ཟིན་བྲིས་ལི་ཐོ།
སྒྲིག་འཇུག...
སྤྱི་བསྒྲགས།
སྒྲིག་འཇུག...
ཆེད་སྒྲིག་རྣམ་དབྱེ།
སྒྲིག་འཇུག...
ཟིན་ཐོ་གསར་བ།
སྒྲིག་འཇུག...
དཔྱད་གཏམ་གསར་བ།
སྒྲིག་འཇུག...
ཆེམས་གསར་བ།
སྒྲིག་འཇུག...
འཚོལ་བཤེར།
སྦྲེལ་མཐུད།
ཐོན་བྲིས་སྤྱི་བསྡོམས།
སྒྲིག་འཇུག...


 
གནའ་བོའི་སྣང་སྲིད་ཀྱི་བྱུང་བརྗོད་གཡུང་དྲུང་དགའ་འཁྱིལ་མ། 
[ 2011/10/25 12:37:00 | By: smngyal ]
 

སྲིད་པའི་མྱི་རྣམས་མ་བྱུང་གོང་དུ་ཕྱི་སྣོད་འདི་ཡི་ཐོག་མ་སྟེ། །

སྲིད་པའི་གྲུབ་གཞི་འབྱུང་ལྔ་ཆེན་པོ་ནར་མར་བྱུང་བའི་ཤེས་རྟོགས་ཞིག

སྲིད་པའི་བྱུང་བརྗོད་རགས་རིམ་ཙམ་ཞིག་མི་འགྱུར་གཡུང་དྲུང་དགའ་འཁྱིལ་མ། །

སྲིད་པའི་མི་ལ་དྲན་གསོའི་སླད་དུ་ཀུན་རྟོག་ཞིག་གི་འདི་ལྟར་འབྲི། །

ཕྱྭ་དང་དབང་གིས་རྟོག་བཟོ་མ་བྱས་འགྲོ་བ་མི་རྣམས་མ་གྲུབ་གོང་། །
སྟོང་ཡངས་འབྱམས་ཀླས་འབྱུང་ལྔའི་དྭངས་མ་རླན་བསྲེཊ་གཡོ་སོཊ་འཁྲུཊ་པ་ལས། །

