ཟིན་བྲིས་ལི་ཐོ།
<<  < 2021 - 10 >  >>
1
2345678
9101112131415
16171819202122
23242526272829
3031
སྤྱི་བསྒྲགས།

ཆེད་སྒྲིག་རྣམ་དབྱེ།
ཟིན་ཐོ་གསར་བ།
དཔྱད་གཏམ་གསར་བ།
ཆེམས་གསར་བ།
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
  • ཟིན་ཐོ། 6
  • དཔྱད་བརྗོད། 16
  • ཆེམས། 0
  • ཀློག་གྲངས། 4529


 
ཁམས་ཆབ་མདོའི་གཞས་མ་ཧམ་ཧོང་གི་ལྷག་བསམ།
[ 2011/10/30 16:06:00 | By: smngyal ]
 

ལང་ཚོའི་མེ་ཏོག་མཐོ་སྒང་ཞིང་ནས་བརྙེས། །

ཤེས་རིག་འདབ་ལག་ནང་སའི་ཡུལ་དུ་རྒྱས། །

བརྗིད་པའི་ཉམས་ལ་སྙན་དབྱངས་བྱུར་བུར་བལྟམས། །

ཆབ་མདོའི་གཞས་མ་ཧམ་ཧོང་ཞེས་སུ་གྲགས། །

ཆུང་ནས་དྲིན་ཆེན་ཨ་མའི་གཅེས་སྐྱོང་དང་། །

ཨ་ཡེས་ལྷག་བསམ་བཟང་པོའི་ཐུགས་ཁུར་ལས། །

རྒྱལ་ནང་གང་སར་མཚན་སྙན་འབར་བཞིན་པའི། །

ཆབ་མདོའི་གཞས་མ་ཧམ་ཧོང་ཞེས་སུ་གྲགས། །

དབུན་ཁྲོན་རང་བྱུང་འབྱུང་ཆགས་རྐྱེན་འཕྲད་ནས། །

ཚེ་སྲོག་དུ་མར་གནོད་འཚེའི་སྡུག་གྱར་ཚེ། །

གཞན་ཕན་བསམ་བཟང་རོགས་སྐྱོབ་གཏོང་ཕོད་ཅན། །

ཆབ་མདོའི་གཞས་མ་ཧམ་ཧོང་ཞེས་སུ་གྲགས། །

བཞི་གཅིག་བཞི་ཡིས་ཡུལ་ཤུལ་མི་དམངས་རྣམས། །

མྱ་ངན་འབོད་སྒྲ་དིར་དིར་སྒྲོག་པའི་སྐབས། །

རྒྱལ་དམངས་ཡོངས་ནས་ཕྱག་ཟུང་རིང་སྐྱོང་སྐབས། །

ཟོལ་མེད་སེམས་པའི་རྒྱུ་འབྱོར་རོགས་སྐྱོབ་མཁན། །

ཆབ་མདོའི་གཞས་མ་ཧམ་ཧོང་ཞེས་སུ་གྲགས། །

སྟོང་ལོར་བཅུ་པའི་འཛུམས་ཀྱིས་བསུ་བའི་སྐབས། །

གཞན་ཕན་ཚོགས་པར་ས་མཐོར་རྡོག་ཐོན་ཏེ། །

ལོང་མིག་ཕྱེས་ཞིང་སློབ་གྲྭར་རོགས་སྐྱོབ་སོགས། །

རིན་མེད་སེམས་བཟང་བྱམས་བརྩེའི་དཔལ་འབར་བ། །

ཆབ་མདོའི་གཞས་མ་ཧམ་ཧོང་ཞེས་སུ་གྲགས། །

མདོར་ན་རྒན་བཀུར་གཞོན་གཅེས་སྤྱོད་པ་ཡིས། །

ཡ་རབས་མེས་པོའི་ལུགས་སྲོལ་རྗེས་སུ་འཛིན། །

འཕེལ་རྒྱས་ཆེ་བའི་ཤར་གྱི་ཡ་གླིང་དུ། །

ཚངས་དབྱངས་སྲས་མོའི་རྒྱུད་འཛིན་ཕུལ་བྱུང་བ། །

ཆབ་མདོའི་གཞས་མ་ཧམ་ཧོང་ཞེས་སུ་གྲགས། །

ས་སྟེང་གང་སར་མཚན་སྙན་དཔལ་འབར་བའི། །

