་ཉིད་འཕྲུལ་ངག་གསུང་གི་བོན་འདི་ལ་འཆད་པ་རྩོད་པ་རྩོམ་པ་སོགས་ཀྱི་སྐལ་བ་སྨིན་དུས། དངོས་གནས་དྲང་གནས་གི་བོན་གྱི་ལྷ་ངོ་མ་དེ་ཞལ་འཇལ་བའི་དགའ་སྤྲོ་ཐུབ་གི་རེད། དེ་ལྟར་ཡིན་དུས་ང་ཚོའི་ཅི་ནས་ཀྱང་སངས་རྒྱས་བསྟན་པའི་རྗེས་འཛིན་རྣམས་ཀྱི་ལྐུགས་པ་ཁ་འབྱེད་འཕྲུལ་ངག་བོན་རིན་པོ་ཆེ་འདི་ལ་བལྟ་སྦྱོང་འཚོལ་སྙེགས་བྱེད་དགོས་ཞེས་གཅེས་པའི་གྲྭ་སའི་ཡང་སྙིང་བསྒྱུར་དུ་མི་གཏུབས་པའི་གཤིས་ཀའམདོན་ངོ་མོ་ཕན་བདེའི་ཕྱུག་པའི་གྲྭ་སའི་ཡོན་ཏན་ཡིན།

མདོ་མེད་ལེ་ལོའི་ཉུར་བའི་གྲྭ་རྐྱང་ངས། །

མདོ་འཛིན་རྒྱལ་བ་སྨན་རིའི་རིང་ལུགས་བཞིན། །

མདོ་ཡོད་མི་ཚེ་འཕྲོ་བརླགས་མ་སོང་བར། །

མདོ་རྩ་བསླབ་གསུམ་གནས་པའི་དམ་བཅའ་ཡོད། །

 
 
Re:ངའི་གཅེས་པའི་གྲྭ་ས།
[ 2011/10/28 14:36:01 | By: སྐུ་མགྲོན་128Kbn(སྐུ་མགྲོན) ]
 
སྐུ་མགྲོན་128Kbn(སྐུ་མགྲོན)གཅེས་པར་འོས་པའི་གྲྭ་སར་གཅེས་པར་འོས་པའི་མི་ཚེའི་དོན་སྙིང་སྐོར་ལ་རྗེས་དྲན་བྱེད་པ་དང་དོན་དག་གླེང་བ་ལ་ཤིན་ཏུ་བཀའ་དྲིན་ཆེ་ཞུ།
 
 
Re:ངའི་གཅེས་པའི་གྲྭ་ས།
[ 2011/7/30 14:21:55 | By: སྐུ་མགྲོན་q74Xo0(སྐུ་མགྲོན) ]
 
སྐུ་མགྲོན་q74Xo0(སྐུ་མགྲོན)གཅེས་པའི་གྲྭ་ས་ཅེས་པའི་རྩོམ་ཐུང་འདི་ཤིན་ཏུ་ལེགས་སམ།
མཐོ་སྒང་ནས།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.