སྤྱི་མཐུན་ལས་དབང་ཤུཊ་ཀྱིས་བརྡོལ་བའི་ཡང་ཞིང་གཡོ་བས་རླུང་རྫས་འདུས། །

བསཊ་རྡུལ་དེ་ཉིད་སྟོབས་ཤུགས་རྒྱས་པའི་ཚ་ཞིང་བསྲེཊ་པའི་རྡུལ་ཆུང་གྲུབ། །

བསྲེཊ་རྡུལ་སྐྱེ་འཕེལ་དྭངས་མའི་འོབ་ལས་རླན་ཞིང་བཤེར་བའི་ཆུ་རྫས་བསོགས། །

རླན་ནུས་བཤེར་བའི་སྐྱེ་ཚན་ཤུཊ་ཀྱིས་སྲ་ཞིང་འཁྲེགས་པའི་ས་རྡུལ་ཆགས། །

དྭངས་མའི་རྡུལ་རྫས་དུ་མ་འདུས་པའི་འབྱུང་ཆེན་ལྔ་པོ་རིམ་པར་བརྩེགས། །

འབྱུང་ལྔའི་སྐྱེ་འཕེལ་རགས་པའི་སྟོབས་ལས་ཕྱི་སྣོད་སྲིད་པའི་ཞག་ཆགས་ཏེ། །

གནས་གཞི་བརྟན་པའི་གཞི་མ་ཆེན་མོ་འབྱུང་བ་ས་ཡི་འཁྲུངས་ས་བརྙེས། །

དེ་སྟེང་རིན་ཆེན་དྲང་མ་སྤུངས་པའི་ཡངས་ཞིང་ཀླས་པའི་ཞིང་ས་རུ། །

འདབས་ལྡན་འབྲས་བཟང་སྔོ་ལོ་ལྡེམ་པས་དཔག་བསམ་ཤིང་གི་རྩ་བར་ཟུག །

ཤར་དང་ལྷོ་དབུས་ནུབ་བྱང་ཞེས་པའི་བརྡའ་ཆད་ཐོག་མའི་གཏམ་རྒྱུད་ལས། །

གླིང་བཞི་སྲིད་པ་ཐོག་མ་ཆགས་ཏེ་དབྱིབས་ཟླུམ་གྲུ་བཞིའི་དཔེ་དབྱིབས་བྱས། །

དེ་ཡི་ཕྱི་རིམ་གླིང་བཞི་གླིང་ཕྲན་རི་བདུན་རོལ་མཚོའི་ཁོར་ཡུག་ཆགས། །

སྟེང་དུ་གཟའ་སྐར་ཉི་ཟླའི་འཁོར་བསྐྱོད་སྲིད་པའི་སྤྱི་འགྲོས་གཡས་སུ་འཁོར། །

བར་དུ་བཀྲ་ཤིས་ཕུན་སུམ་ཚོགས་པའི་ལྷ་ཡི་གསས་ཁང་རྔམ་བརྗིད་འབར། །

འོག་ཏུ་འབྱུང་ལྔ་ཡས་མར་རིམ་བརྩེགས་ལོངས་སྤྱོད་ལྡན་པའི་ཡང་ཐོག་ཏུ། །

སྤྱི་མཐུན་སྲིད་པའི་ལས་དང་རྟེན་འབྲེལ་ལྷོ་གླིང་སྲིད་པའི་གླིང་ཆེན་ཟླུམ། །

དེ་སྟེང་འབྱུང་ལྔའི་དྭངས་མ་ལས་གྲུབ་ཡབ་མྱེས་སྲིད་སྒོང་དཀར་ནག་གཉིས། །

སྒོང་རྒྱ་རལ་བས་ཡོད་ཁམས་སྲིད་པ་མེད་ཁམས་སྟོང་པས་གྲོལ་ཕུགས་བྱས། །

ལྷོ་རྒྱལ་འཛམ་གླིང་སྲིད་པ་འདི་ཡི་ཕན་གནོད་གཉིས་ཀྱི་ལྷ་བདུད་སྲིད། །

ལེགས་ཉེས་བདེ་སྡུག་སྟོབས་ལས་བྱུང་བའི་བཟང་དང་ངན་པའི་རྣམ་པར་བཞག

སངས་པོ་ཡབ་དང་ཆུ་ལྕམ་ཡུམ་གཉིས་ཐབས་ཤེས་ཟུང་གི་འཕྲོ་འདུ་ལས། །

ཕོ་དགུ་མོ་དགུ་ལྕམ་དྲལ་བཅོ་བརྒྱད་ཡབ་མྱེས་རྒན་པོའི་སྲིད་པ་ཆགས། །

བཅོ་བརྒྱད་དྲལ་བུའི་དབྱར་དགུན་སྟོན་དཔྱིད་ནམ་ཟླའི་འགྲོས་ཀྱི་རྒྱལ་བོ་བྱས། །

བཅོ་བརྒྱད་ལྕམ་མོའི་བཅུ་གཉིས་ལོ་ཡི་མཚན་ཅན་འཆང་བའི་བག་མ་ཡིས། །

བཅུ་གཉིས་ལོ་སྐོར་བདག་མོ་བྱས་ཏེ་ལོ་རྒན་དྲུག་བཅུའི་སྐོར་མགོ་ཚུགས། །