དཔལ་འབྱོར་ཆེ་བའི་འབྱོར་ལྡན་མང་ན་ཡང་། །

གཏོང་ཕོད་ཅན་གྱི་སེམས་བཟང་འོད་འཕྲོས་ཚེ། །

དགའ་བསུ་བསྟོད་ཚིག་རོལ་མོ་ཅིས་མི་འཁྲོལ། །

བཟོ་བཅོས་མིན་པའི་ཕྱི་ཡི་ཀུན་སྤྱོད་དང་། །

གཞན་ལ་བརྩེ་བའི་བྱམས་སེམས་ལྡན་གྱུར་ན། །

ཁྱེད་ཉིད་ཡ་རབས་དམ་པའི་རྗེས་འཛིན་འོས། །

འདིས་མཚོན་གཤིས་བཟང་ཕྱུག་པའི་སྐྱེས་བུ་གང་། །

ས་ཕྱོགས་གང་དང་གང་སར་ཕྱིན་ན་ཡང་། །

ལས་དང་སྨོན་ལམ་དབང་གིས་མཐུ་དཔལ་གྱིས། །

ཁ་དགེ་བཀྲ་ཤིས་གཡང་གི་སྨོན་པའོ། །

 
 
རྩོམ་ཡིག་འདི་གཤམ་གྱི་ཚོགས་མིས་ལེགས་འདེམས་བྱས་ཟིན།
Re:ཁམས་ཆབ་མདོའི་གཞས་མ་ཧམ་ཧོང་གི་ལྷག་བསམ།
[ 2011/10/30 21:14:56 | By: སྐུ་མགྲོན་HLCo26(སྐུ་མགྲོན) ]
 
སྐུ་མགྲོན་HLCo26(སྐུ་མགྲོན)བཀྲིས་བདེ་ལེགས་ཞུ་། དཔེ་སྙན་རྩོམ་ཡག་པོ་བྲིས་འདུག ཉག་འབྲུག་ལྷ་ནས།
 
 
Re:ཁམས་ཆབ་མདོའི་གཞས་མ་ཧམ་ཧོང་གི་ལྷག་བསམ།
[ 2011/10/30 20:36:37 | By: danzengyixi ]
 
danzengyixi



རེད་རེད། ཡག་པོ་བྲིས་འདུག གླུ་མ་འདི་ངོ་མ་ཡག་པོ་ཡོད་འདུག
གོས་ཐོས་སུ་སྤྱི་ཟླ་བདུན་པའི་ནང་མོ་རང་ཕ་ཡུལ་ཆབ་མདོ་རུ་ཡོང་ ནས་དཔལ་འབྱོར་འཛུགས་སྐྲུན་སོགས་རོགས་གང་མང་གནང་བ་དང་། མི་དམངས་སྨན་ནས་སྨན་པ་ཁ་ཤས་པེ་ཅིང་དུ་སློབ་སྦྱོང་དུ་ཁྲིད་ནས་འགྲོ་སོང་ཚང་མ་མོ་རང་གི་ཐག་གཅོད་བྱས་ཡོད་འདུག ད་དུང་ཤང་གྲོང་ཁག་གི་འཕྲོད་བརྟེན་ཁང་ལ་བརྙན་ཕྲིན་རེ་དང་རྒྱུན་གཏན་མི་ཚོས་འཕྲོད་བརྟེན་བྱ་ཚུལ་ནད་བརྟག་བཅོས་བྱེད་ཚུལ་གྱི་ འོད་སྡེར་མང་པོ་གནང་འདུག་པ་མིག་མཐོང་ལག་ཟིན་ཡིན།
འདི་ལྟ་བུའི་མི་བུ་དག་བྱ་བ་ལམ་འགྲོ་དང་གང་བསམ་ལྷུན་གྱི་འགྲུབ་པའི་སྨོན་འདུན་ཞུ་ཞུ། །
ལྷ་གཡག་དར་མས།
 
 
Re:ཁམས་ཆབ་མདོའི་གཞས་མ་ཧམ་ཧོང་གི་ལྷག་བསམ།
[ 2011/10/30 19:14:57 | By: སྐུ་མགྲོན་qvl8PC(སྐུ་མགྲོན) ]
 
སྐུ་མགྲོན་qvl8PC(སྐུ་མགྲོན)རྩོམ་དང་དག་ཆ་ལ་ཉམས་འཇོག་ཡག་པོ་གནང་འདུག ཡར་རྒྱས་རེད།
 
 
དཔྱད་གཏམ་སྤེལ་བ།
粗体 斜体 下划线 插入引用 插入表情
Powered by Oblog.