ས་ལ་ས་བདག་ཆུ་ལ་ཆུ་བདག་ཀླུ་གཉན་རིགས་སོགས་སྲིད་པ་ལས། །

གནས་གཞི་བརྟན་ལ་མཁའ་དབུག་གཙང་བའི་ཕྱི་སྣོད་འདི་ལ་གཅེས་པར་འཛིན། །

སྐོས་རྗེ་དྲངས་དཀར་སྐོས་ཀྱི་ཉི་མ་ཡབ་ཡུམ་མཚལ་གྱི་བཤོས་པ་ལས། །

སྲིད་པའི་ལྕམ་དྲལ་བཅུ་དྲུག་བྱུང་བའི་གནའ་མའི་འགྲོ་བ་ཁ་ལོ་བསྒྱུར། །

མ་ཧ་ཕྱྭ་རྗེ་འབྲང་དཀར་ཆེན་མོ་སྐྱེ་འཛིན་འཕྲུལ་རྒྱལ་ལྷན་དུ་རོལ། །

ཕྱྭ་ལ་ལྕམ་དྲལ་བརྒྱད་དུ་འཁྲུངས་པའི་ཕྱྭ་སྲིད་སྐོས་ཀྱི་མཛད་པ་གཉེར། །

གནམ་ཕྱི་གུང་རྒྱལ་གནམ་གྱི་ལྷ་རྒོད་ཟུང་གཅིག་བཤོས་པའི་སྲས་འཁྲུངས་པ། །

དབལ་གྱད་སྤར་མའི་སྡེ་དགུ་ཚོགས་ཀྱི་སྨན་རྩི་ལྷ་ཡི་མངའ་དབང་མཛད། །

མེ་ལྕེ་གྱེན་འགྲོ་ཆུ་ལྕེ་ཐུར་འགྲོ་བྱེད་པའི་རྩོལ་བ་བལྟོས་མ་བལྟོས། །

འགྲེང་དང་ཁ་སྦུབ་འཕྲད་ཉལ་རང་བཞིན་ཚུལ་མཐུན་སྲིད་པའི་སྤྱི་འགྲོས་རྣམས། །

ཤེས་བྱའི་ཁམས་ཀྱི་གནས་ལུགས་ལ་སོགས་ཚང་ལ་མ་ནོར་རྣམ་པར་བཞག །

འདོད་པ་འཇོ་བའི་དཔག་བསམ་ཤིང་རྩེར་སྲིད་པའི་བྱ་རྒྱལ་ཁྱུང་ཆེན་འཚོ། །

སྔོན་མའི་ལས་འཕོངས་སྲིད་པའི་འགྲོ་རྣམས་རྒྱུ་ལྔའི་དབང་གིད་གནས་དེ་རུ། །

དམྱལ་བ་ཡི་དྭགས་བྱོང་སོང་ལྷ་མི་མ་དག་སྲིད་པའི་བཀོད་པ་བྱས། །

དྲོད་དང་མངལ་སྐྱེས་སྐྱེ་བཞི་ལ་སོགས་རིགད་དྲུག་ཁོངས་སུ་རིམ་གྱིས་བསྡུས། །

ཆགས་འཇིག་བསྐལ་སོགས་ཚེ་ཚད་མ་ངེས་འཁོར་བུ་ཆུང་སོགས་བསྐལ་པ་གྲུབ། །

ལྟ་ལོག་མུ་སྟེགས་སུམ་ཉི་སུན་ཕྱིར་སྲིད་དང་བསྐལ་སོགས་མ་འདྲེས་བསྟན། །

ལས་བསགས་ཉོན་མོངས་རྒྱུ་རྐྱེན་དབང་གིས་ཚེ་ཚད་གནས་རིས་དེར་མ་ངེས། །

དཔག་མེད་ཚེ་ནས་བཅུ་པའི་བར་གྱི་ནང་བཅུད་འགྲོ་བའི་སྐྱེ་མགོ་ཚུགས། །

ཏིང་འཛིན་འཚོ་བ་ལོངས་སུ་སྤྱོད་ནས་བཀྲེས་དང་སྐོམ་པའི་སྡུག་བསྔལ་མེད། །

འབུམ་ལ་ལོན་དུས་སྲིད་པའི་འགྲོས་བཞིན་གཉེན་སྟོན་རྟེན་འབྲེལ་བསྒྲིགས་མགོ་ཚུགས། །

རྣམ་སྲས་མཛོད་བཞིན་དགོས་རྒུ་ཚང་བའི་ཚེ་ལོ་འབུམ་པའི་རྣམ་ཐར་བྲིས། །

དུས་ནས་ལོ་སོང་དགོས་རྒུ་མང་བའི་ཉོན་མོའི་རྒྱས་པའི་དན་རྟགས་སུ། །

ཡུལ་དང་མཁར་སོགས་བདག་དབང་བྱས་ཏེ་ལོ་ཏོག་འབྲས་ལ་ལོངས་སྤྱོད་དེ། །

ཚེ་ལོ་ལྔ་བརྒྱ་ལོན་པའི་དུས་ན་གཉེན་སྲིད་སྟོན་མོའི་མཛད་སྒོ་སྤེལ། །

བསོད་ནམས་དབང་ཐང་མར་མར་བྲི་བས་མི་རྣམས་དུག་ལྔའི་འཕེལ་ཁ་རྒྱས། །

རྫུ་འཕྲུལ་ལྡན་པའི་གཤེན་པོ་བཞི་ཡིས་འགྲོ་བ་རང་མཐུན་གདུལ་བྱ་དྲངས། །

གདུལ་བྱ་འདུལ་བྱེད་སྐྱབས་གནས་ལ་སོགས་སྟོན་པ་རབས་དགུའི་རིམ་བཞིན་ཕེབས། །

བརྒྱ་པའི་དུས་སུ་ཐོད་དཀར་སྲས་པོ་གཤེན་རབ་མི་བོའི་འགྲོ་དོན་བྱས། །

བཅུ་གཉིས་མཛད་པའི་ཁ་ལོ་བསྒྱུར་ཏེ་གདུལ་བྱའི་མི་ལ་བློ་ཚོད་བསྟུན། །

བརྒྱད་ཁྲི་བཞི་སྟོང་ཐེག་པ་རིམ་དགུ་སྒོ་བཞི་མཛོད་ཕྱུག་གཡུང་དྲུང་བོན། །

འོལ་གླིང་ཞིང་དུ་བསྟན་པ་སྤེལ་ནས་ཏ་ཟིག་ཞང་བོད་དཀར་ནག་ཏུ། །

རྒྱན་དྲུག་ལ་སོགས་ལོ་ཙཱ་དུ་མའི་སྐད་རིགས་མི་འདྲ་རིམ་པར་བསྒྱུར། །

འདི་ནས་ཡར་བརྩིས་མི་ལོ་གཅིག་ཁྲི་བརྒྱད་སྟོང་གོང་གི་ཡར་སྔོན་དུ། །

བསྐལ་བ་ས་ལ་ཆགས་པའི་ཚུལ་དང་སྲིད་པ་གདན་ལ་འཁོད་ཚུལ་སོགས། །

ཕྱོགས་བཞི་ཤར་ནུབ་རིག་པའི་རྣམ་བཞག་མང་དུ་བཤད་པ་ཡོད་ནའང་། །

རྩ་བའི་འདུས་གཞི་ཆུ་མགོ་གངས་བཞིན་ཡ་ཐོག་གནའ་བོའི་ཤེས་རིག་སྟེ། །

སྲིད་པའི་མཛོད་སོགས་གནའ་བོའི་བོན་གྱི་ཡིག་རྙིང་ལས་བྱུང་ཇི་བཞིན་དུ། །

གསལ་འདེབས་ཟིན་ཐོའི་དྲན་རྟེན་ཕྱིར་དུ་མི་འགྱུར་སེམས་ཀྱི་རི་མོ་འདི། །

རང་རིག་བློ་གསལ་གཞོན་ནུ་ཚོགས་ལ་བློ་བསྐྱེད་གསར་པའི་འཛུམས་མདངས་ཡིན། །

གནའ་དེང་རིག་པའི་རྣམ་བཞག་བཤད་ཚེ་ཧེ་ལིན་གཡམ་རྒྱུགས་དགོས་དོན་མེད། །

ཡ་ཐོག་བོད་མིའི་ཤེས་རིག་གླེང་ཚེ་ཕྱི་གླིང་སྒོ་སོགས་བསྟུན་མི་དགོས། །

དྲང་པོར་སྨྲ་བའི་དཔང་རྟགས་ཡོད་བཞིན་བདེན་པ་གནས་ལུགས་ཅིས་མི་འཚོལ། །

བདེན་པ་གཙོ་ཕྱིར་དྲང་ལམ་བསྲོང་ཏེ་དབུ་མའི་ལམ་ནས་སྨྲས་དགོས་སོ། །

ཤེས་རབ་ཅན་གྱི་བློ་གསལ་གཞོན་ནུའི་གནའ་བོའི་གཞུང་ལ་ཁ་ཕྱོགས་ཏེ། །

དུས་བསྟུན་མདུན་བསྐྱོད་ཐབས་ཤེས་ཟུང་གི་གོ་ལའི་ཐོག་ཏུ་ཁྱབ་བསྒྲགས་དགོས། །

སྤོབས་སེམས་ཅན་གྱི་ཤེས་རབ་ཅན་སོགས་ནུས་ཤུགས་ཡོད་རྒུ་གཅིག་བསྒྲིལ་ཚེ། །

ཞང་ཞུང་བོད་ཀྱི་ཤེས་རིག་ཆེན་མོ་རྗེས་སུ་འཛིན་མཁས་ཡོང་ངེས་པའི་། །

ཕུགས་ཐག་རིང་བའི་གནས་ལུགས་འདི་རྣམས་དར་ཞིང་རྒྱས་པར་སྨོན་པའོ། །

 
 
Re:གནའ་བོའི་སྣང་སྲིད་ཀྱི་བྱུང་བརྗོད་གཡུང་དྲུང་དགའ་འཁྱིལ་མ།
[ 2011/11/3 21:21:07 | By: སྐུ་མགྲོན་NSJu48(སྐུ་མགྲོན) ]
 
སྐུ་མགྲོན་NSJu48(སྐུ་མགྲོན)དོན་ཐོག་ཁེལ་བའི་རྩོམ་ཡག་པོ་ཞིག་བྲིས་འདུག
བཀྲ་ཤིས་བདེ་ལེགས་ཞུ། དྲུང་ཤེལ་ནས།
 
 
Re:གནའ་བོའི་སྣང་སྲིད་ཀྱི་བྱུང་བརྗོད་གཡུང་དྲུང་དགའ་འཁྱིལ་མ།
[ 2011/11/3 19:56:31 | By: སྐུ་མགྲོན་qul8OC(སྐུ་མགྲོན) ]
 
སྐུ་མགྲོན་qul8OC(སྐུ་མགྲོན)ལྗང་སྨྱུག་གཡང་རའི་སྣོད་བཅུད་སྐོར་གྱི་རྩོམ་ཐུང་ཀློག་པ་པོ་ཡོངས་ཀྱི་སྤྱན་ལམ་དུ་བསྟར་བ་དཀའ་དྲིན་ཆེ་ཞུ། གུས་ཁྱུང་སྐལ་ཚུལ་ནས།
 
 
Re:གནའ་བོའི་སྣང་སྲིད་ཀྱི་བྱུང་བརྗོད་གཡུང་དྲུང་དགའ་འཁྱིལ་མ།
[ 2011/10/25 19:32:32 | By: smngyal ]
 
smngyalགོང་གི་གྲོགས་པོ་ལགས།
བསམ་ཚུལ་ལྷུག་བརྗོད་གནང་བར་བཀའ་དྲིན་ཆེ། བྲེལ་ཟིང་གིས་རྐྱེན་པས་དུས་ལྟར་དུ་ཞུ་དག་མ་བྱུང་བས་དགོངས་བཞེས་གནང་བར་འཚལ།
 
 
Re:གནའ་བོའི་སྣང་སྲིད་ཀྱི་བྱུང་བརྗོད་གཡུང་དྲུང་དགའ་འཁྱིལ་མ།
[ 2011/10/25 18:33:58 | By: སྐུ་མགྲོན་130Md5(སྐུ་མགྲོན) ]
 
སྐུ་མགྲོན་130Md5(སྐུ་མགྲོན)ལྗང་སྨྱུག་གཡང་གི་ར་བ་སྒོ་བཞི་ཡི། །རྩོམ་གྱི་སྐྱ་མདའ་རྣོན་པོ་མཐའ་ནས་གསལ། །རྟོགས་བརྗོད་གླུ་དབྱངས་རྣ་བའི་དཔྱིད་དུ་དྲངས། །དྲན་པའི་འཁོར་ལོ་འཕྲུལ་ངག་བདེན་པས་ཕྱེས། །ལྟ་བའི་རིམ་པ་ཡོད་མེད་གཉིས་ནས་བརྩམས། །སྤྱོད་པའི་ཐབས་ལམ་སྣང་སྲིད་གཉིས་སྒོར་བསྟུན། །སྒོ་གསུམ་ཟུང་དུ་འཇུག་པའི་ལེགས་སྐྱེས་སུ། །མེས་པོའི་གླེགས་ཧྲུལ་དཀྲུག་པའི་སྡོམ་ཚིག་ཅིག །ཟླུམ་གཟུགས་གོ་ལའི་ཁྱོན་དུ་སྒྲོགས་པ་འདིར། །དགའ་བའི་མེ་ཏོག་སོར་བཅུའི་རྩེ་ནས་བཏེགས། །
ད་དུང་ཞུ་དགོས་པ་ཞིག་ལ་བརྡ་དག་གི་འགྲོས་དང་། ཚིག་བརྗོད་སོགས་ལ་དུས་དང་རྣམ་པ་ཀུན་ཏུ་གཟབ་གནོངས་བར་ཞུ། །
 
 
Re:གནའ་བོའི་སྣང་སྲིད་ཀྱི་བྱུང་བརྗོད་གཡུང་དྲུང་དགའ་འཁྱིལ་མ།
[ 2011/10/25 14:01:38 | By: སྐུ་མགྲོན་Mqh6KX(སྐུ་མགྲོན) ]
 
སྐུ་མགྲོན་Mqh6KX(སྐུ་མགྲོན)斑半︽炒︽扯︽脆︽伴仓罢︽帝罢邦
 
 
དཔྱད་གཏམ་སྤེལ་བ།
སྒྲིག་འཇུག...
Powered by Oblog.